མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ས་རཱ་མཐོ་སློབ་ཏུ་བོད་ཀྱི་ལོ་རྒྱུས་མཁས་པའི་བགྲོ་གླེང་ཐེངས་དང་པོ་བསྡུས།

བོད་ཀྱི་དུས་བབ།
༢༠༢༡/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱལ་སྤྱིའི་རང་བཞིན་གྱི་བོད་ཀྱི་ལོ་རྒྱུས་ཚོགས་ཆེན་ཞིག་སྐོང་འཚོག་ཐུབ་པའི་ཆེད་དུ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་བོད་ཀྱི་ལོ་རྒྱུས་མཁས་པའི་བགྲོ་གླེང་ཐེངས་དང་པོ་ས་རཱ་མཐོ་སློབ་ཏུ་འཚོག་གི་འདུགདེ་རིང་སྔ་དྲོ་ཆུ་ཚོད་ ༩ ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གཉིས་ཐུན་མོང་ནས་ས་རཱ་མཐོ་སློབ་ཏུ་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་གལ་ཆེའི་མི་སྣའི་སྐོར་གྱི་དཔྱད་གླེང་ཞེས་པའི་བོད་ཀྱི་ལོ་རྒྱུས་ཀྱི་མཁས་པའི་བགྲོ་གླེང་ཐེངས་དང་པོ་དེ་འཚོག་བཞིན་འདུག ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་ཚོགས་འདུ་གོ་སྒྲིག་པ་གཉིས་ཐུན་མོང་ནས་ལོ་རྒྱུས་མཁས་དབང་ཇོ་སྲས་བཀྲིས་ཚེ་རིང་ལགས་སུ་རླབས་ཆེན་གྱི་མི་སྣའི་གཟེངས་བསྟོད་དང་ཡི་རང་བསྔགས་བརྗོད་ཀྱི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་སོང་།

མཛད་སྒོའི་ཐོག་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་འདུའི་དགོས་དམིགས་སྐོར་ལ་གཏམ་བཤད་གནང་སྐབས། དེ་རིང་ང་ཚོ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་གོ་སྒྲིག་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་མཐུན་རྐྱེན་སྦྱར་ཏེ། བོད་ཀྱི་ལོ་རྒྱུས་ཀྱི་བགྲོ་གླེང་ཐེངས་དང་པོ་དེ་འཚོགས་ཐུབ་པ་བྱུང་ཡོད་པས། དེ་རིང་འདིར་ཕེབས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་ལོ་རྒྱུས་ཞེས་པ་ནི་མི་རིགས་ཤིག་གི་དྲན་ཐོ་ལྟ་བུ་ཆགས་ཀྱི་ཡོད། མི་རིགས་ཤིག་གི་དར་རྒུད་ཀྱི་ལོ་རྒྱུས་ཁྲོད་ནས་དར་བའི་ལོ་རྒྱུས་བཤད་ན་དགའ་དགོས་པ་དང་། རྒུད་པ་དང་སྐྱོ་བོ་རྣམས་བཤད་དུས་ངུ་དགོས་པའི་ལོ་རྒྱུས་མང་པོ་ཞིག་ཡོད། མི་རིགས་ཤིག་གི་དྲན་ཐོ་མཐའ་དག་ལོ་རྒྱུས་ཀྱི་ཁྲོད་དུ་ཡོད་པས། དེ་ནི་ཧ་ཅང་གི་གལ་ཆེན་དང་སོ་སོའི་ངོ་བོ། རང་གཤིས། རིན་ཐང་། ཉམས་མྱོང་ཚང་མ་ལོ་རྒྱུས་ཀྱི་ཁྲོད་དུ་མཐོང་ཐུབ་པས། ལོ་རྒྱུས་ནི་ཧ་ཅང་གལ་ཆེན་ཡིན་པ་རེད། ལྷག་པར་བོད་མི་རིགས་འདིའི་སོ་སོའི་ལུང་པ་དང་། རྒྱལ་ཁབ་ཤོར་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཉིན་མཚན་དུས་དྲུག་ཏུ་རིག་པ་བསྒྲིམ་ནས། བོད་ཀྱི་ཆོས་དང་རིག་གཞུང་། ལོ་རྒྱུས་སོགས་ལ་འཁྱོག་བཤད་བྱས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་བཟོ་མུས་ཡིན་སྟབས། སོ་སོའི་མི་རིགས་ཀྱི་སྐད་ཡིག་དང་ཆོས་ལུགས། ལོ་རྒྱུས། འབྱུང་ཁུངས་སོགས་ཤེས་རྟོགས་བྱ་རྒྱུ་ནི་ཧ་ཅང་གིས་གལ་ཆེན་ཡིན་པས། ང་ཚོས་དེ་རིང་གི་ཚོགས་འདུ་འདི་གོ་སྒྲིག་བྱས་པ་ཡིན། དེང་རབས་ཀྱི་ཆབ་སྲིད་ཐོག་ནས་བཤད་ན། བོད་རྒྱལ་ཁབ་རང་བཙན་ཡིན་ན། ལོ་རྒྱུས་ཀྱི་ཐོག་ནས་བོད་རྒྱལ་ཁབ་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གྲུབ་དགོས་པ་དང་། དབུ་མའི་ལམ་གྱི་ཐོག་ནས་བཤད་ནའང་བོད་དེ་སྔོན་མ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་གཞི་བཞག་ནས། དབུ་མའི་ལམ་ལ་འགྲོ་དགོས་པ་ཡིན་པས། ལོ་རྒྱུས་ནི་གལ་ཆེན་ཞིག་ཆགས་ཡིན་པར་དམིགས་ནས་ཚོགས་འདུ་འཚོགས་པ་ཡིན། དེ་རིང་གི་ཚོགས་འདུ་དེར་བཙན་བྱོལ་ནང་གི་བོད་ཀྱི་ལོ་རྒྱུས་ཀྱི་མཁས་དབང་ཕལ་མོ་ཞིག་ཕེབས་ཐུབ་ཡོད་སྟབས། ཚོགས་འདུ་འདི་བརྒྱུད་ནས་ལོ་རྒྱུས་ཀྱི་མཁས་དབང་རྣམས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་པས། ཚང་མར་བོད་ཀྱི་ལོ་རྒྱུས་སོགས་ཀྱི་ཐོག་ལ་བག་ཆགས་གཏིང་ཟབ་ཅིག་བཞག་ཐུབ་པ་དང་། ཚོགས་འདུ་བརྒྱུད་ནས་བཙན་བྱོལ་སྤྱི་ཚོགས་སུ་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་སོང་།

བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་གནང་སྐབས། དེ་རིང་བོད་ཀྱི་ལོ་རྒྱུས་ཀྱི་ཚོགས་འདུ་ཐེངས་དང་པོ་འདི་འཚོགས་པའི་དགོས་དམིགས་དེ་མདོར་བསྡུས་ནས་ཞུ་རྒྱུ་ཡིན། བོད་ཀྱི་ལོ་རྒྱུས་ཀྱི་ཚོགས་ཆེན་འདི་འཚོགས་དོན་གཙོ་བོ་ནི་བོད་ཁ་བ་གངས་ཅན་པའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་དགོངས་པ་ཆགས་བསྡད་ཡོད། ༧རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་གིས་ལོ་ཤས་ཀྱི་སྔོན་ལ། རྒྱལ་སྤྱིའི་རང་བཞིན་ཅན་གྱི་བོད་ཀྱི་ལོ་རྒྱུས་ཀྱི་ཚོགས་ཆེན་ཞིག་འཚོག་ཐུབ་ན་དགོས་པ་ཆེན་པོ་ཞིག་ཡོད་པར་གསུངས་ཡོད་པས། གསུངས་དེ་བསྒྲུབ་པའི་ལམ་ཞིག་སྐྲུན་པའི་ཆེད་དུ་བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་པ་ཡིན། ང་ཚོས་ད་ལྟའི་དཀའ་ངལ་དང་མ་འོངས་པའི་ཁ་ཕྱོགས་ལེགས་པར་སེལ་ཐབས་དང་ཤེས་ཆེད་དུ། ལོ་རྒྱུས་ཀྱི་གནས་སྟངས་གསལ་པོ་ཤེས་དགོས་ལ། ལོ་རྒྱུས་ཀྱི་གནས་སྟངས་གསལ་པོ་ཤེས་ཆེད། ལོ་རྒྱུས་ཁྲོད་ཀྱི་མི་སྣ་ངོ་ཤེས་པར་བྱ་རྒྱུ་གལ་ཆེན་ཡིན་ཙང་། བོད་ཀྱི་ལོ་རྒྱུས་ཚོགས་འདུའི་ཁྲོད་ཀྱི་བརྗོད་བྱ་རྣམས་ལོ་རྒྱུས་ནང་གི་གལ་ཆེན་མི་སྣ་རྣམས་ཆགས་ཡོད། ལོ་རྒྱུས་ཁྲོད་ཀྱི་མི་སྣ་ཚོས་བྱས་རྗེས་ག་རེ་བཞག་ཡོད་པ་དང་། ནོར་འཕྲུལ་ག་རེ་བྱས་ཡོད་མེད་སོགས་ལེགས་པར་རྟོགས་པ་ཡིན་ན། མ་འོངས་པར་ང་ཚོས་ནོར་འཁྲུལ་མ་བྱས་པར་བྱ་བ་བཟང་པོའི་ལམ་དུ་སྐྱོད་ཐུབ་པ་དང་། སྒྲུབ་ཕོད་པར་ཕན་ཐོགས་ཡོང་ཆེད་དུ་ད་རེས་ཀྱི་ཚོགས་ཆེན་འདི་ཉིད་འཚོགས་པ་ཡིན། དེ་བཞིན་ལོ་རྒྱུས་སྨྲ་བའི་མཁས་པ་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ཐུབ་པ་ཡིན་ན། མཁས་པ་ནང་ཁུལ་དུ་བགྲོ་གླེང་དང་། སེམས་ཤུགས་སྤར་རེས། མཁས་པའི་ལམ་ལ་ཞུགས་བཞིན་པའི་སློབ་གཉེར་བ་རྣམས་ལ་སློབ་གསོ་དང་རྒྱབ་སྐྱོར་སོགས་ཀྱི་ཆེད་དུ་ཡིན། དེ་བཞིན་མཁས་པ་གསོ་སྐྱོང་དང་། རྒྱབ་སྐྱོར། གུས་ཞབས་མཚོན་ཆེད་དུའང་ཡིན། ད་རེས་བོད་ཀྱི་ལོ་རྒྱུས་ཚོགས་འདུ་ཐེངས་དང་པོ་དེར་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གལ་ཆེན་རྣམས་ཀྱི་ཐོག་ལ་བགྲོ་གླེང་བྱུང་བ་ཡིན་ན། རྗེས་མ་བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཐེངས་གཉིས་པའི་སྐབས་སུ། ལོ་རྒྱུས་ནང་གི་དུས་ཚིགས་གལ་ཆེན་དེ་དག་གི་སྐོར་ལ་བགྲོ་གླེང་བྱ་རྒྱུ་དང་།  ༧རྒྱལ་བ་ཐམས་ཅད་མཁྱེན་པའི་དགོངས་དོན་བཞིན་བོད་ཀྱི་ལོ་རྒྱུས་ཚོགས་འདུ་ཐེངས་གསུམ་པའི་སྐབས་སུ། རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལོ་རྒྱུས་ཀྱི་ཚོགས་ཆེན་ཞིག་འཚོག་ཐུབ་པར་དམིགས་ཡུལ་གཙོ་བོ་བཟུང་ནས། ད་རེས་ཀྱི་བགྲོ་གླེང་འདི་འཚོགས་པ་ཡིན། དེ་རིང་ཚོགས་འདུ་འདིའི་ཞོར་དུ། ལོ་རྒྱུས་ཀྱི་གལ་ཆེན་མི་སྣར་ངོ་ཤེས་དང་བརྩི་མཐོང་བྱ་དགོས་པ་བཞིན། ད་ལྟ་ཡོད་བཞིན་པའི་རྒྱལ་སྤྱིའི་ཐོག་ལ་ཡོངས་སུ་གྲགས་པའི་མཁས་དབང་ཇོ་སྲས་བཀྲིས་ཚེ་རིང་ལགས་སུ།  ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་ཐུན་མོང་ནས་བརྩི་མཐོང་ངོས་འཛིན་དང་ཡི་རང་བསྔགས་བརྗོད་མཚོན་པའི་དཔའ་རྟགས་ཤིག་དང་། ཆེ་བསྟོད་མཚོན་པའི་གཟེངས་རྟགས་ཞིག་དབུལ་རྒྱུ་ཡིན། ཞེས་བརྗོད་སོང་།

1st Conference on history of Tibet at College for Higher Tibetan Studies, Sarah on 20/11/2021.

དེ་རིང་ཚོགས་འདུ་འདིར་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དྲ་ལམ་ནས་དམིགས་བསལ་གསུང་འཕྲིན་ཞིག་སྩལ་བའི་ནང་། ཚོགས་འདུ་གལ་ཆེན་པོ་ཞིག་སྐོང་འཚོགས་གནང་ཏེ། བོད་ཀྱི་ལོ་རྒྱུས་ཀྱི་མཁས་དབང་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཐོག་ལ་ཞིབ་འཇུག་དང་དཔྱད་རྩོམ་སྤེལ་རེས་གནང་རྒྱུའི་དུས་སྟོན་དེའི་ཐོག་ལ། ངས་ཚིག་ཁ་ཤས་བཤད་རོགས་བྱོས་གསུང་གི་འདུག་ཀྱང་། སྤྱིར་བཏང་ང་རང་ལོ་རྒྱུས་ལ་སྦྱང་པ་བྱས་མྱོང་མཁན་ཞིག་མ་རེད་ལ། ལོ་རྒྱུས་ཞིབ་འཇུག་གི་ཉམས་མྱོང་དང་། དེའི་རིགས་ཀྱི་ཤེས་བྱ་ཡོན་ཏན་གང་ཡང་མེད་མཁན་ཞིག་ཡིན་པས། ཚོགས་འདུ་དེ་འདྲ་ཞིག་ཏུ་གཏམ་བཤད་བྱ་རྒྱུ་དེ་ཧ་ཅང་གི་ངོ་ཚ་དགོས་པའི་གནས་སྟངས་ཤིག་རེད། ཁྱིམ་མཚེས་ཀྱི་རྒྱལ་ཁབ་གཞན་ལ་ཡིག་ཆ་སྣ་འཛོམས་ཤིག་ཡོད་པ་ནི། མི་རིགས་ཆེ་ཁག་ཁ་ཤས་ཤིག་མ་གཏོགས། མི་ཚང་མར་ང་ཚོ་བོད་པ་ནང་བཞིན་གྱི་ཤེས་རིག་གི་བང་མཛོད་རྒྱ་ཆེན་པོ་ཞིག་མེད་པ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ང་རང་བོད་མི་ཞིག་ཡིན་པའི་ཆ་ནས། སོ་སོའི་ལོ་རྒྱུས་དང་རྩོམ་རིག་གི་བང་མཛོད་དེ་དག་ལ་ང་རང་ཚོས་སྤོབས་པ་བྱེད་ཆོག་པ་དང་། གཞན་ལ་ངོམ་རིན་ཡོད་པ། རྩ་ཆེན་དང་རིན་ཐང་བྲལ་བ་ཞིག་ཡོད་པར་ངོས་ཤེས་དང་ཧ་གོ་བ་བྱ་རྒྱུ་ནི་གལ་ཆེན་པོ་རེད་དྲན་གྱི་ཡོད། དེ་ཧ་གོ་བའི་ཐོག་ནས་སོ་སོའི་ཕ་མེས་ནས་བརྒྱུད་པའི་རིག་པའི་བང་མཛོད་རྩ་ཆེན་དེ་མི་ཉམས་རྒྱུན་འཛིན་དང་། འཛམ་གླིང་ཁྱོན་ཡོངས་ལ་དར་སྤེལ་ཇི་ལྟར་བྱ་དགོས་པའི་གོམ་པ་གཉིས་པ་ཞིག་སྤོ་ཐུབ་ཀྱི་རེད། བོད་པའི་རྩོམ་རིག་དང་སྐད་ཡིག་མཁས་པ་རྣམས་ཀྱིས་ཞིབ་འཇུག་དང་དཔྱད་པ་མང་པོ་གནང་བ་དེ་དག་རྨང་གཞི་བཞག་པའི་ཐོག་ནས། དེང་དུས་ཀྱི་འགྲོ་སྟངས་བཞིན་ཞིབ་འཇུག་དང་། ཕྱོགས་ཡོངས་ཀྱི་ཉམས་ཞིབ་བྱེད་སྟངས་ལ་སྦྱོང་བརྡར་དང་སློབ་སྦྱོང་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་མཐོང་གི་འདུག གང་ཡིན་ཟེར་ན། ང་ཚོ་བོད་ཀྱི་མཁས་པ་རྣམས་ཀྱི་རྣམ་ཐར་དང་། ལུང་པ་སོ་སོའི་དཔོན་པོའི་ལོ་རྒྱུས་སོགས་ལ་ཏོག་ཙམ་ཕྱོགས་ཞེན་གྱི་རྣམ་པ་དང་། སོ་སོའི་ཕྱོགས་ལ་གལ་ཆེན་བཟུང་གི་ཡོད་པས། དེ་འདྲ་མིན་པའི་རྣམ་ཐར་མང་པོ་ལ་བལྟས་ནས་བློ་གཟུ་བོར་གནས་པའི་ཐོག་ནས་དཔྱད་པ་དང་། ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་པར་ཞན་པོ་འདུག་པས། དེ་དག་གི་ཐོག་ལ་ཉམས་ཞིབ་གནང་གལ་ཆེན་པོ་ཡིན་པ་རེད། བོད་མི་ཚོས་ནམ་རྒྱུན་བཤད་བསྡད་པའི་ལོ་རྒྱུས་མང་པོ་ཞིག་ལོ་རྒྱུས་ཀྱི་ཁུངས་དང་། དཔང་རྟགས་སོགས་ཀྱི་ཐོག་ནས་བཤད་ཁག་པའི་གནས་ཚུལ་མང་པོ་ཞིག་ཡོད། དེའི་རྒྱུ་མཚན་ང་ཚོས་དེར་དམིགས་བསལ་གྱི་ཞིབ་འཇུག་མ་བྱས་པར་སྲོལ་རྒྱུན་གྱི་བཤད་སྟངས་ཀྱི་རྗེས་སུ་འབྲང་ནས་བཤད་ཀྱི་ཡོད་པས། དཀའ་ངལ་མང་པོ་ཞིག་འཕྲད་བསྡད་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

དེ་ནས་མཁས་དབང་ཇོ་སྲས་བཀྲིས་ཚེ་རིང་ལགས་ཀྱིས་ལོ་རྒྱུས་ཀྱི་གལ་གནད་སོགས་ཀྱི་སྐོར་ལ་གཏམ་བཤད་དབུ་འཛུགས་གནང་སོང་བ་དང་། དེ་བཞིན་ཝར་ཎ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས་ནས་༧རྒྱལ་དབང་སྐུ་ཕྲེང་༡༣ པ་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་མཁྱེན་བྱུས་དང་གཟིགས་རྒྱང་ལ་ Sir Charles Bell མཆོག་གིས་ཐུགས་ཞིབ་ཇི་ལྟར་གནང་ལ་ཕྱིར་མིག་ཞེས་པ་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་རྩ་རག་བཀྲ་བཟང་ལགས་ནས་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་མི་གཤིས་དང་ཆབ་སྲིད་ཀྱི་བསམ་བློ།  ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ནས་ས་སྐྱའི་ཆོས་སྲིད་ཟུང་འབྲེལ་གྱི་ཁྲི་རབས་བརྒྱད་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ངོ་སྤྲོད། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་ནས་བོད་ཀྱི་ལོ་རྒྱུས་ཁྲོད་ཆེས་གསང་རྒྱ་ཆེ་བའི་ཐང་རྒྱལ་རབས་ཀྱི་སྲས་མོ་ཞིག་གི་སྐོར། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་གི་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས་དབུས་བཟའ་མཁའ་འགྲོ་བདེ་སྐྱོང་དབང་མོའི་སྐོར། ཝར་ཎ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་དགེ་བཤེས་བེ་རི་འཇིག་མེད་དབང་རྒྱལ་ལགས་ནས་ཀརྨ་པ་དུས་གསུམ་མཁྱེན་པ་དང་འབྲེལ་བའི་ལོ་རྒྱུས་རགས་ཙམ་གླེང་བ། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ཡེ་ཤེས་བསམ་གྲུབ་ལགས་ནས་ལོ་ཆེན་ནམ་མཁའ་བཟང་པོ་དང་ཁོང་གི་མཛད་རྗེས་སྐོར། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས་ལྷ་བླ་མ་ཡེ་ཤེས་འོད་ཁུ་དབོན་རྣམ་གཉིས་ཀྱི་ཆོས་སྲིད་མཛད་རྗེས་སྐོར།   ཀིརྟིའི་བྱེས་པ་གྲྭ་ཚང་གི་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ནས་སིངྒ་ལའི་གླིང་དུ་མཚན་སྙན་ཆེ་བའི་བོད་པ་སྤེན་པ་དོན་གྲུ( Tibet Jathika s. Mahindra thero ) སྐོར།  ས་རཱ་མཐོ་སློབ་ཀྱི་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ནས་རྩིས་དཔོན་ལུང་ཤར་གྱི་བསམ་བློའི་ཕྱིར་རྟོགས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་གཉན་ཐར་ལགས་ནས་བྲག་དཀར་དགེ་བཤེས་ཀྱི་སྐུ་ཚེའི་ལོ་རྒྱུས་གནད་བསྡུས་སྐོར་སོགས་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་དང་བགྲོ་གླེང་གནང་གི་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

"Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

ཆུ་ཚོད་ ༢༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་སྤེལ།

༢༠༢༣/༠༩/༢༧
གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས། ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག

༢༠༢༣/༠༩/༢༦
Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༩/༢༥
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

༢༠༢༣/༠༩/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist