མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་གསར་འགོད་རང་དབང་གི་གཟེངས་རྟགས་ཐོབ་མཁན་གྱི་འཕྲོད་བསྟེན་གནས་སྟངས་ཐད་བློ་འཚབ།

བོད་ཀྱི་དུས་བབ།
༢༠༢༡/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཉེར་གཅིག་ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་ཀྲང་ཀྲན་ལགས་ཀྱི་འཕྲོད་བསྟེན་གནས་སྟངས་ཞན་པོ་ཆགས་ཡོད་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་སེམས་འཚབ་བྱེད་ཀྱི་ཡོད་འདུག

ཉེ་ལམ་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། ཕྱི་ལོ་ ༢༠༢༡ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ཐོབ་མཁན་གྱི་མཚན་བྱང་དངོས་སུ་ཡོངས་བསྒྲགས་གནང་སྐབས། རྒྱ་ནག་གི་གསར་འགོད་པ་ཀྲང་ཀྲན་(Zhang Zhan)ལགས་ཀྱིས་རང་ཉིད་ཀྱི་ཚེ་སྲོག་ལ་མ་འཛེམས་པར། ཕྱི་ལོ་ ༢༠༢༠ ལོར་དངོས་སུ་རྒྱ་ནག་གི་གྲོང་ཁྱེར་ཝོ་ཧན་དུ་ཕྱིན་ནས་ཡུལ་དངོས་ཀྱི་ནད་ཡམས་ཀྱི་གནས་སྟངས་ཤར་སྟོན་བྱས་ཡོད་པར་བརྟེན། ཁོ་མོར་ཕྱི་ལོ་ ༢༠༢༡ ལོར་གསར་འགོད་རང་དབང་གི་གཟེངས་རྟགས་ཁྲོད་ཀྱི་སྙིང་སྟོབས་ལྡན་པའི་གསར་འགོད་པའི་གཟེངས་རྟགས་དེ་ཐོབ་པ་གསལ་བསྒྲགས་བྱས་ཡོད་ཀྱང་། ད་ལྟ་ད་དུང་ཁོ་མོ་བཙོན་འཇུག་འོག་ཡོད་པ་དང་ཉེ་ལམ་ནས་འཕྲོད་བསྟེན་གྱི་གནས་སྟངས་ཞན་པོ་ཆགས་ཡོད་སྟབས། ད་ལྟ་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་དང་གསར་འགོད་རང་དབང་སྲུང་སྐྱོབ་བྱེད་མཁན་ཚོགས་སྡེ་ཁག་གིས་ཁོ་མོའི་འཕྲོད་བསྟེན་གྱི་གནས་སྟངས་ཐད་སེམས་འཚབ་བྱེད་ཀྱི་ཡོད་པ་རེད།

དེ་ཡང་འདི་ལོའི་གསར་འགོད་རང་དབང་གི་གཟེངས་རྟགས་ཁྲོད། སྙིང་སྟོབས་ལྡན་པ་དང་རང་སྐྱ་འཕེལ་བ། དེ་བཞིན་ཤུགས་རྐྱེན་བཅས་ནང་གསེས་གསུམ་ཡོད་པ་ལས། ཀྲང་ཀྲན་ལགས་སུ་སྙིང་སྟོབས་ཀྱི་ཁྱབ་ཁོངས་ནས་གཟེངས་རྟགས་ཐོབ་ཡོད་ཅིང་། ཁོ་མོ་ཕྱི་ལོ་ ༢༠༢༠ ཟླ་ ༢ ནང་དངོས་སུ་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་དུ་གྱུར་བའི་རྒྱ་ནག་གི་གྲོང་ཁྱེར་ཝོ་ཧན་དུ་ཕྱིན་ནས། སྙིང་སྟོབས་ཆེན་པོས་ས་གནས་སྲིད་གཞུང་གི་དམ་དྲག་ལ་གདོང་ལེན་བྱས་ཏེ། ཝོ་ཧན་གྲོང་ཁྱེར་གྱི་ནད་ཡམས་ཀྱི་ཡུལ་དངོས་ཤར་སྟོན་བྱས་ཡོད་པ་དང་། སྐབས་དེའི་ཁོ་མོའི་གནས་ཚུལ་དག་ནི་ད་ལྟ་འཛམ་གླིང་ནང་ཝོ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་མངོན་གསལ་མཐོང་ཐུབ་པའི་ཁུངས་དྲག་ཤོས་ཀྱི་གྲས་སུ་བགྲང་གི་ཡོད་པ་རེད།

རྒྱ་རིགས་གསར་འགོད་པ་ཀྲང་ཀྲན་ལགས་ཕྱི་ལོ་ ༢༠༢༠ ཟླ་ ༥ ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་རྗེས། ཟླ་བདུན་རིང་གང་བྱུང་བཀག་ཉར་བྱས་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༨ ཉིན་ཁ་འཁྲུག་དང་རྩོད་རྙོག་བསླངས་པའི་ཉེས་མིང་འོག ཧྲང་ཧེ་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་གིས་ཁོ་མོར་ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། འོན་ཀྱང་། མོས་རང་ཉིད་ལ་ཁྲིམས་ཆད་དེ་འདྲ་ཞིག་བཅད་པ་ནི་དྲང་བདེན་མིན་པ་དང་དབང་ཡོད་བྱེད་ཀྱི་རྒྱུ་མཚན་དྲངས་ཏེ་བཙོན་ཁང་དུ་ཟས་བཅད་ངོ་རྒོལ་སོགས་གནང་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༠ ཡི་ལོ་མགོར་རྒྱ་ནག་གི་གྲོང་ཁྱེར་ཝོ་ཧན་གྱི་ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་ཕྱི་བསྒྲགས་བྱས་པ་ལ་བརྟེན་ནས་སྙིང་སྟོབས་ཅན་གྱི་རྒྱ་རིགས་གསར་འགོད་པ་ཆེས་ ༩ འཛིན་བཟུང་བྱས་པ་ཤེས་རྟོགས་ཐུབ་ཡོད་པ་དང་། དེ་དག་གི་ཁྲོད་ཀྱི་གསར་འགོད་པ་བདུན་ད་དུང་ཡང་འཛིན་བཟུང་བཀའ་ཉར་འོག་གནས་མུས་ཡིན་པ་རེད།

ཡང་ལོ་འཆར་ཅན་ཕུལ་སྲོལ་ཡོད་པའི་གསར་འགོད་རང་དབང་གི་གཟེངས་རྟགས་ལས་ཕྱི་ལོ་ ༢༠༢༡ ལོའི་གཟེངས་རྟགས་ཁྲོད། ཨི་ཟི་རལ་གྱི་སྒེར་གཉེར་གསང་བའི་ཉུལ་ཆས་པེ་གྷ་སི་ (Pegasus) ཞེས་པ་ཡིས་མང་གཙོ་དང་དམར་ཤོག་གི་སྲིད་གཞུང་ ༡༡ གིས་རྒྱལ་སྤྱིའི་གསར་འགོད་པ་ ༢༠༠ ཙམ་ལ་གསང་བའི་རྗེས་འདེད་གཏོང་གི་ཡོད་པའི་གནས་ཚུལ་ཕྱི་བསྒྲགས་བྱས་པར་བརྟེན། གསར་འགོད་པ་དང་གསར་ཁང་ཁག་གི་གསར་འགོད་རང་དབང་དང་གནས་ཚུལ་ཞིབ་འཇུག་སོགས་ལ་རྒྱ་ཆེ་བའི་རམ་འདེགས་བྱས་པའི་ངོས་འཛིན་འོག ཉུལ་ཆས་པེ་གྷ་སིར་ཕྱི་ལོ་ ༢༠༢༡ ལོའི་ཤུགས་རྐྱེན་ཆེ་བའི་གསར་འགོད་རང་དབང་གི་གཟེངས་རྟགས་དེ་འབུལ་གཏན་འཁེལ་ཡོད། ཨི་ཟི་རལ་གྱི་གསང་ཉུལ་ཁང་དེར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱབ་སྐྱོར་འོག་འཛམ་གླིང་རྒྱབ་ཁབ་ ༡༡ ནང་གི་རྒྱལ་སྤྱིའི་གསར་ཁང་ ༡༧ གྱི་གསར་འགོད་པ་ ༨༠ ལྷག་ནས་ཞིབ་འཇུག་གི་ལས་ཀ་གཉེར་བཞིན་ཡོད་པ་ཞིག་ཡིན་པ་དང་། གསང་ཉུལ་ཁང་དེས་ཕྱི་ལོ་ ༢༠༢༡ ལོར་ཨ་རི་དང་ཡུ་རོབ། ཨ་རབ། རྒྱ་གར་སོགས་ཀྱི་གཙོས་འཛམ་གླིང་རྒྱལ་ཁབ་ཁག་གི་མགོ་ཁྲིད་དང་ཆབ་སྲིད་མི་སྣ། དེ་བཞིན་གློག་བརྙན་འཁྲབ་སྟོན་པ་སོགས་མིང་དུ་གྲགས་པའི་མི་མང་པོ་ཞིག་གི་གསང་བ་ཕྱིར་བསྒྲགས་པ་ལ་བརྟེན་ནས། གསང་ཉུལ་ཁང་དེ་ནི་ཕྱི་ལོ་ ༢༠༢༡ ལོའི་འཛམ་གླིང་མི་མང་དང་སྲིད་གཞུང་ཁག་གི་དོ་སྣང་བྱེད་ཡུལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

དེ་བཞིན། པ་ལི་སི་ཐན་གྱི་གསར་འགོད་པ་ཧཱ་སའོ་ནཱ་ (Majdoleen Hassona) ལགས་ཀྱིས་ཊར་ཁེ་དང་ཨི་ཟི་རལ་དང་པ་ལི་སི་ཐན། ཊར་ཁེ་བཅས་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་འདི་གསུམ་གྱི་ནང་འབྱུང་བཞིན་པའི་གནས་ཚུལ་དག་ཐེར་འདོན་གནང་ཞིང་། ཁོ་མོའི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་ཨི་རལ་དང་པ་ལི་སི་ཐན་གཞུང་ཕྱོགས་གཉིས་ནས་དམ་དྲག་བྱེད་མུས་ཡིན་ཁར། དེ་སྔོན་འཛིན་བཟུང་སོགས་བྱས་མྱོང་ཡོད་ཀྱང་། ཁོང་གིས་མུ་མཐུད་སྲིད་གཞུང་དེ་དག་ལ་གདོང་ལེན་གྱིས་གསར་འགོད་པ་ཞིག་གི་རང་དབང་ཞིབ་འཇུག་གི་གནས་ཚུལ་སྤེལ་མཚམས་མ་བཞག་སྟབས། ཕྱི་ལོ་ ༢༠༢༡ ལོའི་གསར་འགོད་རང་དབང་གི་ཞིབ་འཇུག་ཁོངས་ཀྱི་གཟེངས་རྟགས་དེ་ཐོབ་ཡོད་པ་རེད་ལ། ཕྱི་ལོ་ ༢༠༡༩ ནས་ཁོ་མོ་དང་ཁྱོ་ག་གཉིས་ཨི་ཟི་རལ་གྱི་ས་མཚམས་སྐོར་སྲུང་བས་འགྲོ་སྐྱོད་བཀག་སྡོམ་བྱས་ཏེ། ད་ལྟ་ད་དུང་ཡང་ཨི་ཟི་རལ་དང་པ་ལི་སི་ཐན་བར་ཆེས་རྩོད་རྙོག་ཏུ་གྱུར་བའི་ནུབ་མཚོ་འགོག་ (West Bank) ཏུ་ལུས་ཡོད་ཀྱང་། མུ་མཐུད་དཀའ་ངལ་ལ་གདོང་ལེན་གྱིས་ཁུལ་དེའི་གནས་ཚུལ་སྤེལ་མུས་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༨ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese