མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱམས་སྙིང་རྗེ་ནི་ཆོས་ལུགས་ནས་བྱུང་བའི་བསླབ་བྱ་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཡོད་པའི་བཟང་པོའི་ཡོན་ཏན་ཞིག་ཆགས་ཀྱི་ཡོད།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་དེང་སང་སློབ་སྦྱོང་ཤུགས་ཆེན་པོ་དར་བསྡད་ཡོད་པ་དང་མི་རྣམས་ཤེས་ཡོན་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན་མི་སྒེར་པ་གཅིག་གཉིས་དཔེར་ན་༧རྒྱལ་བ་རིན་པོ་ཆེ་ལྟ་བུ་དང་༧པཎ་ཆེན་རིན་པོ་ཆེ་ལྟ་བུ་རྩ་ཆེན་པོར་རྩིས་པ་དེ་དགོས་མཁོ་ཞེ་དྲགས་ཆགས་ཀྱི་མ་རེད་བསམ་གྱི་འདུག་ཅེས་གསུངས་སོང་།

དེ་རིང་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་སྡེ་ (World Community of Christian Meditation) ཞེས་པ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་དུས་དྲན་དང་བསྟུན། ཚོགས་པ་འཛུགས་མཁན་དང་དགེ་རྒན་ཡེ་ཤུའི་གྲྭ་བ་ཧྥ་རྡར་ལོ་རེན་སི་ཧྥརི་མེན་ (Father Laurence Freeman) དང་ལྷན་དུ་གཅིག་འདུས་ཀྱི་ཤེས་པ། སེམས་གཅིག བློ་གཅིག (Unified Consciousness: One Mind and One Heart) ཅེས་ཡེ་ཤུ་པའི་བཞེད་སྲོལ་ཞིག་གི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ་དང་བཀའ་འདྲིར་བཀའ་ལན་སྩལ།

ཐོག་མར་ཡེ་ཤུའི་གྲྭ་བ་ཧྥ་རྡར་ལོ་རེན་སི་ཧྥརི་མེན་ (Father Laurence Freeman) ལགས་ཀྱིས། དེ་རིང་ཞོགས་པར་ཁོང་གིས་༧གོང་ས་མཆོག་ནས་ལྗགས་རྩོམ་མཛད་པའི་སེམས་པ་བཟང་པོ་ (The Good Heart)ཞེས་པའི་དཔེ་དེབ་དེ་བཀླགས་ཡོད་པ་དང་། ཁོང་གིས་དཔེ་དེབ་དེ་ཡང་ཡང་ཀློག་གི་ཡོད་སྐོར་དང་། ཕྱི་ལོ་ ༡༩༩༦ ལོར་༧གོང་ས་མཆོག་ཐོག་མར་མཇལ་བ་ནས་བཟུང་ལྗགས་རྩོམ་མཛད་པའི་གསུང་དེབ་རྣམས་ཀློག་གི་ཡོད་སྐོར་བརྗོད་སོང་། དེ་ནས་༧གོང་ས་མཆོག་གིས། སྣོད་ཀྱི་འཇིག་རྟེན་འདིའི་ནང་འཚོ་བསྡད་མཁན་གྱི་དུད་འགྲོ་སེམས་ཅན་སུ་འདྲ་ཞིག་ཡིན་རུང་བདེ་བ་འདོད་མཁན་ཡིན་པ་གཅིག་གྱུར་རེད། སྤྱིར་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ལྟ་བུར་ཆ་བཞག་ན། ངོས་རང་གིས་བྱམས་བརྩེའི་རང་བཞིན་ཡིན་པ་ངོས་འཛིན་ཞུ་ཡི་ཡོད། རྒྱུ་མཚན་ནི་ཆུང་དུས་མའི་མངལ་ནས་སྐྱེས་པ་ནས་མའི་བརྩེ་བས་འཚོ་བ་རེད། མའི་བརྩེ་བས་མ་བསྐྱངས་ན་ང་ཚོ་སྲོག་འཚོ་ཐུབ་རྒྱུ་མེད་པའི་གནས་སྟངས་ཆགས་ཀྱི་ཡོད་པར་བརྟེན། ང་ཚོའི་མི་ཚེ་མགོ་འཛུགས་སྟངས་ནི་དེ་ལྟར་རེད། གཞི་རྩའི་ང་རང་ཚོ་འགྲོ་བ་མི་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་གཞན་དང་གཅིག་མཚུངས་རེད། སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་གང་ཡིན་རུང་། རང་གི་ཚོགས་པ་འདིའི་ནང་གཏོགས་པའི་སེམས་ཅན་ཕན་ཚུན་རོགས་པ་བྱ་རྒྱུ་ནི་རང་བཞིན་གཤིས་ཀ་ལྟ་བུ་ཆགས་ཀྱི་ཡོད་པ་རེད། སྟབས་མི་ལེགས་པ་ཞིག་ལ། དུས་རབས་འདིའི་ནང་ང་ཚོའི་ཀླད་པ་ཡར་རྒྱས་གཏོང་བ་རྩལ་དུ་བཏོན། ནང་གི་སེམས་པ་བཟང་པོ་གོང་འཕེལ་དུ་གཏོང་རྒྱུའི་ཐོག་ལ་འཐུས་ཤོར་འགྲོ་ཡི་འདུག དེ་ཡང་ང་ཚོའི་དེང་དུས་ཀྱི་ཤེས་ཡོན་གྱི་སྡེ་ཚན་ནང་བྱམས་སྙིང་རྗེ་དང་འབྲེལ་བའི་སློབ་ཚན་དང་དེའི་སྐོར་སློབ་ཀྱི་མེད་པ་རེད། སྤྱིར་བཏང་གཞི་རྩའི་ང་ཚོ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེའི་རང་བཞིན་ཡིན་ནའང་། ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ནང་མིའི་ནང་ལོག་ལ་འཁྲུག་རྩོད་ཞེ་དྲགས་ཤུགས་ཆེན་པོ་བྱུང་ཡོད་པར་བརྟེན། དམག་ཆེན་དང་པོ་དང་གཉིས་པ་སོགས་ཀྱི་དཀའ་ངལ་བྱུང་ཡོད་པ་ཚང་མས་མཁྱེན་གསལ་རེད། མི་མང་པོ་ཞིག་དྲག་རྩུབ་ཀྱི་བྱ་སྤྱོད་ལ་ཞེད་དྲགས་པའི་རྣམ་པ་མང་པོ་ཐོན་ཡོང་གི་འདུག ད་དུང་གོ་མཚོན་བཟོ་བའི་དོན་དུ་དཔལ་འབྱོར་ཤུགས་ཆེན་བཏང་བ་རེད། དེར་བརྟེན་ང་ཚོའི་འཛམ་གླིང་འདི་གོ་མཚོན་གྱིས་དབེན་པའམ་གོ་མཚོན་གཏན་ནས་མེད་པའི་འཛམ་གླིང་ཞིག་ཏུ་འགྱུར་བར་ཤུགས་རྒྱག་མཁན་མང་པོ་ཡོད་རེད། ང་ཚོ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནི་གཅིག་གྱུར་ཡིན་པ་དང་ཐོབ་ཐང་རེད། དེ་བཞིན་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་རེད། ང་ཚོར་ལྷན་སྐྱེས་ཀྱི་རང་བཞིན་དེ་ལྟར་ཡོད་པའི་སྐབས་སུ་རྟེན་འབྲེལ་གྱི་བསམ་བློ་གཏོང་ན། ངའི་འཛམ་གླིང་དང་ངའི་རྒྱལ་ཁབ། ངའི་གླིང་ཕྲན་ཟེར་བའི་ས་མཚམས་ཕྱེས་ཏེ་དེ་ཁོ་ནའི་དོན་དག་ལ་བསམ་བློ་གཏོང་རྒྱུ་ཡོད་མ་རེད། སྤྱིར་བཏང་རང་བྱུང་ཁོར་ཡུག་གི་འགྲོ་སྟངས་ལ་ཆ་བཞག་ནའང་རང་བྱུང་ཁོར་ཡུག་གི་ངོས་ནས་རྒྱལ་ཁབ་དང་གླིང་ཕྲན་ལྟ་བུའི་ས་མཚམས་མེད་པར་བརྟེན་ང་རང་ཚོས་གོ་ལ་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ནི་ཞེ་དྲགས་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས། ངོས་རང་སྒེར་ལ་ཆ་བཞག་ན། ཐོག་མར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་བ་རེད། རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ནས་སྟབས་ལེགས་པ་ཞིག་ལ་རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ནས་ད་ལྟ་བར་དུ་བསྡད་པ་རེད། སྤྱིར་བཏང་བྱས་ན་གནས་སྟངས་ངོ་མ་དེ་སོ་སོའི་རྒྱལ་ཁབ་མེད་པའི་བཙན་བྱོལ་བ་ཞིག་རེད། ཡིན་ནའང་སྤྱིར་བཏང་སྟབས་མ་ལེགས་པ་རྐྱེན་ངན་གོད་ཆག་གི་གནས་སྟངས་རེད་དེ། ཕྱོགས་གཞན་ནས་དེའི་སྟབས་ཀྱིས་རང་དབང་ལུང་པ་ལ་བསླེབས། རྒྱ་གར་ལྟ་བུར་ཆ་མཚོན་ན། རང་དབང་ཅན་གྱི་རྒྱལ་ཁབ་རེད། ད་དུང་མི་རིགས་འདྲ་མིན་སྣ་ཚོགས་ཡོད་པ་དང་ཆོས་ལུགས་སྣ་ཚོགས་ཡོད་པར་བརྟེན། རྒྱ་གར་ནང་ཆོས་ལུགས་ཀྱི་མཐུན་སྒྲིལ་གྱི་གནས་སྟངས་ཞེ་དྲགས་ཡག་པོ་ཡོད་རེད། དེར་བརྟེན་རྒྱ་གར་ནང་དུ་སྡོད་དུས། ཆོས་ལུགས་འདྲ་མིན་སྣ་ཚོགས་ནས་ཕེབས་པའི་ཕྱོགས་ཁག་དང་གྲོས་མོལ་བྱ་རྒྱུའི་གོ་སྐབས་བྱུང་སོང་། དཔེར་ན། ཡེ་ཤུ་དང་ཧིན་རྡུ། གཅེར་པུ་བ། སིག་གི་ཆོས་ལུགས་ལ་སོགས་པའི་ཆོས་ལུགས་སྣ་ཚོགས་པ་དང་གྲོས་མོལ་བྱ་རྒྱུའི་གོ་སྐབས་བྱུང་བ་རེད། དེང་སང་རྒྱ་གར་མཚོན་པའི་ས་ཕྱོགས་ག་པར་ཡིན་ནའང་། ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་དུ་གཏོང་བའི་གོ་སྐབས་ཏན་ཏན་ཡོད་རེད། དེར་བརྟེན། ཧྥ་རྡར་ལོ་རེན་སི་ཧྥརི་མེན་ (Father Laurence Freeman) ཁྱེད་རང་ངོས་རང་གི་ཆོས་གྲོགས་ཡིན་པའི་ཆ་ནས། ང་ཚོ་ཐུན་མོང་གི་ལས་འགན་འདི་འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་འཕེལ་དུ་གཏོང་རྒྱུ་དེ་ཆགས་ཀྱི་ཡོད་པ་རེད། སྒེར་གྱི་རང་ལུགས་གནས་ཚུལ་ལོགས་ཀ་རེད། ཡིན་ནའང་སྤྱི་ཡོངས་ཀྱི་མཐུན་སྒྲིལ་བསྐྲུན་རྒྱུ་ནི་ང་ཚོའི་ཐུན་མོང་གི་ལས་འགན་རེད། དེར་བརྟེན་དེ་རིང་ཁྱེད་རང་མཇལ་ནས་དགའ་པོ་ཞེ་དྲགས་བྱུང། ཁྱེད་རང་ནི་སྒོམ་སྒྲུབ་བྱེད་མཁན་གྱི་ཡེ་ཤུའི་གྲྭ་པ་ཞིག་ཆགས་བསྡད་ཡོད་དུས། ཚངས་སྤྱོད་ཀྱི་གནས་ལ་བརྟེན་པའི་ཡེ་ཤུའི་རབ་བྱུང་དང་ང་རང་ལ་ཆ་བཞག་ནའང་ནང་པའི་རབ་བྱུང་ཞིག་ཡིན་པའི་ཆ་ནས་ཆོས་གྲོགས་ངོ་མ་ཆགས་པ་དང་དོན་དངོས་པོའི་ཆ་ལ་ཆོས་གྲོགས་ཆགས་ཀྱི་ཡོད་རེད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས། ངོས་ཀྱིས་རྒྱུན་གཏན་དུ་ཞུ་ཡི་ཡོད། རྒྱ་གར་གྱི་རང་བཙན་རྩོད་ལེན་པ་སེམས་དཔའ་ཆེན་པོ་གྷན་དྷི་ (Mahatma Gandhi) བཞུགས་དུས། ཁོང་གིས་འཚེ་མེད་ཞི་བའི་ལྟ་གྲུབ་དེ་ཁྱབ་སྤེལ་གནང་ཡོད་རེད་ལ། ཁོང་གི་རྗེས་སུ་འབྲངས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་དོ་སྣང་ཡོད་མཁན་མང་པོ་བྱུང་ཡོད་པ་རེད། དེར་བརྟེན་ང་རང་ཚོའི་ངོས་ནས་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་བྱམས་སྙིང་རྗེའི་ལྟ་གྲུབ་འདི་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་རྒྱུའི་ཐོག་ལ་འབད་བརྩོན་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད། སྤྱིར་ཆོས་ལུགས་ཡོངས་ཀྱི་བྱམས་སྙིང་རྗེའི་སྐོར་ལ་གསུང་གི་ཡོད་པ་རེད། ལྷག་པར་དུ་ཡེ་ཤུའི་ཆོས་ལུགས་ནང་བྱམས་སྙིང་རྗེའི་བསླབ་བྱ་ཤུགས་ཆེན་པོ་གསུང་གི་ཡོད་རེད། དེ་ཡང་ཁྱེད་རང་ཚོ་ཡེ་ཤུ་ལྟ་བུར་ཆ་བཞག་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་པའི་ཆ་ནས་འཇིག་རྟེན་བཀོད་པ་པོ་ཕ་གཅིག་གིས་བཀོད་པའི་སེམས་ཅན་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་བཅངས་དགོས་རྒྱུའི་བསམ་བློའི་ཁྱེར་སོ་ཡོད་རེད་ལ། འཇིག་རྟེན་བཀོད་པ་པོ་སྙིང་རྗེ་ཚད་མེད་པའི་བདག་ཉིད་ཅན་ཡིན་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་པར་བརྟེན། སྙིང་རྗེ་ཚད་མེད་པའི་བདག་ཉིད་ཅན་གྱི་འཇིག་རྟེན་བཀོད་པ་པོ་དེ་ཡིས་བཀོད་པའི་འགྲོ་བ་སེམས་ཅན་ཡིན་པ་གཅིག་གྱུར་ཡིན་པའི་ཆ་ནས། ཕན་ཚུན་གཉེན་བཤེས་ཀྱི་འདུ་ཤེས་དང་བྱམས་བརྩེའི་འདུ་ཤེས་བཅངས་དགོས་པའི་རྒྱུ་མཚན་དེ་འདྲ་ལ་བལྟས་ན། འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པའི་བྱམས་སྙིང་རྗེ་འདི་རང་བཞིན་གྱིས་ཡོང་ཐུབ་རྒྱུ་ཡོད་པ་རེད། ངོས་རང་ཆ་བཞག་པ་ཡིན་ན། མི་ཚེ་ཡོངས་རྫོགས་ནང་བྱམས་སྙིང་རྗེ་འདི་འཛམ་གླིང་སྤྱི་ལ་གང་ཐུབ་ཐུབ་ཁྱབ་སྤེལ་བྱ་རྒྱུའི་ཐོག་ལ་འདུན་པ་བརྟན་པོ་ཡོད། ང་རང་ཚོ་འཛམ་གླིང་སྤྱི་ལ་ཡོད་པའི་ཆོས་ལུགས་ཆ་ཚང་ལ་བྱམས་སྙིང་རྗེ་གོང་འཕེལ་དུ་གཏོང་རྒྱུའི་ནུས་པ་ཡོད་པ་རེད། བྱམས་སྙིང་རྗེ་ཟེར་བ་ནི་ཆོས་ལུགས་ནས་བྱུང་བའི་བསླབ་བྱ་ཙམ་མིན་པར་དངོས་ཡོད་གནས་ཚུལ་སོ་སོར་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཡོད་མཁན་གྱི་བཟང་པོའི་ཡོན་ཏན་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས།

དེ་ནས་བཀའ་འདྲི་བཀའ་ལན་གནང་བའི་སྐབས་སུ། ཧྥ་རྡར་ལོ་རེན་སི་ཧྥརི་མེན་ལགས་ཀྱིས་ང་ཚོའི་སྤྱི་ཚོགས་ནང་དབྱེ་འབྱེད་མང་པོ་ཡོད་པ་ཡིན་དུས། དབྱེ་འབྱེད་ཤུགས་ཆེན་པོ་ཡོད་པའི་སྐབས་སུ་མིའི་བསམ་བློའི་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་ཐོག་ལ་༧གོང་ས་མཆོག་ནས་བཀའ་སློབ་ལམ་སྟོན་གནང་རོགས། དེ་བཞིན་ང་རང་ཚོ་འགྲོ་བ་མི་ཡིན་པའི་བསམ་བློ་དང་འཛམ་གླིང་གོ་ལ་གཅིག་གྱུར་གྱི་ཐོག་ལ་དགོངས་པ་བཞེས་སྟངས་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། ང་ཚོ་འགྲོ་བ་མི་ཡིན་པའི་བསམ་བློ་དང་འཛམ་གླིང་གོ་ལ་གཅིག་གྱུར་གྱི་འདུ་ཤེས་ཏན་ཏན་ཡོང་གི་བསམ་གྱི་འདུག འོན་ཀྱང་སློབ་སྦྱོང་གི་སྒོ་ནས་མ་གཏོགས་ཆོས་ལུགས་ཀྱི་མཛད་སྒོ་ཚོགས་པ་ལྟ་བུའི་སྒོ་ནས་མིན་པར། ང་ཚོའི་དེང་དུས་ཀྱི་སློབ་སྦྱོང་ནི་འཛམ་གླིང་སྤྱི་ལ་ཁྱབ་བསྡད་ཡོད་རེད། ད་བར་དུ་དེང་དུས་ཀྱི་སློབ་སྦྱོང་གི་ནང་ཀླད་པ་སྤྱང་པོ་ཡོང་བའི་སླད་དུ་དོ་སྣང་བྱས་ཏེ་སློབ་སྦྱོང་སྤྲད་པ་མ་གཏོགས། ནང་གི་བསམ་པ་བཟང་པོ་ཡོང་རྒྱུ་དང་མི་བཟང་པོ་ཡོང་བའི་སླད་དུ་འབད་བརྩོན་བྱས་ནས་སློབ་སྦྱོང་སྤྲོད་ཀྱི་ཡོད་མ་རེད། དེར་བརྟེན། མི་མང་ཡོངས་ལ་སེམས་པ་བཟང་པོའི་དགོས་མཁོ་གང་ཡིན་པའི་སྐོར་ལ་སློབ་སྦྱོང་མང་ཙམ་སྤྲོད་དགོས་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག སྤྱིར་བཏང་ནང་གི་སེམས་པ་བཟང་པོ་ཡོད་ན། རང་བཞིན་གྱིས་སེམས་ཀྱི་ཞི་བདེ་ཡོང་བ་དང་འཕྲོད་བསྟེན་ཡག་པོ་ཡོང་གི་ཡོད་པ་རེད། བསམ་བློའི་ནང་དུ་གཞན་ལ་ཕྲག་དོག་དང་འགྲན་སེམས་ཀྱི་གནོད་པའི་བསམ་པ་ཅན་མང་པོ་ཡོད་ན། འཁོན་འཛིན་གྱི་བསམ་པ་དང་འ་ཆད་འུ་ཐུག དེ་བཞིན་ཁོང་ཁྲོའི་བསམ་བློ་སླེབས་པ་འདི་ཡིས་སོ་སོའི་གཟུགས་པོའི་འཕྲོད་བསྟེན་དང་སེམས་ཀྱི་ཞི་བདེ་ལ་གནོད་ཀྱི་ཡོད་རེད། དེས་ན། སེམས་ཀྱི་ཞི་བདེ་ཟེར་བ་དང་ནང་སེམས་ཀྱི་ཞི་བདེ་ནི་གཙོ་བོ་སེམས་ཀྱི་ཞི་བདེ་ལ་ལྟོས་ཀྱི་ཡོད་པ་རེད། སེམས་ཀྱི་ཞི་བདེ་ནི་འགྲོ་བ་སེམས་ཅན་ཡོངས་ལ་དགོས་མཁོ་ཡོད་པ་རེད། དེར་བརྟེན་ཞི་བདེ་སྒྲུབ་པར་ངེས་པར་དུ་བསམ་པ་བཟང་པོ་ལ་ལྟོས་དགོས་པ་ནི་གལ་ཆེན་པོ་མཐོང་གི་འདུག ངོས་ཀྱིས་གོང་དུ་ཞུས་པ་ལྟར། དུས་རབས་སྔ་མའི་ནང་གྷན་དྷི་ཡིས་འཚེ་མེད་ཞི་བའི་སྐོར་ལ་ཤུགས་ཞེ་དྲགས་བསྐྱོན་པ་རེད། ད་ལྟའི་དུས་རབས་འདིའི་ནང་རྒྱ་གར་བ་གཙོ་བོར་གྱུར་བའི་རྒྱ་གར་གྱི་གནའ་རབས་རིག་གཞུང་བྱམས་སྙིང་རྗེ་འདི་འཛམ་གླིང་སྤྱི་ལ་ཁྱབ་པའི་དོན་དུ་ཤུགས་རྒྱག་དགོས་པ་ནི་གལ་ཆེན་པོ་མཐོང་གི་འདུག དེ་ནས་རིམ་པས་འཛམ་གླིང་ས་ཕྱོགས་ག་པར་ཡིན་རུང་ནང་གི་བསམ་པ་བཟང་པོ་ཡོང་རྒྱུ་དང་སྤྱི་ཚོགས་ཁོ་རང་གིས་ཤུགས་བརྒྱབ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེ་ཡང་ཆོས་ལུགས་ཀྱི་སྒོ་ནས་མིན་པར་སློབ་སྦྱོང་གི་སྒོ་ནས་བྱེད་དགོས་ཀྱི་རེད་བསམ་གྱི་འདུག དེའི་ཆེད་དུ་སློབ་སྦྱོང་གི་ཤེེས་ཡོན་སྡེ་ཚན་གྱི་ནང་བྱམས་སྙིང་རྗེ་དང་འབྲེལ་བའི་སློབ་ཚན་བཅུག་རྒྱུ་དེ་མགོ་ཁྲིད་མཁན་རྒྱ་གར་བྱེད་དགོས་ཀྱི་རེད་དྲན་གྱི་འདུག དེར་བརྟེན་ནང་གི་བསམ་པ་བཟང་པོ་ནི་སོ་སོའི་སེམས་ཀྱི་ཞི་བདེ་དང་སོ་སོའི་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་བྱེད་དགོས་པའི་དམིགས་ཡུལ་བཞག་ནས་སེམས་པ་བཟང་པོ་བྱེད་པར་བློ་སྐྱེད་ཀྱི་རེད་བསམ་གྱི་འདུག བྱམས་སྙིང་རྗེ་སྤྱི་ལ་ཁྱབ་ཆེད་དང་གོང་འཕེལ་གཏོང་བའི་སླད་དུ་ང་ཚོས་ལས་འགུལ་སྤེལ་དགོས་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག འདིའི་ཐོག་ལ་ང་ཚོ་ཐུན་མོང་གི་དམིགས་བསལ་ལས་འགན་ཡོད་རེད། དེང་དུས་ཀྱི་ཤེས་ཡོན་ནང་ཆོས་ལུགས་ལ་མ་བརྟེན་པར་རིས་མེད་ཀྱི་ཐབས་ལམ་གྱི་སྒོ་ནས་བྱམས་སྙིང་རྗེ་དང་འབྲེལ་བའི་སློབ་ཚན་བསླབ་དགོས་པ་ནི་གལ་ཆེན་ཡིན་སྐོར་གསུངས་སོང་།

འཛམ་གླིང་ཡེ་ཤུའི་དགོན་སྡེ་ལྷན་ཚོགས་ཀྱི་འཐུས་མི་དང་ཁང་པ་འཛུགས་སྐྲུན་གྱི་ཆེད་ལས་པ་ (Angelene Chan)ཞེས་པ་ཞིག་གིས། མ་འོངས་པ་༧གོང་ས་སྐུ་ཕྲེང་ ༡༥ པ་མཆོག་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ངོས་ནས་གསུང་རྒྱུའི་བསླབ་བྱ་གལ་ཆེ་ཤོས་ག་རེ་ཡིན་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། དྲང་པོ་བཤད་ན། འདིའི་སྐོར་ངོས་རང་གི་བསམ་ཚུལ་གང་ཡང་ཞུ་ཡི་མེད་ལ། སྐུ་ཕྲེང་བཅོ་ལྔ་པའི་སྐོར་ལ་ད་ལྟ་བྲེལ་བ་གང་ཡང་མཐོང་གི་མི་འདུག ངོས་རང་ཇི་སྲིད་འཚོ་བའི་བར་དུ་འཛམ་གླིང་སྤྱིའི་བདེ་སྡུག་དང་ཞི་བདེ། ཁོར་ཡུག་ཐོག་ལ་གང་ཐུབ་ཐུབ་ཀྱིས་ལས་ཀ་བྱེད་ཀྱི་ཡོད། དེར་བརྟེན་འབྱུང་འགྱུར་གྱི་སྐུ་ཕྲེང་བཅོ་ལྔ་པའི་སྐོར་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་མེད། འདི་ངོས་རང་སྒེར་གྱིས་དམིགས་བསལ་བྱུས་གཏོགས་མཐོང་གི་འདུག ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རྗེས་སུ་གནས་ཚུལ་འགྱུར་བ་གང་འཚམ་འགྲོ་ཡི་རེད། སྤྱིར་བཏང་སློབ་སྦྱོང་ཤུགས་ཆེན་པོ་དར་བསྡད་ཡོད་པ་དང་མི་མང་ཚོ་ཤེས་ཡོན་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན། མི་སྒེར་པ་གཅིག་གཉིས་ལ། དཔེར་ན་༧རྒྱལ་བ་རིན་པོ་ཆེ་ལྟ་བུ་དང་༧པཎ་ཆེན་རིན་པོ་ཆེ་ལྟ་བུ་རྩ་ཆེན་པོ་རྩིས་པ་དེ་དགོས་མཁོ་ཞེ་དྲགས་ཆགས་ཀྱི་མ་རེད་བསམ་གྱི་འདུག ཅེས་བཀའ་ལན་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༩ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༡༩ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese