མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་བུ་མོ་ཞིག་ལ་ཧི་མ་ཅལ་མངའ་སྡེའི་གཟུགས་བཟང་མའི་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་བུ་མོ་ཛུམ་བྷ་དང་ཡོ་ག་ཆེད་སྦྱོང་བ་ཟླ་བ་སྒྲོལ་མ་ལགས་སུ་ཧི་མ་ཅལ་མངའ་སྡེའི་གཟུགས་བཟང་མའི་འགྲན་སྡུར་ཁྲོད་ཨང་དང་པོའི་གཟེངས་རྟགས་ཐོབ་འདུག

ཟླ་འདིའི་ཕྱི་ཚེས ༥ ཉིན་རྒྱ་གར་གྱི་རང་བྱུང་གཟུགས་བཟོའི་མཐུན་ཚོགས་(  Natural Body Building  Union International )ཀྱི་གོ་སྒྲིག་འོག ཧི་མ་ཅལ་གྱི་ཀང་རཱ་རྫོང་ཁོངས་སུ་སྐྱེས་པ་དང་བུད་མེད་ཀྱི་གཟུགས་བཟང་འགྲན་སྡུར་ཞིག་བསྡུས་པའི་ནང་། དྷ་རམ་ས་ལའི་བདེ་ལེགས་སྨན་ཁང་གི་ཛུམ་བྷ་(Zumba)ལུས་རྩལ་ཁང་གི་ཛུམ་བྷ་དགེ་རྒན་བོད་རིགས་བུ་མོ་ཟླ་བ་སྒྲོལ་མ་ལགས་སུ་ཧི་མ་ཅལ་མངའ་སྡེའི་བུད་མེད་གཟུགས་བཟང་མའི་གཟེངས་རྟགས་(Fitness Model)ཐོབ་ཡོད་འདུག

ཟླ་བ་སྒྲོལ་མ་ལགས་ཀྱིས་འདི་གའི་གསར་འགོད་པར་ཁོང་མོས་དྲ་ལམ་ནས་འགྲན་སྡུར་དེར་ཐོ་འགོད་བྱས་ཡོད་པ་དང་། འགྲན་སྡུར་ནང་ཞུགས་པར་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ ( Adhaar card )དང་འགྲན་ཞུགས་ཀྱི་དངུལ་སྤྲོད་དགོས་པ་དང་། འགྲན་ཞུགས་པ་སྐྱེས་པ་རྣམས་ལ་ལུས་ཀྱི་ལྗིད་ཚད་སོགས་ལ་གཞིགས་ནས་འགྲན་སྡུར་གྱི་རིམ་པ་མང་པོ་དབྱེ་ཡོད་ཀྱང་། བུད་མེད་ལ་དམིགས་བསལ་གྱི་ཚད་གཞི་མེད་པར་འགྲན་སྡུར་ཚན་པ་གཉིས་སུ་དབྱེ་ཡོད་པ་ལས་ཁོང་མོ་(Fitness model )ནང་མཉམ་ཞུགས་བྱས་ཡོད་སྐོར་བརྗོད་བྱུང་།

ད་ལྟ་རང་ལོ་ ༢༦ ཡིན་པའི་ཟླ་བ་སྒྲོལ་མ་ལགས་ནི་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་གཞིས་ཆགས་ནས་ཡིན་ཞིང་། ཁོང་མོ་ཆུང་དུས་ནས་ལུས་སྦྱོང་རིགས་ལ་དོ་དབྱིངས་ཆེན་པོ་ཡོད་ཡོད་སྟབས། རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་ཡོད་པའི་ཡོ་ག་ཆེད་སྦྱོང་སློབ་ཆེན་(Vivekananda ashrama)དུ་ཡོ་ག་སྦྱངས་བ་དང་། དེ་བཞིན་(Rhythmic Feet)རུ་ཛུམ་བྷ་སོགས་ལ་སློབ་གཉེར་བྱས། འདི་ལོའི་ཕྱི་ཟླ་ ༩ པ་ཙམ་ནས་བཟུང་དྷ་རམ་ས་ལའི་བདེ་ལེགས་སྨན་ཁང་གི་ཛུམ་བྷ་ལུས་རྩལ་ཁང་གཉེར་ཏེ་ཛུམ་བྷ་ལུས་སྦྱོང་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་ལུས་རྩལ་ཁང་དེར་བོད་རིགས་བུད་མེད་ལུས་སྦྱོང་བ་ ༢༠ ལྷག་ཡོད་འདུག་ལ། ལུས་སྦྱོང་ཁང་དུ་ཞུགས་པར་ཟླ་རེར་ཧིན་སྒོར་ ༢༥༠༠ སྤྲོད་དགོས་ཀྱི་ཡོད་འདུག ལས་ཞོར་དུ་ཁོང་མོས་འཕྲོད་བསྟེན་དང་། ཛུམ་བྷ་ལུས་སྦྱོང་། ཡོ་ག་སོགས་ཀྱི་སྐོར་ལའང་སློབ་འཁྲིད་བྱེད་བཞིན་ཡོད་འདུག

དེང་སང་འཛམ་གླིང་ཤར་ནུབ་གང་སར་དར་ཁྱབ་འགྲོ་བཞིན་པའི་ཛུམ་བྷ་ལུས་རྩལ་ནི་ཐོག་མར་ཕྱི་ལོ་ ༡༩༩༠ ཙམ་ལ་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཁོ་ལིམ་བྷི་ཡ་(Colombia)ནང་དར་མགོ་བཙུགས་ཡོད་ཅིང་། དེ་ནི་རོལ་དབྱངས་དང་ལྷན་དུ་རྐང་ལག་དང་སྐེད་པ། མགོ་སོགས་ཤུགས་ཆེན་འགུལ་དགོས་ཀྱི་ཡོད་པ་རེད། ལུས་སྦྱོང་དེ་རྩེ་སྐབས་མི་མང་པོ་ལྷན་འཛོམས་ངང་དགའ་སྐྱིད་ཀྱི་རྣམ་པས་ཁེངས་བ་ཞིག་ཡིན་པ་མ་ཟད། གཟུགས་པོའི་ལྗིད་ཚད་མགྱོགས་པོ་བཅག་ཐུབ་པ་དང་། སྙིང་ནད། ཁྲག་ཤད་ཀྱི་ནད། འཁྲིས་ནད་སོགས་ལ་ཕན་ཐོགས་ཆེན་པོ་ཡོད་འདུག ཁི་ལིམ་བྷི་ཡའི་ནང་ཐོག་མར་བཙུགས་པའི་(Zumba Fitness, LLC)ཡི་ཛུམ་བྷ་དྲ་བའི་གནས་ཚུལ་ལྟར་ན། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་ ༡༨༦ ནང་ཛུམ་བྷ་ལུས་སྦྱོང་ཁང་བཙུགས་ཡོད་འདུག་ལ། དེང་སང་བོད་རིགས་ན་གཞོན་ཁྲོད་ཛུམ་བྷ་ཞབས་བྲོ་འཁྲབ་མཁན་ཧ་ཅང་ཇེ་མང་དུ་འགྲོ་བཞིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese