མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་རྒྱལ་སྤྱིའི་ཊེ་ནེ་སིའི་རྩེད་རིགས་གཅིག་ཀྱང་འཚོག་རྒྱུ་མིན་པའི་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་སྲིད་བློན་གཞོན་པ་ཟུར་བ་ཞིག་ལ་འཁྲིག་སྤྱོད་ཀྱི་ཉེས་འཛུགས་བྱས་རྗེས། གར་སོང་ཆ་མེད་དུ་གྱུར་བའི་རྒྱ་ནག་གི་ཊེ་ནེ་སི་རྩེད་མཁན་གྲགས་ཅན་པཱང་ཧྲའེ་ཡི་གནད་དོན་ཕྱི་གསལ་ནང་གསལ་མ་བཟོས་པར་དུ། རྒྱ་ནག་ནང་རྒྱལ་སྤྱིའི་ཊེ་ནེ་སིའི་རྩེད་རིགས་གཅིག་ཀྱང་སྡུད་རྒྱུ་མིན་པའི་ཐག་བཅད།

རྒྱ་ནག་གི་ཊེ་ནེ་སི་རྩེད་མཁན་པཱང་ཧྲའེ་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་འོག ཁོ་མོའི་བདེ་འཇགས་དང་བུད་མེད་ལ་རྩུབ་སྤྱོད་ཀྱི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་སོགས་ལ་དམིགས་ཏེ། དེ་རིང་རྒྱལ་སྤྱིའི་བུད་མེད་ཀྱི་ཊེ་ནེ་སི་རྩེད་འགྲན་ཚོགས་པས། རྒྱ་ནག་དང་ཧོང་ཀོང་ནང་ཊེ་ནེ་སིའི་རྩེད་རིགས་ཡོངས་མཚམས་འཇོག་བྱ་རྒྱུ་ཡིན་པའི་ཐག་གཅོད་བླངས་ཡོད་པ་ཡོངས་བསྒྲགས་བྱས་འདུག

དེ་འབྲེལ་བྷི་བྷི་སིའི་གནས་ཚུལ་ནང་། རྒྱལ་སྤྱིའི་བུད་མེད་ཀྱི་ཊེ་ནེ་སི་རྩེད་འགྲན་ཚོགས་པས། པཱང་ཧྲའེ་ལ་ད་དུང་རང་དབང་མེད་པ་དང་། བདེ་འཇགས་མིན་པ། འཇིགས་སྐྲག་འོག་གནས་ཡོད་པ་སོགས་ཀྱི་དོགས་གཞི་བྱེད་ཀྱིན་ཡོད་པ་མ་ཟད། པཱང་ཧྲའེ་ཡི་གནད་དོན་ལ་ཁ་ཡག་མི་བྱེད་པ་ནི་ཊེ་ནེ་སི་རྩེད་མཁན་ཡོངས་ཀྱི་བདེ་འཇགས་སྣང་མེད་དུ་བཞག་པ་དང་དམིགས་བསལ་བུད་མེད་ལ་རྩུབ་སྤྱོད་དོན་རྐྱེན་རིགས་བྱུང་བར་འགན་མ་འཁུར་བའི་གནས་སྟངས་ཤིག་ལ་ངོས་འཛིན་བྱས་ཏེ། ད་ལྟ་རྒྱ་ནག་དང་ཧོང་ཀོང་ནང་གི་ཊེ་ནེ་སིའི་རྩེད་འགྲན་ཡོངས་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་དེ་བླངས་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་བུད་མེད་ཀྱི་ཊེ་ནེ་སིའི་ཚོགས་གཙོ་སི་ཊེ་ཝི་སེ་མོན་ (Steve Simon) ལགས་ཀྱིས། གལ་སྲིད་དབང་ཆེན་མི་སྣས་བུད་མེད་ཀྱི་འབོད་པ་དང་རེ་བར་དྲག་གནོན་དང་འཁྲིག་སྤྱོད་ཀྱི་ནག་ཉེས་སྦས་སྐུང་བྱེད་ཐུབ་ཀྱི་ཡོད་ཚེ། དེས་རྒྱལ་སྤྱིའི་ཊེ་ནེ་སིའི་ཚོགས་པ་འཛུགས་དགོས་པའི་གནས་ལུགས་སྟེ། བུད་མེད་ལ་འདྲ་མཉམ་དགོས་པའི་ཡ་སྙིང་ལ་ཁྱད་གསོད་གཏོང་གི་ཡོད་པས། རྒྱ་ནག་གཞུང་གི་བྱེད་བབ་དེ་དག་ངོས་ལེན་བྱེད་ཐབས་མེད། ཅེས་བརྗོད་པ་དང་འབྲེལ། རྒྱལ་སྤྱིའི་ཊེ་ནེ་སི་རྩེད་འགྲན་ཚོགས་པས། པཱང་ཧྲའེ་ཡི་རྩུབ་སྤྱོད་ཀྱི་དོན་རྐྱེན་ལ་བཀག་སྡོམ་མེད་པར་ཕྱི་གསལ་ནང་གསལ་གྱིས་རང་དབང་ལྡན་པའི་ཞིབ་འཇུག་བྱ་དགོས་པ་ནན་སྐུལ་བྱས་འདུག

ཡང་ཊེ་ནེ་སིའི་ཚོགས་གཙོ་སི་ཊེ་ཝི་སེ་མོན་ལགས་ཀྱི་བསྒྲགས་གཏམ་ནང་། དེ་སྔ་པཱང་ཧྲའེ་ཡིས་རྒྱ་ནག་གི་དཔོན་ཆེན་ཞིག་ལ་ཉེས་འཛུགས་བྱ་རྒྱུ་ནི་སྒོ་ང་བྲག་ལ་བརྡབ་པ་དང་སྲིན་འབུ་མེར་ལྕེབས་པ་ལྟ་བུ་ཡིན་པའི་ལུང་དྲངས་པ་དང་སྦྲགས། རང་ཉིད་ནས་བདེན་པ་ཤོད་པར་འཇིགས་སྐྲག་གང་ཡང་མེད་པའི་སྙིང་སྟོབས་ལ་ཡི་རངས་དང་འབྲེལ། རྒྱལ་སྤྱིའི་ཊེ་ནེ་སི་རྩེད་འགྲན་ཚོགས་པས། པཱང་ཧྲའེ་ཡི་རྩུབ་སྤྱོད་ཀྱི་གནད་དོན་དེ་ཚབས་ཆེན་ཞིག་ལ་ངོས་འཛིན་གྱིས། དོན་རྐྱེན་ཕྱི་གསལ་ནང་གསལ་མ་ཆགས་པར་དུ་མུ་མཐུད་ཚོགས་པའི་ལངས་ཕྱོགས་འགྱུར་བ་གཏོང་རྒྱུ་མིན་པ་དང་། འབྱུང་འགྱུར་རྒྱ་ནག་ནང་ཊེ་ནེ་སིའི་རྩེད་རིགས་ཚོགས་རྒྱུར་ཉེན་ཁ་ཡོད་སྐོར་སོགས་བརྗོད་འདུག

ཕྱི་ཟླ་ ༡༡ ཚེས་ ༢ ཉིན་པཱང་ཧྲའེ་ཡིས་རང་ཉིད་ལ་རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་བ་ཀྲང་ཀོ་ལི་ (Zhang Gaoli) ཡིས་བཙན་གྱིས་འཁྲིག་སྤྱོད་བྱས་པའི་ཉེས་འཛུགས་ཡོངས་བསྒྲགས་བྱས་པ་དང་། ཕྱི་ཚེས་ ༣ ཉིན་ནས་པཱང་ཧྲའེ་གར་སོང་ཆ་མེད་དུ་གྱུར་ཡོད། དེར་བརྟེན། རྒྱལ་སྤྱིའི་ཊེ་ནེ་སི་ཚོགས་པ་དང་རྩེད་འགྲན་པ། བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་སོགས་ཀྱི་ལས་འགུལ་བ་དག་གིས། པཱང་ཧྲའེ་ག་བར་ཡོད། རྩུབ་སྤྱོད་ཀྱི་བྱ་སྤྱོད་ཐེར་འདོན་དགོས། རྒྱ་ནག་ནང་ཨོ་ལིམ་ཕིག་གི་རྩེད་འགྲན་བསྡུ་མི་ཆོག་ཟེར་བ་སོགས་ཀྱི་འབོད་ཚིག་དང་ལས་འགུལ་བསྟུད་མར་སྤེལ་བའི་ཤུགས་རྐྱེན་འོག རྒྱ་ནག་གཞུང་གིས་པཱང་ཧྲའེ་ཡི་གནད་དོན་དེ་མི་སྒེར་གྱི་གནད་དོན་ཞིག་ནས། ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་དང་འབྲེལ་བ་ཆགས་པའི་གནད་དོན་ཞིག་ཏུ་འགྱུར་བར་བརྟེན། རྒྱ་ནག་གཞུང་འབྲེལ་གྱི་གོ་ལའི་དུས་བབ་སོགས་ཀྱིས་པཱང་ཧྲའེ་བདེ་འཇགས་ཡིན་ལུགས་དང་འབྲེལ་བའི་ཡི་གེ་དང་པར་རིས་རིམ་པ་ཕྱིར་བསྒྲགས་ཡོད་ཀྱང་། རྒྱལ་སྤྱིའི་ངོས་ནས་རྒྱ་ནག་གཞུང་ལ་ཡིད་ཆེས་བྱས་མེད།

ཟླ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་གིས་པཱང་ཧྲའེ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་ཚོགས་གཙོ་ཐཱོ་མ་སི་བྷ་ཆི་ (Thomas Bach) གཉིས་བརྙན་ལམ་ནས་འཕྲད་དུ་བཅུག་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་པཱང་ཧྲའེ་བདེ་འཇགས་ཡིན་ཚུལ་སྟོན་ཐབས་བྱས་ཀྱང་། རྒྱལ་སྤྱིའི་ཊེ་ནེ་སི་རྩེད་འགྲན་ཚོགས་པ་དང་ཊེ་ནེ་སི་རྩེད་མཁན། བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་སོགས་ནས་རྒྱ་ནག་གཞུང་ལ་ཡིད་ཆེས་བློ་འཁེལ་བྱུང་མེད་པ་མ་ཟད། ད་ལྟ་རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོས་པཱང་ཧྲའེ་ལ་རྩུབ་སྤྱོད་བྱེད་མཁན་རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་བ་ཀྲང་ཀོ་ལི་ཡིས་དེ་འབྲེལ་ཐད་གསལ་བཤད་གཅིག་ཀྱང་བྱས་མེད་སྐོར་ལ་སྐྱོན་བརྗོད་བྱེད་མུས་ཡིན་པ་རེད།

ཡང་ཉེ་ལམ་སི་ཨན་ཨན་གྱི་གནས་ཚུལ་ཞིག་གི་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་རྒྱུན་ལས་དང་སྲིད་བློན་གཞོན་པ་ཟུར་བ་ཀྲང་ཀོ་ལི་ཟེར་བ་ཁོ་ངོ་སྤྲོད་དང་འབྲེལ་ནས། ད་ཆར་ཁོ་པ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཞིག་སྤེལ་ཡོད་ལ། དཔྱད་བརྗོད་པས། ཀྲང་ཀོ་ལི་ནི་ཕྱི་ལོ་ ༢༠༡༦ ལོར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་གཙོ་དང་འཕྲད་དེ། སྐབས་དེར་རྒྱ་ནག་ངོས་ནས་ཨོ་རྩལ་འགྲན་ཚོགས་དཔེ་དག་ཅིག་གོ་སྒྲིག་བྱ་རྒྱུའི་ཁས་ལེན་གྱི་མཚོན་པའི་ཀྲང་ཀོ་ལི་ནི། ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་གྱི་ངོ་གདོང་ལྟ་བུ་གྱུར་ཡོད་སྟབས། ཀྲང་ཀོ་ལི་དང་པཱང་ཧྲའེ་གཉིས་ཀྱི་གྱོད་དོན་གྱིས་ཨོ་རྩལ་འགྲན་ཚོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྐོར་བརྗོད་འདུག

 

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese