མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་ཏོག་དབྱིབས་གསར་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་གར་ནང་རྣམ་པ་གྱུར་བའི་ཏོག་དབྱིབས་གཉན་རིམས་ཨོ་མི་ཁོ་རོན་འགོས་པའི་ནད་པ་ ༡༧ གསར་དུ་ཐོན་པ་བཅས་ཁྱོན་མི་གྲངས་ ༢༡ བྱུང་ཡོད་པས་འཛམ་གླིང་རྒྱལ་ཁབ་མང་པོའི་འགྲུལ་བ་ཚོར་བཀག་སྡོམ་དང་བརྟག་དཔྱད་ཤུགས་སྣོན་བྱེད་བཞིན་ཡོད་འདུག

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ལམ་རྒྱལ་ཁབ་གང་སར་ལྷོ་ཨ་ཧྥེ་རི་ཁ་ནས་ཐོག་མར་འགོས་ཁྱབ་བྱུང་བའི་ཏོག་དབྱིབས་གཉན་རིམས་གསར་པ་ཨོ་མི་ཁོ་རོན་ཟེར་བ་དེ་འཛམ་གླིང་གི་ཡུལ་ལུང་གང་མང་ནང་ཁྱབ་ཀྱི་ཡོད་པ་ལྟར། རྒྱ་གར་གྱི་མངའ་སྡེ་རཱ་ཇི་སི་ཐན་ ( Rajasthan ) ནང་དུ་ནད་པ་གྲངས་ ༩ དང་། མ་ཧཱ་ར་ཤི་ཊི་ར་( Maharashtra) ནང་༨། ལྡི་ལི་དང་གྷུ་ཇུ་རཱ་ཐི་ ( Gujarat) རུ་ནད་པ་གྲངས་ ༡ རེ། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་ (Karnataka) རུ་ནད་པ་གྲངས་ ༢ བཅས་ཐོན་ཡོད་འདུག་ལ། རྒྱལ་ས་ལྡི་ལིར་ཡོད་པའི་ནད་པ་དེ་ནི་ཨ་ཧྥེ་རི་ཤར་ཕྱོགས་ཀྱི་ཐན་ཛ་ནི་ཡ་( Tanzania ) རྒྱལ་ཁབ་ནས་ཕྱིར་ལོག་པ་ཞིག་ཡིན་འདུག་ལ། ནད་པ་དེས་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་སྨན་ཁབ་གཉིས་ཀ་བརྒྱབ་ཟིན་ཡོད་པ་དང་། ད་ལྟ་སྨན་ཁང་ ( Lok Nayak Jai Prakash Narayan Hospital) དུ་ལོགས་སུ་བཞག་ཏེ་སྨན་བཅོས་བྱེད་མུས་ཡིན་འདུག 

དེའི་ཐད་རྒྱལ་ས་ལྡི་ལིར་གནས་ཞུགས་སྨན་པ་སུ་རཱ་ཤི་ཀུ་མར་( Dr Suresh Kumar) ལགས་ཀྱིས། ཨོ་མི་ཁོ་རོན་གྱིས་མནར་བཞིན་པའི་ནད་པ་དེའི་མིད་པར་རྨ་ཐོན་པ་དང་། ཚ་བ་འཕར་བ། ལུས་པོར་ཟུག་གཟེར་རྒྱག་པ་དང་སྐྱོ་བོ་ཆགས་ཡོད་པ་ལས། སྲོག་རླུང་གིས་མི་འདང་བའི་དཀའ་ངལ་མེད་སྐོར་སོགས་འགྲེལ་བརྗོད་བྱས་ཡོད་འདུག 

དེ་བཞིན་ཁ་སང་རྒྱ་གར་མངའ་སྡེ་རྒྱ་གར་མངའ་སྡེ་རཱ་ཇི་སི་ཐན་ ( Rajasthan ) དུ་ལྷོ་ཨ་ཧྥེ་རི་ཁ་ནས་ཡོང་བའི་ནང་མི་དགུ་ཅན་གྱི་ཁྱིམ་ཚང་ཞིག་ལ་ཨོ་མི་ཁོ་རོན་གྱི་ནད་རྟགས་ཐོན་ཡོད་པ་དང་།  ཁ་སང་ཡང་བསྐྱར་མ་ཧཱ་ར་ཤི་ཊི་ར་( Maharashtra) རུ་ ཨ་ཧྥེ་རི་ཁའི་ནཱ་ཇེའེ་རི་ཡ་( Nigeria ) ནས་གཉེན་འཕྲད་དུ་ཡོང་བའི་བུད་མེད་ཅིག་དང་། ཁོང་མོའི་གཅེན་པོ་སོགས་མི་གྲངས་དྲུག་དང་། ཉེ་ཆར་ཧྥན་ལན་ཊི་( Finland)  ནས་ཡོང་བའི་མི་གཅིག་བཅས་ཁྱོན་མི་གྲངས་ ༧ ལ་ཏོག་གསར་གྱི་ནད་རྟགས་ཐོན་ཡོད་འདུག  

ཟླ་འདིའི་ཕྱི་ཚེས ༢ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་(Karnataka) མངའ་སྡེའི་ནང་མི་གཉིས་ལ་ཏོག་དབྱིབས་ནད་འབུ་གསར་པ་དེ་འགོས་ཡོད་པ་ཐོག་མར་ཤེས་རྟོགས་བྱུང་ཡོད་ཅིང་། དེ་ནི་རྒྱ་གར་ནང་འགོས་ཁྱབ་བྱུང་བའི་ཏོག་ནད་གསར་པའི་ནད་པ་ཐོག་མ་དེ་ཆགས་འདུག ནད་པ་གཉིས་ནི་ལྷོ་ཨ་ཧྥེ་རི་ཁ་ནས་ཡོང་བའི་རང་ལོ་ ༦༦ ཅན་གྱི་སྐྱེས་པ་ཞིག་དང་། སྦེང་ལོར་གྲོང་ཁྱེར་གྱི་སྒེར་གྱི་སྨན་ཁང་ཞིག་ཏུ་སྨན་པ་བྱེད་བཞིན་པའི་རང་ལོ་༤༦ ཅན་གྱི་སྐྱེས་པ་ཞིག་ཡིན་འདུག ཁོང་གཉིས་ཀར་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་ཡོད་ཀྱང་། སྨན་པ་དེ་ལྷོ་ཧྥེ་རི་ཁ་སོགས་སུ་འགྲོ་སྐྱོད་བྱས་མེད་ཀྱང་ནད་རྟགས་ཐོན་ཡོད་པར་བརྟེན། སྦེང་ལོར་གྲོང་ཁྱེར་ཁུལ་དུ་ཏོག་ནད་ཀྱི་ནད་འབུ་གསར་པ་འགོས་ཁྱབ་འགྲོ་ཡི་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག

ཉེ་ཆར་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ངོས་ནས། ལྷོ་ཨ་ཧྥེ་རི་ཁ་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་སྲིན་གསར་པ་ཨོ་མི་ཁོ་རོན་དེ་ཉིད། འཛམ་གླིང་ཡུལ་གྲུ་གཞན་དུ་འགོས་ཁྱབ་འབྱུང་ཉེན་ལ་བརྟེན་བློ་འཚབ་བྱ་ཡུལ་གྱི་གཉན་སྲིན་ (Variant of Concern) ཞིག་ལ་ངོས་འཛིན་གྱིས་འཛམ་གླིང་ཡོངས་དང་། ལྷག་པར་དུ་ནད་ཡམས་ཁྱབ་གདལ་དུ་འགྲོ་མུས་ཡིན་པའི་རྒྱལ་ཁབ་རྣམས་ཀྱིས་གཉན་རིམས་འགོག་སྡོམ་གྱི་ཐད་ལ་ཤུགས་སྣོན་སྔར་ལྷག་དགོས་པའི་ལམ་སྟོན་གནང་བ་ལྟར། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་བཟུང་རྒྱ་གར་གཞུང་གིས་དབྱིན་ཡུལ་དང་ལྷོ་ཨ་ཧྥེ་རི་ཁ། སྦིར་ཛིལ། བྷ་ལ་དེ་ཤི། རྒྱ་ནག སེངྒ་པུར། ཧོང་ཀོང་། ཨི་ཛི་རལ་(Israel)། ཡུ་རོབ་སོགས་ནས་ཡོང་བའི་འགྲུལ་བ་ཚོར་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད་འདུག རྒྱལ་ཁབ་དེ་དག་ནས་ཡོང་བའི་འགྲུལ་བ་རྣམས་གནམ་ཐང་དུ་འབྱོར་མ་ཐག་རིམས་ནད་བརྟག་དཔྱད་བྱེད་དགོས་ཤིང་། བརྟག་དཔྱད་ཀྱི་གྲུབ་འབྲས་མ་ཐོན་བར་དུ་གནམ་ཐང་གི་ཕྱི་རོལ་དུ་ཐོན་མི་ཆོག་པ་དང་། ནད་རྟགས་ཐོན་པའི་རིགས་ཟུར་བཀག་ཏུ་བཞག་ནས་བརྟག་དཔྱད་དང་སྨན་བཅོས་བྱེད་ཀྱི་ཡོད་འདུག་ལ། ནད་རྟགས་ཐོན་མེད་པའི་འགྲུལ་བ་རྣམས་ཀྱང་རང་ཁྱིམ་དུ་བདུན་ཕྲག་གཅིག་རིང་ཟུར་བཀག་ཏུ་བསྡད་དགོས་པ་དང་། ཉིན་གྲངས་བརྒྱད་པ་དེར་བསྐྱར་དུ་བརྟག་དཔྱད་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese