མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་ཧིན་ས་མཚམས་སུ་ས་འོག་ཁང་པ་འཛུགས་སྐྲུན་གྱི་ལས་གཞི་ཇེ་མགྱོགས་སུ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཧིན་ས་མཚམས་ཁུལ་དུ་རྒྱ་ནག་གཞུང་གིས་དམག་མི་དང་གོ་མཚོན་ཕོན་ཆེན་དབོར་འདྲེན་བྱེད་བཞིན་ཡོད་པ་དང་བསྟུན་དགུན་དུས་ཀྱི་གྲང་ངར་སོགས་ལ་གཡོལ་ཆེད་ས་འོག་ཁང་པ་འཛུགས་སྐྲུན་བྱས་ཏེ་སྲུང་སྐྱོབ་ཀྱི་ལས་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་འདུག

The PLA has been building underground facilities along its borders with India in the Himalayas. Photo: Handout

དེ་རིང་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་ ༡ དང་ཕྱེད་ཀ་ལྷག་གི་རིང་རྒྱ་དཀར་ནག་དབར་ཆེས་མཐོའི་གྲོས་མོལ་ཐེངས་འགར་བྱས་ཀྱང་། རྒྱལ་ཁབ་གཉིས་ཀྱི་ས་མཚམས་དང་འབྲེལ་བའི་རྩོད་གཞི་ཐག་མ་ཆོད་པའི་ཁར། དགུན་དུས་ཀྱི་གྲང་ངར་སླེབས་བཞིན་པ་དང་བསྟུན། རྒྱ་ནག་ཕྱོགས་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་བཅད་པའི་བོད་ཧིན་ས་མཚམས་སུ་དམག་མི་དང་གོ་མཚོན་སོགས་སྲུང་སྐྱོབ་ཆེད་ས་འོག་ཁང་པ་འཛུགས་སྐྲུན་བྱེད་ཀྱི་ཡོད་འདུག

དེ་ཡང་བོད་ཧིན་ས་མཚམས་ཁུལ་དུ་རྒྱ་ནག་བཅིངས་འགྲོལ་དམག་གི་ནུབ་དམག་ཁུལ་ཁང་ཟེར་བས་དོ་དམ་དང་ལྟ་སྲུང་བྱེད་ཀྱི་ཡོད་ཅིང་། ཉེ་ཆར་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཐོན་པའི་པར་རིས་སོགས་ཀྱི་ནང་། ནུབ་དམག་ཁུལ་ཁང་གིས་དམག་དོན་འཐབ་ཇུས་ལ་མེད་དུ་མི་རུང་བའི་བཀོད་དོམ་ཁང་དང་མེ་སྒྱོགས་ཀྱིས་མཚོན་པའི་གོ་མཚོན་རིགས་དགུན་གྱི་གྲང་ངར་ལས་སྐྱོབ་ཆེད་ས་འོག་ཁང་པ་འཛུགས་སྐྲུན་བྱ་རྒྱུའི་ལས་གཞི་ཇེ་མྱུར་དུ་བཏང་ཡོད་པ་མ་ཟད། ས་ཚིགས་འགའ་ཤས་ནང་འཛུགས་སྐྲུན་གྲུབ་སྟེ་སྦྱོང་བརྡར་གྱི་རིམ་པ་འགྲོ་མུས་ཡིན་འདུག

བདུན་ཕྲག་སྔོན་མར་རྒྱ་ནག་གི་གཞུང་འབྲེལ་དབུས་བརྙན་འཕྲིན་ཁང་ (CCTV) གིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༤༨༠༠ ལྷག་ལ་ཡོད་པའི་ཤར་ཊུར་ཀི་སི་ཐན་(ཤིན་ཅང་) གྱི་ས་ཁུལ་ཞིག་ཏུ། རྒྱ་ནག་གི་སྨན་བཅོས་དམག་དཔུང་གིས་དངོས་སུ་སྦྱོང་བརྡར་བྱེད་བཞིན་པའི་བརྙན་ཐུང་ཞིག་འགོད་སྤེལ་བྱས་ཡོད། གཞན་ཡང་འདི་ལོའི་ཕྱི་ཟླ་ ༡ པའི་ནང་རྒྱ་ནག་གཞུང་གིས་རྒྱ་གར་ཕྱོགས་ཀྱི་དམག་མིའི་བྱ་འགུལ་ལ་ལྟ་ཞིབ་བྱ་པའི་ཆེད་དུ། བོད་དང་རྒྱ་གར། འབྲུག་བཅས་ཀྱི་ས་མཚམས་ཀྱི་གསུམ་མདོར་འཁེལ་བའི་འབྲོག་ལམ་ཁུལ་དུ་གཏན་འཇགས་ཁང་པ་ཞིག་གསར་འཛུགས་བྱས་ཡོད་པ་མ་ཟད།ཁང་པ་འཛུགས་སའི་ས་འོག་དེར་དམག་མི་བཅུ་ཕྲག་རེ་གཉིས་གཤོང་སའི་ས་འོག་ཁང་པ་གཅིག་ཀྱང་བསྐྲུན་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོར་འབྲོག་ལམ་ཁུལ་དུ་རྒྱ་དཀར་ནག་གི་དམག་མིའི་དབར་གདོང་ཐུག་དྲག་པོ་བྱུང་བའི་རྗེས་སུ། རྒྱ་ནག་གཞུང་གིས་དམག་དོན་གྱི་གནད་འགག་ཆེ་བའི་ས་ཁུལ་ཡོངས་ནང་ས་འོག་ཁང་པ་འཛུགས་སྐྲུན་ཤུགས་ཆེ་རུ་བཏང་ཡོད་ཅིང་། རྒྱ་ནག་གི་དམག་དོན་བྱ་འགུལ་དང་འབྲེལ་བའི་སྐོར་ལ་གནས་ཚུལ་ཤུགས་ཆེར་འགོད་སྤེལ་བྱེད་མཁན་རྒྱ་གར་གྱི་པི་རིན་ཊི་གསར་ཁང་ (The Print) གིས། ཕྱི་ལོ་ ༢༠༡༩ ལོར་བོད་ལྗོངས་དམག་ཁུལ་ཁང་ཟེར་བས་རྒྱ་གར་གྱི་ས་མཚམས་དང་ཐག་ཉེར་ཡོད་པའི་བོད་ཀྱི་ལྷོ་ཁ་ས་ཁུལ་དུ་ཕྱི་ལོ་ ༡༩༩༠ ལོར་གསར་སྐྲུན་བྱས་པའི་དམག་དོན་ས་འོག་ཁང་པ་གཉིས་བསྐྱར་བཟོ་བྱེད་བཞིན་ཡོད་པའི་པར་རིས་འགོད་སྤེལ་བྱས་ཡོད་པ་རེད།

China is deploying more of its troops to combat roles. Photo: Xinhua

རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱི་དེ་འབྲེལ་གནས་ཚུལ་གཞན་ཞིག་གི་ནང་། ཉེ་ཆར་རྒྱ་ནག་གི་དམག་དོན་དཔྱད་རྗོད་པ་ཀྲོང་ཤིན་ (Zhong Xin) ཟེར་བ་ཞིག་གིས་རྒྱ་ནག་གི་དམག་དོན་སྲིད་ཇུས་སྐོར་གྱི་དེབ་ཅིག་བཏོན་ཡོད་ཅིང་། དེབ་དེའི་ནང་རྒྱ་ནག་གཞུང་གིས་ཉེ་ལམ་འཐབ་རྒོལ་དམག་མིའི་ (Combat Force) གྲངས་འབོར་མང་དུ་བཏང་སྟེ། རྒྱ་ནག་མི་མང་བཅིངས་འགྲོལ་དམག་གི་སྒྲོམ་གཞི་ལ་འགྱུར་བ་ཆེན་པོ་གཏོང་གི་ཡོད་སྐོར་བརྗོད་འདུག་ཀྱང་། འཐབ་རྒོལ་དམག་མིའི་གྲངས་འབོར་ཏག་ཏག་དེ་བཤད་མེད་པ་རེད་འདུག འོན་ཀྱང་རྒྱ་ནག་གི་འབྲེལ་ཡོད་མི་སྣ་ཞིག་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ལམ་རྒྱ་ནག་གཞུང་གིས་གཞོན་སྐྱེས་རྣམས་དམག་ཁོངས་སུ་ཞུགས་ཆེད་འཐབ་རྒོལ་དམག་མི་འབུམ་ ༣ ལ་མཁོ་བའི་མཐུན་རྐྱེན་གསར་སྤྲོད་བྱས་ཡོད་པ་མ་ཟད། འཐབ་རྒོལ་དམག་མིའི་ས་མིག་ཆེད་དུ་གོ་མཚོན་དབོར་འདྲེན་ཚན་པའི་དམག་མིས་མཚོན་པའི་ས་མིག་རིགས་ཉུང་འཕྲི་བྱས་ཡོད་པ་དང་། འཐབ་རྒོལ་དམག་མི་ས་མིག་གསར་བ་དེ་དག་གཙོ་ཆེར་མཁའ་དམག་དང་། མེ་ཤུགས་འཕུར་མདེལ་རུ་ཁག་སོགས་ཀྱི་ནང་བཅུགས་ཡོད་འདུག གཞན་ཡང་དེབ་དེའི་ནང་། ཕྱི་ལོ་ ༡༩༥༠ ལོའི་ནང་ཀོ་རི་ཡའི་དམག་འཁྲུག་ནང་ཞུགས་པའི་སྐབས་སུ་རྒྱ་ནག་ལ་ཁྱོན་བསྡོམས་དམག་མི་ས་ཡ་ ༦ ལས་མང་བ་ཡོད་ནའང་། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ནང་སྲིད་འཛིན་དང་དམག་གི་གཙོ་འཛིན་གཅིག་ལྕོགས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱ་ནག་གི་དམག་དེང་རབས་ཅན་དུ་སྒྱུར་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ད་ལྟའི་ཆར་རྒྱ་ནག་བཅིངས་འགྲོལ་དམག་ལ་ཁྱོན་དམག་མི་ས་ཡ་ ༢ ལྷག་མ་གཏོགས་མེད་སྐོར་འཁོད་ཡོད་ལ། དེ་བཞིན་ད་ལྟའི་རྒྱ་ནག་གི་དམག་དོན་བཀོད་འདོམས་ལམ་ལུགས་དང་དམག་གི་སྒྲོམ་གཞི་དེ་ཚགས་ཚུད་ཅིག་མེད་པ་དང་། དེ་དག་ཡར་རྒྱས་མ་བཏང་བར་དུ་རྒྱལ་སྤྱིའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་འཛུགས་སྐྲུན་བྱ་རྒྱུ་ཟེར་བ་དེ་ཚིག་སྐམ་པོ་ཞིག་ལས་མིན་སྐོར་བརྗོད་འདུག

རྒྱ་དཀར་ནག་གི་དམག་དོན་འབྲེལ་བའི་སྐོར་གྱི་དབྱེ་ཞིབ་པ་རྣམས་ཀྱིས་འདས་ལོར་བོད་ཧིན་ས་མཚམས་སུ་འཁེལ་བའི་གྷལ་ཝན་ལུང་གཤོངས་ནང་རྒྱ་དཀར་ནག་གི་དམག་མིའི་དབར་གདོང་ཐུག་དྲག་པོ་བྱུང་སྟེ་ཕྱོགས་གཉིས་ཀྱི་དམག་མིར་ཤི་རྨས་ཚབས་ཆེན་བྱུང་རྗེས་སུ། རྒྱ་གར་གྱི་དམག་དོན་ཐབས་ཇུས་ལ་འགྱུར་བ་ཆེན་པོ་ཕྱིན་ཏེ་རྒྱ་གར་གྱི་དགྲ་བོ་ཨང་དང་པོ་དེ་པཱ་ཀི་སི་ཐན་ནས་རྒྱ་ནག་གི་ཕྱོགས་སུ་ཁ་བསྒྱུར་ཟིན་ཡོད་པ་དང་། གྷལ་ཝན་གྱི་དོན་རྐྱེན་དེའི་རྗེས་སུ་རྒྱ་ནག་དང་རྒྱ་གར་གཉིས་ཀས་ས་མཚམས་ཁུལ་དུ་དམག་མི་དང་གོ་མཚོན་ཕོན་ཆེན་འགྲེམ་འཇོག་བྱས་ཏེ། ད་བར་ཕྱོགས་གཉིས་དབར་གྲོས་མོལ་ཐེངས་ ༡༣ བྱས་ནའང་གྲུབ་འབྲས་དེ་ཙམ་མ་སོན་པར་ལྷག་ཡོད་ཅིང་། ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གར་གྱི་བདེ་སྲུང་དམག་སྤྱི་བྷི་པིན་རཱ་ཝ་ཏི་ (Bipin Rawat) ཡིས་རྒྱ་ནག་ནི་རྒྱ་གར་གྱི་བདེ་འཇགས་ཐད་ལ་ཉེན་ཁ་ཆེ་ཤོས་དེ་ཡིན་པ་དང་། རྒྱ་དཀར་ནག་དབར་ལ་ཡིད་ཆེས་མེད་པ་དང་དོགས་པ་ཇེ་ཆེར་འགྲོ་བཞིན་པ་དེས་ས་མཚམས་ཀྱི་རྩོད་རྙོག་ཞི་འགྲིག་ཡོང་རྒྱུར་བར་ཆད་ཡོང་གི་ཡོད་པ་དང་། རྒྱ་གར་ལ་བྱང་གི་ས་མཚམས་དང་ལྷོ་ཕྱོགས་རྒྱ་མཚོའི་ཁུལ་དུ་རྐྱེན་ངན་ཅི་བྱུང་ལ་གྲ་སྒྲིག་ཨང་གསར་ཡིན་སྐོར་སོགས་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese