མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀློད་གྲོལ་དགོས་པའི་ཡོངས་ཁྱབ་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྔ་བ་སྣང་ཞིག་དགོན་གྱི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་འཛིན་བཟུང་བཙོན་འཇུག་བྱས་ཏེ་ལོ་ ༢ ལྷག་འགྲོ་ཡི་ཡོད་ཀྱང་ད་དུང་ཁོང་གི་ཁྱིམ་མི་ཚོས་ཁོང་གང་དུ་ཡོད་མེད་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ནས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་བཅས་རྒྱའི་བཙོན་ཁང་དུ་ཡོད་པའི་བཙོན་པ་ལྔ་གང་མགྱོགས་ཀློད་གྲོལ་གཏང་དགོས་པའི་ཡོངས་ཁྱབ་རེ་སྐུལ་གནང་འདུག

Tibetan political prisoner Rinchen Tsultrim.

ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༨ ཚེས་ ༡ ཉིན་རྔ་བ་རྫོང་ཁཱ་ཤུལ་སྡེ་བ་ནས་ཡིན་པའི་སྣང་ཞིག་དགོན་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱིས། ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོར་བོད་དོན་གླེང་སློང་བྱས་པའི་ནག་ཉེས་བཀལ་ཏེ། རྔ་བ་རྫོང་ཁོངས་ཀོར་མདོ་ས་ཚིགས་ནས་རྔ་བ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས། ཁོང་ལ་ལོ་བཞི་དང་ཟླ ༦ གི་ཁྲིམས་ཐག་བཅད་ཡོད། འོན་ཀྱང་།  ཁོང་ད་ལྟ་གང་དུ་ཡོད་མེད་དང་གཟུགས་གཞིའི་གནས་སྟངས་སོགས་ཀྱི་གནས་ཚུལ་གང་ཡང་མ་གོ་བར་ལོ་ངོ་གཉིས་དང་ཟླ་བ་ ༤ ལྷག་འགྲོ་བཞིན་ཡོད་སྟབས།  ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་ཏུ་འཚོག་འཆར་ཡོད་པའི་ཨོ་རྩལ་འགྲན་ཚོགས་དང་བསྟུན། རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་ལ་བརྩི་འཇོག་དང་། ལྷག་པར་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་གི་ལམ་སྟོན་ལ་གུས་བརྩི་ཡོད་པའི་ཐོག་བཙོན་འཇུག་བྱས་ཡོད་པའི་ཡུ་གུར་མི་རིགས་ཀྱི་སློབ་དཔོན་ཆེན་མོ་ཨི་ཧིམ་ཐུ་ཊི་(Ilham Tohti)ལགས་དང་། གསར་འགོད་པ་ཀྲང་ཀྲིན་(Zhang Zhan)ལགས། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ལི་ཆོ་ཁྲུའུ་( Li Qiaochu)། ཁྲིམས་རྩོད་པ་ཀོ་ཀྲི་ཧྲིན་(Gao Zhisheng)། རྩོམ་པ་པོ་དང་སྐད་ཡིག་འཐབ་རྩོད་པ་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་བཅས་གང་མགྱོགས་ཀློད་གྲོལ་གཏང་དགོས་པའི་ཡོངས་ཁྱབ་ཀྱི་རེ་འདུན་བཏོན་འདུག

དེའི་ཐད་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་སྲིང་མོ་ཀུན་བཟང་སྒྲོལ་མ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཁོང་ཉིད་འཛིན་བཟུང་བྱས་ནས་ད་བར་ནང་མི་སོགས་ཀྱིས་ཐུག་འཕྲད་གཅིག་ཀྱང་བྱས་ཐུབ་མེད་པ་དང་། འདས་ལོའི་ཟླ་བ་གསུམ་པའི་ནང་རྒྱ་ནག་གཞུང་གི་ཉེན་རྟོག་པས། ཁོང་གི་ཁྲིམས་འགལ་གྱི་ལས་ཀ་བྱས་པའི་ཡིག་ཆ་ཞིག་སྤྲད་དེ། རྗེས་སུ་ཁོང་དང་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་ཤིག་སྤྲད་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། ད་བར་ནང་མིར་ཐུག་འཕྲད་བྱ་བཅུག་མེད་པའི་ཁར། མཐའ་ན་ཁོང་གི་འཆི་གསོན་གྱི་གནས་སྟངས་ཙམ་ཡང་མི་ཤེས་ལ། རྒྱ་ནག་གཞུང་གིས་ཁོང་ལ་ལོ་བཞི་དང་ཟླ་༦ ཁྲིམས་ཐག་བཅད་ཡོད་ཀྱང་། ཁྲིམས་རྩོད་པ་ཡོད་མེད་དང་ཁོང་གིས་ཁྲིམས་འགལ་གྱི་ལས་ཀ་ག་རེ་བྱས་ཡོད་མེད་ཁ་གསལ་མེད་པ་དང་། ཁོང་གི་ཕ་མ་དང་སྤུན་ཉེ་ཚོས་ཁོང་དང་གང་མགྱོགས་ཐུག་འཕྲད་བྱ་རྒྱུར་རེ་སྒུག་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་རྔ་བ་རྫོང་ཉེན་རྟོག་ཁང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་ཕ་མ་གཉིས་སྐད་བཏང་སྟེ།  གྲྭ་ཚུལ་ཁྲིམས་ལགས་སུ་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ནང་མི་ཐུག་འཕྲད་དུ་ཡོང་ཆོག་གི་ཡོད་སྐོར་བཤད་ཡོད་ཀྱང་། གྲྭ་ཚུལ་ཁྲིམས་ལགས་སུ་ག་དུས་ནས་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཁྲིམས་ཐག་གཅོད་དོན་དང་ཉེས་འཛུགས་ག་རེ་བྱས་ཡོད་མེད་སོགས་གསལ་བོ་བཤད་མེད་པ་རེད།

ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གི་ཉེན་རྟོག་པས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་སྐད་འཕྲིན་ནང་སྔོག་བཤེར་བྱས་པ་བརྒྱུད། ཁོང་གིས་ཕྱི་ལོགས་ཀྱི་བོད་མི་ཁག་ཅིག་དང་མཉམ་དུ་བོད་དོན་གླེང་སློང་བྱས་ཡོད་སྐོར་ཉེས་འཛུགས་བྱས་ཏེ།  ཁོང་དང་ཁོང་གི་ནུ་བོ་ནོར་བུ་ཚེ་རིང་ཐེངས་གཉིས་འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༩ ལོའི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་སྐར་ཉིན། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱིས་ཕྱི་རྒྱལ་ན་ཡོད་པའི་བོད་མི་ཞིག་དང་མཉམ་དུ་དུས་ཚོད་གཉིས་ལྷག་ལ་ཁ་པར་བརྒྱུད་ཁ་བརྡ་བྱས་ཡོད་ལུགས་ཀྱི་བརྒྱུད་རིམ་ཆ་ཚང་སྒྲ་འཇུག་བྱས་ཡོད་འདུག

གཞན་ཡང་། རྒྱ་ནག་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱིས་སྦྲག་ཁང་བརྒྱུད་ཕྱི་ལོགས་ནས་འབྱོར་བའི་དཔེ་ཆ་གནད་འགག་ཅན་མང་པོ་ཞིག་བོད་ནང་གི་ས་ཆ་གང་མང་ལ་འགྲེམས་སྤེལ་བྱས་ཡོད་ལུགས་དང་། སྒེར་གྱིས་གཙོ་གཉེར་བྱས་པའི་ཆད་ལྟ་བ་ཞེས་པའི་རྩོམ་རིག་དྲ་ཚིགས་ནང་བོད་སྐད་ཡིག་གི་བདག་དབང་དང་བོད་དོན་དང་འབྲེལ་བའི་རྩོམ་ཡིག་མང་པོ་ཞིག་སྤེལ་ཡོད་པའི་ཉེས་འཛུགས་བྱས་ཏེ་དྲ་ཚིགས་དེ་གཏན་དུ་སྒོ་བརྒྱབ་ཡོད་པ་དང་། དེ་བཞིན་རྒྱ་གར་དུ་ཡོད་པའི་གཅེན་མོ་ཀུན་བཟང་སྒྲོལ་མ་ཤེས་ཡོན་དང་འབྲེལ་བའི་ཚོགས་འདུ་ཁག་ལ་ཞུགས་པའི་འདྲ་པར་ཁག་ཁོང་གི་སྐད་འཕྲིན་རྒྱབ་ལྗོངས་སུ་བཞག་པ་དག་ཀྱང་ཆབ་སྲིད་ལ་འབྲེལ་བ་ཡོད་པའི་ནག་ཉེས་གཡོགས་ཡོད་འདུག

གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ནི་ཁཱ་ཤུལ་སྡེ་བའི་གཉེར་བ་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ད་ལྟ་རང་ལོ་ ༢༩ ཡིན་པ་དང་ཁོང་དགུང་ལོ་དྲུག་ཙམ་ནས་རྔ་ཡུལ་གྱི་བོན་དགོན་ཆེ་ཤོས་སྣང་ཞིག་དགོན་པར་ཆོས་ཞུགས་བྱས་ཏེ་སྔགས་ཀྱི་འཛིན་གྲྭར་ཐོན་ཡོད་འདུག ཁོང་གི་ཕ་མིང་ལ་བཀྲ་ཤིས་དོན་གྲུབ་དང་ལོ་ ༦༨ ཡིན་ཞིང་། མ་མིང་ལ་མཚོ་མོ་ཟེར་ཞིང་ལོ ༥༧ ཡིན་འདུག ཁོང་ལ་ཀུན་བཟང་སྒྲོལ་མ་ཚུད་པའི་ཕ་མ་གཅིག་གི་སྤུན་མཆེད་ ༥ ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese