མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱའི་སྐད་ཡིག་གི་ཁྱབ་ཚད་བརྒྱ་ཆ་ ༨༥ ཟིན་དགོས་པའི་བཀའ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ ལོར་རྒྱལ་ཡོངས་ཀྱི་རྒྱའི་སྐད་ཡིག་ཁྱབ་ཚད་བརྒྱ་ཆ་ ༨༥ ལོན་པ་དང་ཕྱི་ལོ་ ༢༠༣༥ ལོར་རྒྱའི་སྐད་ཡིག་རྒྱལ་ཡོངས་ཀྱི་མི་མང་གི་སྲོག་ཤིང་ལྟ་བུར་བསྒྱུར་རྩིས་ཡོད་འདུག

Photo: economictimes.indiatimes.com

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་རྒྱ་ནག་ཤེས་རིག་ལྷན་ཁང་གིས་སྤྱི་ཡོངས་ནས་དུས་རབས་གསར་བའི་སྐད་ཡིག་ལས་དོན་གྱི་བསམ་འཆར་ཟེར་བའི་སྲིད་ཇུས་ཤིག་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ།  ཕྱི་ལོ་ ༢༠༢༥ ལོར་རྒྱའི་སྤྱི་སྐད་ཁྱབ་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༨༥ ཟིན་དགོས་ཡོད་སྐོར་བསྒྲགས་འདུག་པ་དང་། དེ་ནི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་གཞན་གྱི་སྐད་ཡིག་ལ་ཆགས་འཇུག་གི་དྲག་གནོན་འཕར་མ་ཞིག་ཆགས་ཀྱི་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༩  པའི་ནང་སྟོན་ཁའི་སློབ་མགོ་ཚུགས་པ་དང་བསྟུན། རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ཏུ་སྤྱི་སྐད་ཅེས་རྒྱའི་སྐད་ཡིག་ཁོ་ན་སློབ་འཁྲིད་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ བར་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱའི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་ཚད་བརྒྱ་ཆ་ ༨༥ ཟིན་དགོས་ཟེར་བ་ནི་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་སྲིད་ཇུས་ལ་ཚ་འདེད་བྱས་པ་ཞིག་ཆགས་ཀྱི་ཡོད་པ་དང་། དམིགས་བསལ་དེ་རིང་བསྒྲགས་པའི་རྒྱ་ནག་ཤེས་རིག་ལྷན་ཁང་གི་གནས་ཚུལ་ནང་། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་ཀྱིས། ཕྱི་ལོ་ ༢༠༢༥ བར་རྒྱའི་སྐད་ཡིག་གི་ཁྱབ་ཚད་བརྒྱ་ཆ་ ༨༥ ལོན་པ་བྱས་ཏེ། སྤྱི་སྐད་ཀྱི་ཡ་སྙིང་རྟོགས་པ་དང་རྒྱའི་སྐད་ཡིག་གཞིར་བཞག་པའི་གཅིག་གྱུར་ཞེས་པ་ཡོང་ཐུབ་ཐབས་བྱ་དགོས་སྐོར་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ནང་། སློབ་གྲྭ་ནི་སྐད་ཡིག་སློབ་གསོ་འདིང་སའི་གཞི་རྟེན་ཡིན་པར་བརྟེན། རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ཏུ་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་ཁྲིམས་མཐུན་ཐབས་ལམ་དོན་འཁྱོལ་དང་སྐད་ཡིག་གི་བྱུང་བ་དང་ཉམས་ཞིབ། མཐུན་སྦྱོར་སོགས་གོང་མཐོར་བཏང་སྟེ། དུས་སྐབས་གསར་བའི་རྒྱའི་སྐད་ཡིག་བཀོལ་སྤྱོད་ཀྱི་ཚད་གཞི་འདང་ངེས་ལོན་པར་བྱ་དགོས་པ་དང་། བརྒྱུད་ལམ་ཁག་དང་མི་སྒེར་གྱི་དྲ་བའི་སྟེང་དྲག་པོ་དང་མ་རབས་ཐ་ཤལ་གྱི་རྒྱའི་སྐད་ཡིག་བཀོལ་སྤྱོད་ལ་རྡུང་རྡེག་ཚ་གཏོང་བྱས་ཏེ། ངེས་པར་དུ་དྲ་རྒྱའི་སྟེང་སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་ཚུལ་མཐུན་བསྐྲུན་དགོས་སྐོར་སོགས་བརྗོད་འདུག

དམིགས་བསལ་གྲོང་གསེབ་ཁག་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དང་འབྲེལ་ནས། རྒྱའི་སྐད་ཡིག་སློབ་ཁྲིད་དང་རྒྱ་སྐྱེད་ཀྱི་སྲིད་ཇུས་ལྟེ་བར་བཟུང་སྟེ། མི་འབོར་མང་སའི་ས་ཁུལ་དུ་རྒྱའི་སྐད་ཡིག་དར་སྤེལ་གྱི་ལས་དོན་སྤེལ་རྒྱུ་གཙུགས་སུ་འཛིན་དགོས་པ་དང་། སྤྱི་ཡོངས་ནས་རིམ་པས་རྒྱའི་སྐད་ཡིག་བཀོལ་སྤྱོད་ཀྱི་གནས་ཚད་དར་སྤེལ་དུ་གཏོང་དགོས་པ།  ད་དུང་རྒྱལ་སྤྱིའི་གནས་བབ་དང་འབྲེལ་ནས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ནང་དུ་རྒྱའི་སྐད་ཡིག་བཀོལ་སྤྱོད་དར་སྤེལ་གཏོང་བ་དང་། སློབ་གསོ་དང་ཚན་རིག་གི་གྲུབ་དོན་སོགས་སུ་རྒྱའི་སྐད་ཡིག་སྙོབ་དགོས་པ་མ་ཟད། རྒྱལ་སྤྱིའི་ནང་མཉམ་འབྲེལ་དང་མཉམ་ལས་ཀྱི་ཐོག་ནས་རྒྱའི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་བསྐྲུན་པར་འབད་པ་བྱ་དགོས་ཡང་བརྗོད་འདུག

Photo: economictimes.indiatimes.com

ད་རེས་སྤྱི་སྐད་དམ་རྒྱའི་སྐད་ཡིག་ཁྱབ་ཚད་ཀྱི་ཡོངས་ཁྱབ་བཀའ་དེ། སྔར་དང་མི་འདྲ་བ་ཞིག་ནི་དུས་སྐབས་གསར་པ་ཞེས་བེད་སྤྱོད་གང་མང་བཏང་འདུག་ལ། དོན་དུ་ཞི་ཅིན་ཕིན་གྱི་དུས་སྐབས་གསར་བའི་དགོངས་པ་དང་མཐུན་དགོས་ཟེར་བར་གོ་དགོས་པར་བསྟན་ཡོད།  གཞན་ཉེ་ལམ་རྒྱ་ནག་ཤེས་རིག་ལྷན་ཁང་ནས་བསྒྲགས་པ་ནང་ལྟར། ༼ལག་བསྟར་ནས་མགོ་རྩོམ་པ་དང་རྒྱ་སྐྱེད་ལ་དམིགས་པ། ཕྱོགས་ཡོངས་ནས་དར་སྤེལ་དང་སྲ་བརྟན། འཕེལ་རྒྱས་༽ཞེས་པའི་སློབ་གསོའི་ཐབས་ལམ་དང་༼སྤྱི་ལ་ཁྱབ་པ་དང་གཅིག་གྱུར་ཡོང་བ། འཕེལ་རྒྱས་སུ་གཏོང་བ་༽བཅས་ཀྱི་རྒྱའི་སྐད་ཡིག་ཁྱབ་གདལ་གྱི་སྲིད་ཇུས་གཞིར་བཞག་སྟེ། ལྔ་ཚན་གསུམ་ལས་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་རྒྱལ་ཡོངས་ཀྱི་སྐད་ཡིག་གི་ཁྱབ་ཚད་བརྒྱ་ཆ་ ༨༥ ཟིན་དགོས་པ་དང་། ཕྱི་ལོ་ ༢༠༣༥ ལོར་རྒྱའི་སྐད་ཡིག་རྒྱ་ནག་རྒྱལ་ཡོངས་ཀྱི་མི་མང་གི་སྲོག་ཤིང་ལྟ་བུར་བསྒྱུར་རྩིས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༩ པ་ནས་བཟུང་རྒྱ་ནག་གཞུང་གིས་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་ནས། ད་བར་བོད་ནང་གི་སེང་འབྲུག་སྟག་རྩེ་སློབ་གྲྭ་གཙོས་པའི་མགོ་ལོག་ཁུལ་གྱི་སློབ་གྲྭ་ ༦ དང་།  བྲག་མགོ་དགེ་ལྡན་ནང་བསྟན་སློབ་གྲྭ་སོགས་གཏན་དུ་སྒོ་བརྒྱབ་པ་མ་ཟད། ད་དུང་ཡང་བོད་ནང་གི་སློབ་གྲྭ་ཁག་ཅིག་སྒོ་རྒྱག་དགོས་ཟེར་ནས་བཀའ་བཏང་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese