མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་བཞུགས་སྒར་ཁུལ་གྱི་བོད་མི་ཚོ་ཉ་ཡི་སྲོག་སྐྱོབ་པའི་ལས་ལ་ཞུགས།

བོད་ཀྱི་དུས་བབ།
༢༠༢༡/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

དྷ་ས་ས་གནས་མགོ་འཛིན་ཀུན་དགའ་ཚེ་རིང་ལགས་ཀྱིས་སེམས་ཅན་གཞན་གྱི་སྲོག་སྐྱོབ་རྒྱུ་ནི་དོན་དངོས་ལག་ལེན་དང་མཐུན་པའི་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡིན་སྐོར་གསུངས་བྱུང་།

Dhasa people are saving the lives of fishes in the Dal Lake near by Upper TCV. Tibettimes Photo.

ཉིན་ཤས་གོང་ནས་དྷ་སྟེང་བོད་ཁྱིམ་གྱི་ཉེ་འཁྲིས་སུ་ཡོད་པའི་ཌལ་( Dal ) མཚེའུ་དེའི་ཆུ་རགས་བརྡོལ་ནས་ཆུ་སྐམ་པའི་རྐྱེན་གྱིས། མཚེའུ་དེའི་ནང་དུ་ཡོད་པའི་ཉ་མང་པོ་ཞིག་འཆི་ཉེན་ཡོད་པར་བརྟེན། ཀང་རཱ་རྫོང་གི་རོགས་སྐྱོར་དང་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་ཁུལ་གྱི་བོད་མི་རྣམས་ཀྱིས་དྭང་བླང་ཐོག་ནས་ཉ་ཡི་སྲོག་སྐྱོབ་པའི་ལས་ལ་ཞུགས་ཏེ། འདམ་སྙོག་ཁྲོད་ཀྱི་ཉ་དག་འཛིན་བཟུང་གིས་ཀང་རཱ་རྫོང་གི་ཆུ་མཛོད་གཞན་ཞིག་ཏུ་དབོར་འདྲེན་བྱེད་པར་རོགས་རམ་གནང་སོང་།

དེའི་ཐད་དྷ་ས་ས་གནས་མགོ་མཛིན་ཀུན་དགའ་ཚེ་རིང་ལགས་ཀྱིས། ཁ་སང་ཌ་ལེ་ཁུ་ཡི་ཆུ་སྐམ་ནས་ཉ་མང་པོ་ཞིག་ཤི་མུས་ཡིན་པའི་གནས་ཚུལ་གོ་མ་ཐག རྫོང་དཔོན་གཞོན་པ་སོགས་ལ་འབྲེལ་བ་བྱེད་སྐབས། ཁོང་གིས་དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་ཉ་དེ་དག་ས་གནས་གཞན་དུ་སྤོར་རྒྱུ་ཡིན་པས། དེར་བོད་མི་དང་བླང་བ་གང་མང་ཞིག་ཡོང་ཐུབ་ན། ཕན་ཐོགས་ཡོད་སྐོར་སོགས་བརྗོད་བྱུང་བས། སོ་སོའི་ཁྱབ་ཁོངས་ཀྱི་དགོན་སྡེ་ཁག་དང་། ཚོགས་སྡེ་ཁག དེ་བཞིན་མི་མང་བཅས་ལ་རེ་སྐུལ་ཞུས་བ་ལྟར། དེ་རིང་མི་གྲངས་ལྔ་བརྒྱ་ཙམ་ཕེབས་ཡོད་པ་དང་། གཞན་གྱི་ཚེ་སྲོག་སྐྱོབ་པའི་ལས་གཞི་འདི་ཉིད་ནི་༧རྒྱལ་བའི་དགོངས་པ་དང་མཐུན་ཞིང་། རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་ངོས་འཛིན་བྱེད་ཀྱི་ཡོད་པས། ལས་གཞི་འདིའི་རིགས་ནི་ཧ་ཅང་རླབས་ཆེན་ཞིག་ཡིན་པ་རེད། དེ་བཞིན་ལས་གཞི་འདི་ནི་རྫོང་དང་ཡུལ་མིར་འབྲེལ་ལམ་བཟང་པོ་འཇོག་པའི་ལས་གཞི་གལ་ཆེན་ཞིག་ཡིན་པ་དང། མཚེའུ་དེ་ནས་དབོར་འདྲེན་བྱས་པའི་ཉ་རྣམས་ཀང་རཱ་རྫོང་གི་ཆུ་མཛོད་དུ་འཇོག་རྒྱུ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

Dhasa settlement officer Kunga Tsering. Tibettimes Photo.

དང་བླང་རོགས་རམ་དུ་ཕེབས་པའི་སྔགས་པ་གུར་སྐྱབས་ཚེ་རིང་ལགས་ཀྱིས། ཉེ་སྔོན་འདིར་ཆུ་ཏོག་ཙམ་ཡོད་ཀྱང་། མདང་ནུབ་ཆུ་རྦབ་དེ་སྐམ་འགྲོ་ཡི་ཡོད་སྟབས། ཁོང་གི་བཟའ་ཟླ་སོགས་ཀྱིས་ཉ་ཤི་འགྲོ་ཡི་འདུག་ལབ་པས། ཁོང་ཚོས་ཆུ་མཛོད་དང་རླངས་འཁོར་སོགས་ཐབས་ཤེས་བྱེད་ཐབས་བྱས་ཀྱང་མ་བྱུང་ཡང་།  ང་རང་ཚོ་ནང་པ་སངས་རྒྱས་པ་ཞིག་ཡིན་དུས། ལག་ལེན་གང་ཡང་མེད་པར་ཁ་ནས་ལབ་པ་དེར་དོན་སྙིང་མེད་པས། དེ་རིང་ཞོགས་པ་སྔ་ཤོས་ཀྱི་གྲས་སུ་སླེབས་ནས། ཉ་དེ་དག་སྐྱོབ་ཐབས་བྱས་པ་ཡིན། དེ་ལྟར་བྱེད་དགོས་དོན་ཀྱང་སོ་སོ་ནང་པ་ཞིག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་བྱས་པའི་ལས་འགན་ཞིག་ལ་རྩིས་ནས། དེ་རིང་འདིར་ཆེད་དུ་རོགས་པ་བྱེད་དུ་ཡོང་བ་ཡིན། ཞེས་བརྗོད་བྱུང་།

ཡང་དང་བླང་རོགས་རམ་དུ་ཕེབས་པའི་ཨ་ཅག་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས། ཆུ་སྐམ་ནས་ཉ་རྣམས་ཤི་གྲབས་ཡོད་སྟབས། དེ་དག་སྐྱོབ་འདོད་ཀྱི་ཀུན་སློང་ཞིག་བྱུང་། འོན་ཀྱང་། དངོས་སུ་འདམ་ཆུའི་ནང་འཛུལ་ནས་ལས་ཀ་བྱེད་དུས། ཉ་རྣམས་བླང་ཐུབ་ཀྱི་མི་འདུག་ཀྱང་། དེ་དག་ལ་སྙིང་རྗེ་ཞིག་སྐྱེས་བ་དང། ཉ་དེ་དག་སྐྱོབ་ཐུབ་ན། ཚེ་སྲོག་ཅིག་ཐར་གྱི་ཡོད་པས། ང་རང་འདིར་ཡོང་བ་ཡིན་ཞེས་བརྗོད་བྱུང་བ་དང་། དེ་རིང་ཉའི་སྲོག་སྐྱོབ་ཀྱི་ལས་དོན་ཁྲོད་བོད་མི་རྒན་དར་གཞོན་གསུམ་མང་པོ་ཡོད་པའི་ཁྲོད་བཙས་མ་ཐག་པའི་བྱིས་པ་རྒྱབ་ཏུ་འཁུར་ཏེ་དགེ་བའི་ལས་ལ་བརྩོན་མཁན་ཨ་མ་ལ་སོགས་མཐོང་རྒྱུ་འདུག

ཌལ་ ( Dal ) མཚེའུ་ནི་རྒྱ་གར་བྱང་ཕྱོགས་ཀང་རཱ་རྫོང་ཁོངས་ཀྱི་དྷ་སྟེང་བོད་ཁྱིམ་གྱི་ཉེ་འདབས་སུ་ཆགས་ཤིང་། དེའི་མཐའ་སྐོར་དུ་ནགས་ཚལ་གྱིས་བསྐོར་ཡོད་པ་དང་། མཚེའུ་ཁུལ་དེར་དྷ་སྟེང་བོད་ཁྱིམ་གྱི་གཙོས་པའི་ཉེ་འཁོར་བོད་མི་དང་ས་གནས་ཡུལ་མི་རྣམས་ཀྱིས་སྔ་དགོང་ལུས་སྦྱོང་དང་གཟའ་མཇུག་སྐབས་ཀྱི་ཐུག་སྤྲོད་གཏོང་ཡུལ་ཞིག་ཀྱང་ཡིན་པ་མ་ཟད། ས་ཁུལ་དེ་ནི་དྷ་རམ་ས་ལའི་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཚིགས་ཤིག་ཀྱང་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༣ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༤ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese