མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་མེད་ན་ཚོང་འབྲེལ་མེད་ཅེས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༢༡/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་བོད་མི་ལས་འགུལ་བ་བཞི་ཡིས། སུད་སི་དང་རྒྱ་ནག་བར་གྱི་ཚོང་འབྲེལ་ཚོགས་འདུ་ཞིག་གི་སྟེང་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་སྟབས། རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་མི་བྱེད་པ་དང་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ནས་ཕྱིར་འཐེན་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

Tibetan Youth Association (TYAE)Protested China’s crackdown on human right in Tibet at Europe Forum Lucerne. Tibettimes Photo

ཁ་སང་ཕྱི་ཚེས་ ༢༥ ཉིན་སུད་སིའི་གྲོང་ཁྱེར་ (Lucerne) ནང་ཕྱི་ལོ་ ༢༠༢༡ ལོའི་ཡུ་རོབ་ཀྱི་གླེང་སྟེགས (Europe Forum Lucerne) ཞེས་སུད་སི་དང་རྒྱ་ནག་བར་གྱི་ཚོང་འབྲེལ་དང་དཔལ་འབྱོར་གྱི་འབྲེལ་བ་རྒྱ་སྐྱེད་ཇི་ལྟར་གཏོང་ཕྱོགས་སྐོར་ལ་ཚོགས་ཆེན་ཚོགས་བཞིན་པའི་སྐབས་སུ།   ཡུ་རོབ་བོད་ཀྱི་ན་གཞོན་ལས་འགུལ་བ་བཞི་ཡིས། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་མེད་ན་ཚོང་འབྲེལ་མེད། བོད་ལ་རང་དབང་དགོས། ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ཡོད་ཅེས་པའི་ཕྲེད་དར་འཕྱར་ཏེ། ཚོགས་འདུའི་སྟེང་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་གནང་ཡོད་པ་རེད་ལ། དམིགས་བསལ་ངོ་རྒོལ་ལས་འགུལ་སྤེལ་སྐབས་རྒྱ་ནག་གི་དཔལ་འབྱོར་རིག་པ་བ་ (Keyu Jin) ཟེར་བ་དེས་སུད་སི་དང་རྒྱ་ནག་བར་གྱི་ཚོང་འབྲེལ་སྐོར་ལ་གཏམ་བཤད་སྤེལ་བཞིན་པ་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད།

འདི་གའི་གསར་འགོད་པས་དྲ་ལམ་བརྒྱུད་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་མི་གཞི་སྲས་ཚང་བཀྲ་ཤིས་ལགས་སུ་བཀའ་འདྲི་ཞུས་པར་མོས། ཁ་སང་སུད་སིའི་གྲོང་ཁྱེར་ (Lucerne) ནང་དུ་ལའོ་ཟར་ནེ་ཡུ་རོབ་གླེང་སྟེགས་ (Europe Forum Lucerne) ཟེར་བའི་ཚོགས་ཆེན་ཞིག་འཚོགས་ཡོད་པ་དང་། དམིགས་བསལ་གྱིས་འདི་ལོའི་ཚོགས་ཆེན་དེ་སུད་སི་དང་རྒྱ་ནག་བར་གྱི་ཚོང་འབྲེལ་དང་དཔལ་འབྱོར་གྱི་འབྲེལ་བ་གང་འདྲ་ཉར་དགོས་ཡོད་པའི་སྐོར་ལ་ཡིན་ཡང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་གླེང་སློང་བྱ་རྒྱུའི་འཆར་གཞི་མེད་པར་བརྟེན། ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ (Tibetan Youth Association in Europe) ནས་རྒྱ་ནག་དང་བོད། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་ (East Turkestan)། སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རྒྱ་གཞུང་གིས་བཙན་གནོན་བྱས་དང་བྱེད་མུས་ཡིན་པའི་སྐོར་ལ་གོ་རྟོགས་སྤེལ་སླད་དུ། ཚོགས་ཆེན་གྱི་ནང་དུ་ཕྱིན་ནས་ངོ་རྒོལ་བྱས་པ་ཡིན་ལ། སྐབས་དེར་ཡུ་རོབ་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་འཇིགས་མེད་ལགས་ཀྱིས་མི་མང་ཚང་མའི་མདུན་དུ་ང་ཚོའི་རེ་སྐུལ་དང་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་པའི་སྐོར་ལ་སྐད་ཆ་བཤད་པའི་གོ་སྐབས་རག་བྱུང་། ཞེས་བརྗོད་བྱུང་།

Tibetan Youth Association (TYAE)Protested China’s crackdown on human right in Tibet at Europe Forum Lucerne. Tibettimes Photo

ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་འཇིགས་མེད་ལགས་ཀྱིས་ཚོགས་འདུའི་ཚོགས་བཅར་བ་ཡོངས་ལ་ངོ་རྒོལ་ལས་འགུལ་དེ་སྤེལ་དོན་སྐོར་ལ་བརྗོད་དོན། རྒྱ་ནག་གིས་བོད་དང་ཡུ་གུར། ཧོང་ཀོང་བཅས་ཀྱི་རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་དང་དྲག་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་པར་བརྟེན། རྒྱ་ནག་རྒྱལ་ཁབ་ལྟ་བུ་དང་ལྷན་དུ་ཚོང་འབྲེལ་བྱ་རྒྱུ་ནི་དྲང་བདེན་མེད་པ་ཞིག་རེད་ལ། རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་གླེང་སློང་ངེས་པར་དུ་བྱ་དགོས་པའི་སླད་དུ་ལས་འགུལ་འདི་སྤེལ་གྱི་ཡོད། ཅེས་འགྲེལ་བརྗོད་གནང་འདུག

དེ་འབྲེལ་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ངོ་དེབ་ནང་། ཐེངས་འདིའི་ཚོགས་ཆེན་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་དམིགས་བསལ་གྱིས་དོ་སྣང་བྱེད་འཆར་མེད་པར་བརྟེན། ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་སེམས་འཚབ་ཡོད་པའི་གནད་དོན་གླེང་བ་དང་། ཆབ་སྲིད་དང་དཔལ་འབྱོར་ཐོག་ཐག་གཅོད་བྱེད་མཁན་གྱིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཚུལ་སོགས་ཀྱི་གནད་དོན་དང་འབྲེལ་ནས། འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ངེས་པར་དུ་བྱ་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། ཚོགས་མི་བཞིས་ཚོགས་ཆེན་ནང་དུ་མཉམ་ཞུགས་གནང་སྟེ། ཆབ་སྲིད་དང་དཔལ་འབྱོར་མགོ་ཁྲིད་རྣམས་ཀྱིས་རྒྱ་ནག་དང་ལྷན་དུ་ཆབ་སྲིད་དང་ཚོང་འབྲེལ་སོགས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཕྱོགས་ཐད་བཀའ་མོལ་གནང་སྐབས། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་གཙིགས་ཆེན་འཛིན་དགོས་སྐོར་བརྗོད་དེ་ངོ་རྒོལ་བྱས་ཡོད་འདུག

ད་རེས་བོད་དོན་ལས་འགུལ་སྤེལ་མཁན་ཁྲོད། ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཨ་རྡོ་ཚང་འཇིགས་མེད་ལགས་དང་ཚེ་རིང་བཟང་མོ་ལགས། གཞི་སྲས་ཚང་འཕྲིན་ལས་ལགས་དང་ཚེ་ལྷ་ (Tselha Buchli) བཅས་ཡིན་པ་དང་། ཁོང་ཚོས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་གནད་དོན་དང་འབྲེལ་ནས། ད་ལན་གྱི་སུད་སི་དང་རྒྱ་ནག་བར་གྱི་ཚོང་འབྲེལ་ཚོགས་འདུའི་སྟེང་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འཐུས་ཚབ་མེད་པ་དང་།  ཚོགས་ཞུགས་པ་རྣམས་ལ་སུད་སི་ཡི་གཞི་རྩའི་རིན་ཐང་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་པ་སོགས་དྲན་སྐུལ་བྱས་ཡོད་འདུག

Tibetan Youth Association (TYAE)Protested China’s crackdown on human right in Tibet at Europe Forum Lucerne. Tibettimes Photo

ད་དུང་རྒྱ་ནག་གིས་བོད་དང་ཡུ་གུར། སོག་རིགས་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་འོག འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་རྒྱལ་སྤྱིའི་ཨོ་རྩལ་ཉིན་མོ་དང་བསྟུན། འཛམ་གླིང་གི་ཡུལ་ལུང་གང་སར་ཡོད་པའི་རྒྱ་གཞུང་ངོ་རྒོལ་ལས་འགུལ་ཁང་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གི་གོ་སྒྲིག་འོག  འཛམ་གླིང་གི་གྲོང་ཁྱེར་དང་ས་ཁུལ་གནད་ཆེན་ ༦༠ ལྷག་ནང་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་བ་བརྒྱུད། འཛམ་གླིང་གི་མགོ་འཁྲིད་དང་། རྒྱལ་ཁབ་སོ་སོའི་ཨོ་རྩལ་ཚོགས་ཆུང་། དེ་བཞིན་ཨོ་ལིམ་ཕིག་རྩེད་འགྲན་གྱི་སྦྱིན་བདག་རྣམ་པ་བཅས་ཀྱིས། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོག་གཏན་འཁེལ་བའི་དགུན་དུས་ཀྱི་ཨོ་རྩལ་འགྲན་བསྡུར་ནང་མཉམ་ཞུགས་མི་བྱ་རྒྱུའི་འབོད་སྐུལ་གནང་ཡོད།

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་རྩིས་སྤྲོད་ཀྱི་ཉིན་མོ་དང་བསྟུན། བོད་དང་ཧོང་ཀོང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་ནས་གྷི་རི་སིའི་གྲོང་ཁྱེར་ཨེ་ཐན་སིའི་ནང་དཔལ་འབར་རྩིས་སྤྲོད་ལ་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱལ་སྤྱིའི་སྲིད་གཞུང་དང་། རྒྱལ་ཁབ་སོ་སོའི་ཨོ་ལིམ་ཕིག་གོ་སྒྲིག་ཚོགས་ཆུང་དང་། རྩེད་འགྲན་གྱི་སྦྱིན་བདག དེ་བཞིན་རྩེད་འགྲན་པ་རྣམས་ལ་པེ་ཅིན་གྱི་དགུན་དུས་ཨོ་རྩེད་ནས་ཕྱིར་འཐེན་བྱ་རྒྱུའི་རེ་སྐུལ་ཞུས་ཡོད་པ་དང་། དེ་བཞིན་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བསྟན་འཛིན་གཡང་འཛོམས་དང་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ལས་འགུལ་བ་བསྟན་འཛིན་དགོན་པ་ལགས་གཉིས་ནས་ཨོ་རྩལ་དཔལ་འབར་རྩིས་སྤྲོད་ལ་ངོ་རྒོལ་བྱས་རྐྱེན་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་པ་སོགས་བྱུང་ཡོད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese