མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ཐུགས་གསོའི་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷོབ་ཌོལ་མཆོག་སྐུ་གྲོངས་བར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་དམ་པ་ཁོང་ནི་རང་དབང་དང་རིག་གཞུང་རྒྱུན་འཛིན་སླད་འཐབ་རྩོད་བྱེད་མཁན་གྱི་བོད་ལྟ་བུའི་རིགས་ལ་བྱམས་བརྩེ་དང་དོ་འཁུར་གནང་མཁན་ཞིག་ཡིན་སྐོར་གསུངས་འདུག

ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་བྷོབ་ཌོལ་(Bob Dole) མཆོག་སྙུང་གཞིའི་རྐྱེན་གྱིས་དགུང་གྲངས་ ༩༨ ཐོག་སྐུ་གྲོངས་ཡོད་པར་བརྟེན། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དམ་པ་ཁོང་གི་སྐུ་ཟླ་ལྕམ་སྐུ་ཨེ་ལི་ཛེ་བྷེ་ཐི་ཌོལ་ (Elizabeth Dole) ལགས་སུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་པའི་ནང་། སྐུ་ཞབས་བྷོབ་ཌོལ་མཆོག་ནི་བོད་མི་མང་གི་གྲོགས་པོ་ཞིག་ཡིན་སྐོར་དང་། ཁོང་ནི་རང་དབང་དང་རིག་གཞུང་རྒྱུན་འཛིན་སླད་འཐབ་རྩོད་བྱེད་མཁན་གྱི་བོད་ལྟ་བུའི་རིགས་ལ་བྱམས་བརྩེ་དང་དོ་འཁུར་གནང་མཁན་ཞིག་ཡིན་སྐོར་གསུངས་འདུག

དེ་ཡང་གསུང་འཕྲིན་ནང་༧མགོན་པོ་མཆོག་གིས། སྐུ་ཞབས་ཌོལ་མཆོག་ནི་ངོས་ལ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཆ་རྒྱུས་ཆེན་པོ་ཡོད་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་ཡིན། ངོས་རང་ཁོང་ལ་མཇལ་མོལ་ག་དུས་བྱུང་ནའང་། ཁོང་གིས་མི་ཉམ་ཐག་དང་བོད་མི་ལྟ་བུའི་རང་གི་རང་དབང་དང་རིག་གཞུང་རྒྱུན་འཛིན་སླད་འཐབ་རྩོད་བྱེད་མཁན་རྣམས་ལ་རྒྱུན་དུ་ཞེ་ཐག་པ་ནས་དོ་འཁུར་དང་བྱམས་སྐྱོང་གནང་གི་ཡོད་པ་ཤེས་ཀྱི་ཡོད། ཁོང་ནི་བོད་མི་རྣམས་ཀྱི་གྲོགས་པོ་ཞིག་ཡིན། ཞེས་གསུངས་འདུག

ཡང་༧གོང་ས་མཆོག་གིས། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌོལ་མཆོག་གིས་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་མི་མང་ལ་སྲི་ཞུ་བསྒྲུགས་ཏེ་མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་ཐུབ་ཡོད། དམ་པ་ཁོང་ནི་ངོས་རང་གིས་བརྩི་བཀུར་ཞུ་སའི་ཨ་རིའི་རིན་ཐང་སྟེ། རང་དབང་དང་། འདྲ་མཉམ། དྲང་བདེན་བཅས་ཀྱི་མཚོན་དོན་ཞིག་རེད། ཁོང་གིས་རང་གི་ཕྱག་རོགས་རྣམས་ལ་ཕན་ཚུན་དབར་ལྟ་གྲུབ་ཀྱི་སྟེང་ནས་མི་མཐུན་པ་བྱུང་སྲིད་ཀྱང་། ཚང་མ་མི་ཡིན་པའི་ཆ་ནས་ཕན་ཚུན་ལ་བརྩི་བཀུར་བྱ་དགོས་པའི་མིག་དཔེ་གསལ་པོ་བསྟན་གནང་ཡོད། ཅེས་གསུངས་ཏེ་དམ་པ་ཁོང་ལ་ཐུགས་སྨོན་མཛད་འདུག

སྐུ་ཞབས་བྷོབ་ཌོལ་མཆོག་ནི་ཕྱི་ལོ་ ༡༩༢༣ ཟླ་ ༧ ཚེས་ ༢༢ ཉིན་ཨ་རིའི་མངའ་སྡེ་ཀན་སིས་ (Kansas) ཡི་རྒྱལ་ས་ར་སལ་ (Russel) དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༤༡ ལོར་ Russell High School ནས་གཞི་རིམ་སློབ་སྦྱོང་ཐོན་ཏེ། མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་(University of Kansas) མཐོ་རིམ་སློབ་གཉེར་མགོ་ཚུགས་ཀྱང་འཛམ་གླིང་དམག་ཆེན་གཉིས་པའི་རྐྱེན་གྱིས་སློབ་མཐར་མ་སོན། དེའི་རྗེས་ཕྱི་ལོ་ ༡༩༤༨ ནང་ཨེ་རི་ཛོ་ན་གཙུག་ལག་སློབ་གྲྭར་ (University of Arizona) ལོ་ངོ་གཅིག་རིང་སློབ་སྦྱོང་གནང་བ་དང་། ཕྱི་ལོ་ ༡༩༥༢ ལོར་ཀན་སིས་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ (Washburn University) མཐོ་སློབ་ནང་ཁྲིམས་ལུགས་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན་ཡོད་འདུག སྐུ་ཞབས་བྷོབ་ཌོལ་མཆོག་ཕྱི་ལོ་ ༡༩༦༡ ནས་ ༡༩༦༩ དབར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་བ་དང་། དེའི་རྗེས་ཕྱི་ལོ་ ༡༩༦༩ ནས་ ༡༩༩༦ དབར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཐོན་བྱུང་སྟེ། ལས་ཡུན་རིང་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། གྲོས་ཚོགས་གོང་མའི་དཔལ་འབྱོར་དོ་དམ་ཚོགས་ཆུང་གིས་མཚོན་པའི་གནད་འགག་ཆེ་བའི་སྒྲིག་འཛུགས་དང་ཚོགས་པ་ཁག་གི་འགན་འཛིན་གནང་ཡོད་འདུག་ལ། ཕྱི་ལོ་ ༡༩༩༦ ལོར་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་བདམས་ཡོད་ཀྱང་རྒྱལ་ཁ་ཐོབ་མེད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ་དང་པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese