མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་རྒྱལ་ཁབ་ ༧༠ ཡིས་ཨ་ཧྥི་རི་ཁའི་ནད་འབུ་གསར་བར་གདོང་ལེན་དང་གྲ་སྒྲིག

བོད་ཀྱི་དུས་བབ།
༢༠༢༡/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཨ་ཧྥི་རི་ཁ་ནས་མཆེད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་གཉན་རིམས་གསར་པ་དེ་ནི་འགོས་ཁྱབ་མྱུར་ཞིང་འཛམ་གླིང་ཡོངས་ལ་ཁྱབ་ཉེན་ཁ་ཧ་ཅང་ཆེ་སྐོར་བསྒྲགས།ཉེ་ལམ་ལྷོ་ཨ་ཧྥི་རི་ཁ་ནས་ངོ་བོ་འགྱུར་བའི་ཏོག་དབྱིབས་གཉན་རིམས་གསར་པ་ཞིག་བྱུང་བ་དང་འབྲེལ་ནས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་འདྲ་མིན་ཐོན་ཡོད། དེ་རིང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གསར་དུ་བསྒྲགས་པའི་གནས་ཚུལ་ལྟར་ན། ཨོ་མེ་ཁོ་རོན་(Omicron)ཞེས་པའི་ནད་འབུ་དེ་ནི་ད་སྔ་བར་གྱི་ཏོག་དབྱིབས་ནད་འབུ་དག་ལས་འགོས་ཁྱབ་མྱུར་ཞིང་། ནད་གཞི་ཕོག་པའི་མི་རྣམས་ཧ་ཅང་ཐང་ཆད་པ་དང་འཛམ་གླིང་ནང་འགོས་ཁྱབ་ཀྱི་ཉེན་ཁ་ཧ་ཅང་ཆེ་བའི་ནད་འབུ་ཞིག་ཡིན་པར་ངོས་བཟུང་འདུག་ལ། ཉེ་ཤས་གོང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ནད་འབུ་དེར་ཞིབ་འཇུག་བྱས་རྗེས་མ་གཏོགས་ནད་འབུ་དེ་ཡི་ཉེན་ཁ་སོགས་ཀྱི་སྐོར་ཡོངས་བསྒྲགས་བྱ་རྒྱུ་མིན་སྐོར་བསྒྲགས་ཡོད་པ་ལྟར། དེ་རིང་གཞི་ནས་གསལ་བསྒྲགས་བཏང་བ་ཞིག་ཆགས་ཀྱི་ཡོད་པ་རེད།

ཨོ་མེ་ཁོ་རོན་ཞེས་པའི་ནད་འབུ་དེ་ནི། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཐོག་མར་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་བྷོ་སི་ཝ་ནཱ་ (Botswana) ནས་བྱུང་ཞིང་། དེ་ནི་ངོ་བོ་འགྱུར་བའི་ཏོག་དབྱིབས་གཉན་རིམས་ཀྱི་རིམ་པ་གསར་པ་ཞིག་ཡིན་པ་ཡོངས་གྲགས་ཆགས་པ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། ནད་འབུ་དེ་ཡི་མིང་ལ་ཨོ་མེ་ཁོ་རོན་ (Omicron) ཞེས་བཏགས་ཡོད། ད་ལྟ་འཛམ་གླིང་ནང་ཨོ་མེ་ཁོ་རོན་འགོས་ཁྱབ་བྱུང་བའི་ནད་པ་གྲངས་ ༡༦༠ ལྷག་ཡོད་པ་དང་། དེ་དག་ལས་ཕལ་ཆེ་བ་ལྷོ་ཨ་ཧྥི་རི་ཁའི་ནང་ཡིན་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ནས་ཨོ་མེ་ཁོ་རོན་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་གཙོས་ཡུ་རོབ་དང་དབྱིན་ཇི། ཁེ་ན་ཌ་དང་ཨོ་གླིང་། ཧོང་ཀོང་སོགས་སུ་འགོས་ཁྱབ་ཀྱིས། འཛམ་གླིང་རྒྱལ་ཁབ་མང་པོས་ཉེ་ལམ་ཨ་ཧྥི་རི་ཁ་ནས་ཡོང་བའི་རང་ཁོངས་ཀྱི་མི་རྣམས་ལ་ཨོ་མེ་ཁོ་རོན་ནད་འབུ་འགོས་ཡོད་པའི་དོགས་གཞིའི་དམིགས་བསལ་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་། ད་ལྟ་འཛམ་གླིང་རྒྱལ་ཁབ་ ༧༠ ཙམ་ནས་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་གི་མཁའ་ལམ་འགྲིམས་འགྲུལ་བཀག་སྡོམ་བྱས་ཡོད་པ་རེད། འོན་ཀྱང་། དེ་འབྲེལ་ཐད་ལྷོ་ཨ་ཧྥི་རི་ཁའི་སྲིད་འཛིན་ར་མཱ་ཧྥོ་སཱ་ (Cyril Ramaphosa) ལགས་ཀྱིས། ཚན་རིག་གི་ཐོག་ནས་འགྲིམས་འགྲུལ་བཀག་སྡོམ་གྱིས་ཨོ་མེ་ཁོ་རོན་འགོས་ཁྱབ་བཀག་འགོག་བྱེད་ཐུབ་པ་བརྗོད་མེད་པས། འཛམ་གླིང་རྒྱལ་ཁབ་ཁག་གིས་ཨ་ཧྥི་རི་ཁའི་མཁའ་ལམ་འགྲིམས་འགྲུལ་བཀག་སྡོམ་བྱས་པ་ནི་འདྲ་མཉམ་མེད་པ་དང་། ཨ་ཧྥི་རི་ཁའི་ཚོང་འབྲེལ་ལ་གནོད་ཤུགས་སྤྲོད་ཀྱི་ཡོད་པའི་སྐྱོན་བརྗོད་པ་རེད།

FILE – People queue to get on the Air France flight to Paris at OR Tambo’s airport in Johannesburg, South Africa, Nov. 26, 2021. As the world grapples with the emergence of the new highly transmissible variant of COVID-19, worried scientists in South Africa — where omicron was first identified — are scrambling to combat its lightning spread across the country. (AP Photo/Jerome Delay, File)

གཞན་ཡང་། ད་ལྟ་ཚན་རིག་པས་ཨོ་མེ་ཁོ་རོན་ནད་འབུ་གསར་བའི་སྐོར་ལ་རྒྱུས་ལོན་ཆ་ཚང་བ་ཞིག་བྱུང་མེད་སྟབས། འཛམ་གླིང་གི་ཚན་རིག་པ་མང་པོས། ཨོ་མེ་ཁོ་རོན་གྱིས་ད་ལྟ་ཡོད་པའི་ཏོག་དབྱིབས་འགོག་ཁབ་ནུས་མེད་དུ་གཏོང་ཐུབ་མིན་དང་། འགོས་ཁྱབ་ཀྱི་མྱུར་ཚད། ཉེན་ཁ་སོགས་ཀྱི་ཐད་ཞིབ་འཇུག་བྱེད་མུས་ཡིན་པ་རེད་ལ། ཨ་རིའི་ཏོག་དབྱིབས་འགོག་ཁབ་(Pfizer) བཟོ་སྐྲུན་ཁང་གིས། ཨོ་མེ་ཁོ་རོན་འགོས་ཁྱབ་ཐད་སེམས་འཚབ་བྱེད་དགོས་དོན་མེད། ང་ཚོས་འདས་པའི་ཟླ་འགའི་རིང་ཏོག་དབྱིབས་ཀྱི་ངོ་བོ་འགྱུར་ནད་རིགས་ཐོན་པར་གྲ་སྒྲིག་བྱས་ཡོད་པས། ད་ལྟ་ང་ཚོས་ངོ་བོ་འགྱུར་བའི་ནད་ཡམས་འདི་ལས་རྒྱལ་ཁ་ལེན་པར་གྲ་སྒྲིག་ཡོད། ཅེས་བརྗོད་ཡོད་པ་རེད།

སྤྱིར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་ཨ་རི་སོགས་ཀྱི་ཆེད་མཁས་པ་ཚང་མས་མགྲིན་གཅིག་ཏུ། ནད་འབུ་གསར་རྙིང་གང་ཡིན་རུང་འགོག་ཁབ་རྒྱག་རྒྱུ་ནི་ནད་ཡམས་ཀྱི་དཀའ་ངལ་སེལ་བའི་ཐབས་མཆོག་དེ་ཡིན་པར་བསྒྲགས་འདུག་ལ། ད་ལྟ་ཨོ་མེ་ཁོ་རོན་མཆེད་སའི་ལྷོ་ཨ་ཧྥི་རི་ཁ་མཚོན་ན། མི་འབོར་ས་ཡ་ ༦༠ ལྷག་ཡོད་པ་དག་ལས། མི་གྲངས་ས་ཡ་ ༡༤ ལྷག་ལ་ཏོག་དབྱིབས་འགོག་ཁབ་བརྒྱབ་ཟིན་པ་དང་། ད་དུང་ཡང་རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་མི་དབྱིངས་ཀྱི་འཚོ་བ་ཞན་པོ་ཡིན་སྟབས། ད་ལྟ་ལྷོ་ཨ་ཧྥི་རི་ཁའི་གཞུང་ལ་འགོག་ཁབ་ཀྱི་རོགས་སྐྱོར་མཁོ་ཡི་ཡོད་པ་ལྟར། རྒྱ་གར་གཞུང་གིས། ཨོ་མེ་ཁོ་རོན་གྱིས་ཤུགས་རྐྱེན་ཐེབས་པའི་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ལ་སྨན་གྱི་མཐུན་སྦྱོར་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་འདུག་ལ། ད་སྔ་བར་རྒྱ་གར་གཞུང་གིས་རང་ཁོངས་ནས་ཐོན་པའི་ཏོག་དབྱིབས་འགོག་ཁབ་ས་ཡ་ ༢༥ ལྷག་ཨ་ཧྥི་རི་ཁའི་རྒྱལ་ཁབ་གྲངས་ ༤༡ ལ་རོགས་སྐྱོར་གྱི་ཚུལ་དུ་མཁོ་སྤྲོད་བྱས་ཡོད་འདུག

A woman in Johannesburg, South Africa, receives a nasal swab from a health worker
EMMANUEL CROSET/AFP via Getty Images

ཡང་ད་ལྟ་འཛམ་གླིང་རྒྱལ་ཁབ་ཚང་མས་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ནས་ཡོང་བའི་རང་ཁོངས་ཀྱི་མི་རྣམས་ལ་དམིགས་བསལ་བརྟག་དཔྱད་དང་མཁའ་ལམ་འགྲིམས་འགྲུལ་བཀག་སྡོམ་བྱེད་བཞིན་པའི་སྐབས་འདིར། དེ་རིང་ཨ་རིའི་སྲིད་འཛིན་བྷའེ་ཌན་མཆོག་གིས། ངོ་བོ་འགྱུར་བའི་ཨོ་མེ་ཁོ་རོན་ནད་འབུའི་ཛ་དྲག་གནས་སྟངས་འོག ཨ་རིའི་མི་མང་གིས་འགོག་ཁབ་དུས་ཐོག་བརྒྱབ་པ་དང་ཁ་རས་སོགས་ཉིན་རེའི་བྱེད་སྒོ་འཆུག་མེད་ལག་ལེན་བྱས་ཚེ།  ཨ་རིའི་ནང་ཁྱིམ་སྡོད་བཀའ་རྒྱའི་གདོང་ལེན་གསར་པ་ཞིག་གནང་མི་དགོས་པའི་འགྲེལ་བརྗོད་བྱས་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གནས་ཚུལ་ལྟར་ན། ད་ལྟའི་བར་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་བའི་ནད་པ་ས་ཡ་ ༢༦༠ ལྷག་དང་། དེའི་ཁྲོད་རྐྱེན་འདས་སུ་ཕྱིན་པའི་མི་ས་ཡ་ ༥ ལྷག་ཡོད་པ་རེད་ལ། འཛམ་གླིང་ཁྱོན་ཡོངས་སུ་མི་གྲངས་ཐེར་འབུམ་ ༤།༢༧ ལྷག་ལ་ཏོག་དབྱིབས་འགོག་ཁབ་བརྒྱབ་ཟིན་པ་དང་དེ་ནི་འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆ་ ༥༥ ཙམ་ཡིན་སྟབས། ད་དུང་འཛམ་གླིང་མི་མང་བརྒྱ་ཆ་ ༤༥ ཙམ་ལ་ཏོག་དབྱིབས་འགོག་ཁབ་རག་མེད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༨ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese