མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་རྒྱལ་ཁབ་ལི་ཐའོ་ནེ་ཡའི་ནང་ཐའེ་ཝན་དོན་གཅོད་ཁང་དངོས་སུ་སྒོ་ཕྱེ་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐའོ་ནེ་ཡ་རུ་ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་དངོས་སུ་སྒོ་ཕྱེ་ཡོད་པའི་ཐད་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་ངོ་རྒོལ་བྱས་ཡོད་པ་རེད།

ཁ་སང་ཕྱི་ཚེས་ ༡༨ ཉིན་ལི་ཐའོ་ནེ་ཡའི་རྒྱལ་ས་ཝིལ་ནེ་སི་ (Vilnius) རུ་ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞིག་དངོས་སུ་དབུ་དབྱེད་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། དོན་གཅོད་ལས་ཁུངས་དེ་ནི་ཐའེ་ཝན་གྱི་མིང་ཐོག་ནས་ཡུ་རོབ་ནང་བཙུགས་པའི་སྐུ་ཚབ་དོན་གཅོད་ཁང་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། དེའི་ཐད་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས་རྒོལ་ལན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ང་ཚོས་ལི་ཐའོ་ནེ་ཡ་ཡིས་གཏན་འབེབས་བྱས་པའི་གནད་དོན་དེར་མོས་མཐུན་རྩ་བ་ནས་མེད་པ་དང་། དེ་ཉིད་འཕྲལ་དུ་བསྒྱུར་བཅོས་བྱ་དགོས་པ་ལས། རྒྱ་ནག་གི་སྲིད་ཇུས་ལ་ཐེ་ཇུས་བྱེད་པ་ནི་ནོར་འཁྲུལ་ཡིན་པ་དང་མཇུག་འབྲས་ངན་པ་ཡོང་སྲིད་པ་སོགས་ཀྱི་ཉེན་བརྡའང་བཏང་ཡོད་པ་རེད།

དེ་འབྲེལ་ཐད་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ལྷན་ཁང་གིས། ཁ་སང་ལི་ཐའོ་ནེ་ཡའི་རྒྱལ་ས་ཝིལ་ནེ་སི་ (Vilnius) རུ་ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་དེ་གཞུང་འབྲེལ་གྱིས་དབུ་འབྱེད་བྱས་ཡོད་པ་དང་།  ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་དེ་ཉིད་ལ་ཊི་ཝ་ཡར་ཡོད་པའི་ཐའེ་ཝན་གྱི་ཕྱི་འབྲེལ་མི་སྣ་(Eric Huang) ལགས་ཀྱིས་སྣེ་འཁྲིད་བྱ་རྒྱུ་ཡིན་པ་རེད། ཅེས་བརྗོད་འདུག

ལི་ཐའོ་ནེ་ཡའི་ཕྱི་སྲིད་བློན་ཆེན་ (Gabrielius Landsbergis) ལགས་ཀྱིས། ང་ཚོས་དམངས་གཙོའི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་གྱི་འབྲེལ་ལམ་འཛུགས་རྒྱུ་ནི་ཡུན་གནས་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད།  རྒྱུ་མཚན་ནི་ཁོང་ཚོ་ཁྲིམས་མཐུན་གྱི་སྒོ་ནས་གནས་ཡོད་པ་དང་ལི་ཐའོ་ནེ་ཡ་རྒྱལ་ཁབ་ཀྱི་མངོན་འདོད་དང་མཐུན་གྱི་ཡོད་པས་ཡིན། ཞེས་བརྗོད་ཡོད་པ་རེད།

Picture taken on November 18 ,2021 shows the name plaque at the Taiwanese Representative Office in Lithuania, Vilnius. – Taipei announced on November 18 ,2021 it had formally opened a de facto embassy in Lithuania using the name Taiwan, a significant diplomatic departure that defied a pressure campaign by Beijing. (Photo by PETRAS MALUKAS / AFP)

ཨེ་རིག་ (Eric Huang) ལགས་ཀྱིས། ང་ཚོ་ནི་ཐའེ་ཝན་དང་ལི་ཐའོ་ནེ་ཡ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་དང་མཐུན་རྐྱེན་སྦྱོར་མཁན་ཞིག་ཏུ་གྱུར་བར་དགའ་སྤོབས་ཆེན་པོ་བྱུང་སོང་། ང་ལ་ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་ཅི་ཡང་བཤད་རྒྱུ་མེད། ལས་ཁུངས་འདི་རྒྱལ་ཁབ་ཀྱི་ཚབ་མཚོན་ཡིན་པའི་ཆ་ནས། ངའི་དོ་སྣང་བྱེད་ཡུལ་ནི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཡུན་གནས་རྒྱུན་མཐུད་ཡོང་རྒྱུ་དེ་ཡིན་སྐོར་སོགས་བརྗོད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༧ པའི་ནང་ལི་ཐའོ་ནེ་ཡའི་རྒྱལ་ཁབ་ཀྱིས་ཐའེ་ཝན་གྱི་གཞུང་ཚབ་ཁང་གསར་འཛུགས་བྱེད་པར་ངོས་ལེན་བྱས་ཡོད་པའི་བསྒྲགས་གཏམ་སྤེལ་རྗེས། པེ་ཅིང་གིས་ལི་ཐའོ་ནེ་ཡའི་ཐག་གཅོད་དེ་ལ་སྐྱོན་བརྗོད་དྲག་པོ་བྱས་ཏེ། རྒྱ་ནག་གི་གཞུང་ཚབ་པ་ལི་ཐའོ་ནེ་ཡ་ནས་ཕྱིར་འཐེན་དང་ལི་ཐའོ་ནེ་ཡའི་གཞུང་ཚབ་པེ་ཅིང་ནས་ཕྱིར་འཐེན་བྱ་དགོས་པའི་གསལ་བསྒྲགས་བྱས་འདུག་ལ། རྒྱ་ནག་ནས་ལི་ཐའོ་ནེ་ཡ་ལ་ཟས་རིགས་དང་ཅ་དངོས་སྐྱེལ་འདྲེན་བྱེད་པར་བཀག་བསྡོམས་བྱས་ཏེ། ཚོང་འབྲེལ་དང་དཔལ་འབྱོར་གྱི་གནོན་ཤུགས་དྲག་པོ་སྤྲད་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཆུ་ཚོད་ ༡ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese