མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་ནང་རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་གྱི་ཆབ་སྲིད་ཚོགས་པ་ཞིག་གསར་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་ནང་རྒྱ་གཞུང་ལ་ཁ་གཏད་གཅོག་ཐབས་ཀྱི་ཆབ་སྲིད་ཚོགས་པ་ཞིག་གསར་འཛུགས་གནང་བ་དང་བསྟུན། སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་ཀྱི་གཙོས་ཡུ་གུར་དང་ཧོང་ཀོང་བ་སོགས་རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་གྱི་མི་རབས་གསར་བ་ཁག་ཅིག་ཨོ་གླིང་གྲོས་ཚོགས་འཐུས་མིར་ལངས་ཀྱི་ཡོད་འདུག

དེ་རིང་སྔ་དྲོ་ས་གནས་ཀྱི་ཆུ་ཚོད་ ༡༠།༣༠ སྟེང་། ཨོ་གླིང་གྲོང་ཁྱེར་སུ་ནེའི་ནང་བོད་མི་དང་ཧོང་ཀོང། ཡུ་གུར་དང་ཨོ་གླིང་བ་བཅས་ལས་གྲུབ་པའི་མང་གཙོའི་མཐུན་གྲོགས་ཚོགས་པ་ཞེས་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་མཁན་གྱི་སྲིད་དོན་ཚོགས་པ་གསར་བ་ཞིག་དབུ་འཛུགས་གནང་བ་དང་སྦྲགས། རང་རེའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་ཨོ་གླིང་གི་ (New South Wales) མངའ་སྡེ་ནས་གྲོས་ཚོགས་འོག་མའི་འོས་མིར་ལངས་ཀྱི་ཡོད་པ་ཡོངས་བསྒྲགས་གནང་འདུག

དེ་རིང་ཨོ་གླིང་ནང་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་ཐབས་ཀྱི་མང་གཙོ་མཐུན་གྲོགས་ཆབ་སྲིད་ཚོགས་པ་ཞིག་གསར་འཛུགས་གནང་བ་དང་འབྲེལ། སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་དང་ལྷན་དུ། ཨོ་གླིང་གི་གྲོས་ཚོགས་འཐུས་མིར་ལངས་མཁན་གསུམ་ཡོད་པ་དག་ནི། ཚོགས་པ་དེ་གསར་འཛུགས་གནང་མཁན་དང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ (university of queensland) གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཕྱིར་ཕུད་བཏང་བའི་ཨོ་གླིང་གི་མི་སེར་ཡིན་པའི་གཞོན་སྐྱེས་ཌརོ་པཱ་ལའོ་(Drew Pavlou) ལགས་དང་། ཨོ་གླིང་ནང་ཡུ་གུར་མང་ཚོགས་ཀྱི་ཚབ་མཚོན་ལྟ་བུའི་ལས་འགུལ་བ་གྲགས་ཅན་ཨ་ཌི་ལཱ་ (Adila Yarmuhammad)ལགས་དང་ཡུ་གུར་བ་ཨིན་ཊི་(Inty)ལགས།  དེ་བཞིན། ཧོང་ཀོང་གི་ལས་འགུལ་བ་མེག་སི་(Max Mok)ལགས་བཅས་ཡིན་པ་རེད།

མང་གཙོའི་མཐུན་གྲོགས་ཚོགས་པ་དབུ་འཛུགས་གནང་སྐབས་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས། རང་ཉིད་ཨོ་གླིང་གི་གྲོས་ཚོགས་འཐུས་མིར་ལངས་དགོས་པའི་རྒྱབ་ལྗོངས་སྐོར་ངོ་སྤྲོད་གནང་དོན། ལོ་ངོ་བཅུ་དྲུག་གི་ཡར་སྔོན་དུ་གུས་པ་ཨོ་གླིང་དུ་རྒྱལ་ཁབ་ཤོར་བའི་མི་ཞིག་བྱས་ནས་ཡོང་བ་ཡིན། རྒྱུ་མཚན་ནི་རྒྱ་ནག་གིས་ངའི་ཕ་ཡུལ་བོད་ལ་བཙན་འཛུལ་བྱས་པས་རེད། ཉེ་བའི་ལོ་ངོ་བཅུ་ལྷག་གི་རིང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་པ་ཞིག་གི་ལས་ཀ་བྱེད་སྐབས། ངས་ཨོ་གླིང་གཞུང་དང་གྲོས་ཚོགས་གཉིས་ལ་འགྲོ་བ་མིའི་ཐོབ་ཐང་ནི་ཚོང་འབྲེལ་ལས་གལ་ཆེ་བར་ངོས་འཛིན་བྱེད་དགོས་པའི་ཞུ་གཏུགས་བྱས་ཡོད། འདས་པའི་གཞུང་འཛིན་པ་མང་བོས་ང་ཚོའི་སྤྱི་ཚོགས་འདི་དཀའ་རྙོག་ཁྲོད་གཡུགས་ཡོད། འདས་པའི་ལོ་ངོ་ ༢༠ རིང་ཨོ་གླིང་དང་རྒྱ་ནག་གཉིས་ལྷན་དུ། ཇེ་ཕྱུག་ཏུ་སོང་བ་དང་། བཙན་འཛུལ་འོག་གནས་པའི་བོད་དང་ཡུ་གུར་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་ལ། དེ་མཚུངས་བཞིན་ཚང་མས་མཁྱེན་གསལ་ལྟར་ཧོང་ཀོང་གི་གནས་སྟངས་རེད། ངས་རྒྱ་ནག་གིས་ང་ཚོའི་མང་གཙོ་དང་ས་ཁོངས་བདག་དབང་བཙན་འཕྲོག་བྱེད་བཞིན་པ་མཐོང་བྱུང་བས། ང་གྲོས་ཚོགས་འཐུས་མིར་ལངས་དགོས་དོན་ནི། ཨོ་གླིང་གི་མི་སེར་དཀྱུས་མའི་དག་གི་འབོད་སྒྲ་དང་གཞོན་སྐྱེས་ཚོའི་རེ་འདུན་འགྲུབ་ཐུབ་ཐབས་སུ་ལངས་པ་ཡིན་ལ། ང་གྲོས་ཚོགས་འཐུས་མིར་ལངས་དོན་ནི་ཨོ་གླིང་གི་ཕྱི་ནང་གཉིས་ཀྱི་ཆེ་མཐོང་དང་བརྩི་བཀུར་སྲུང་སྐྱོད་སླད་ཡིན། ཞེས་བརྗོད་ཡོད།

སྤྱི་ཟུར་གདོང་འདུས་སྐྱིད་འཛོམས།

སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་ནི་ཕྱི་ལོ་ ༡༩༧༨ ལོར་སྐྱེས་ཤིང་། རྒྱ་གར་ནང་སློབ་ཆུང་དང་སློབ་འབྲིང་གི་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༩༧ ལོར་དྷ་སྟེང་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་པའི་རྩེ་ཕུད་སློབ་མའི་བྱ་དགའ་ཐོབ། ཕྱི་ལོ་ ༢༠༠༡ ལོར་ལྡི་ལི་གཙུག་ལག་སློབ་གྲྭར་དབྱིན་ཇིའི་རྩོམ་རིག་གི་གཙུག་ལག་རབ་འབྱམས་པ་དང་ཕྱི་ལོ་ ༢༠༠༢ ལོར་རྒྱ་གར་རྒྱལ་ཡོངས་གསར་འགོད་རིག་པའི་སློབ་གཉེར་ཁང་ནས་གསར་འགོད་ཆེད་ལས་པའི་སློབ་སྦྱོང་ཞུས། ཕྱི་ལོ་ ༢༠༠༢ ནས་རྒྱ་གར་དུས་བབ་གསར་ཁང་གི་གསར་འགོད་པ་བྱས། ཕྱི་ལོ་ ༢༠༠༥ ལོར་ཨོ་གླིང་ནང་གནས་སྤོ་བྱས་ཏེ་སིཌ་ཎི་བོད་རིགས་མཐུན་ཚོགས་ཀྱི་དབྱིན་ཡིག་དུས་དེབ་འབོད་སྒྲའི་རྩོམ་སྒྲིག་ཚོགས་མི་དང་རྩོམ་སྒྲིག་པ་གནང་། ཕྱི་ལོ་ ༢༠༡༠ ནས་ ༢༠༢༠ བར་བོད་དོན་ལྷན་ཁང་ (Australia Tibet Council) གི་ལས་འགུལ་འགན་འཛིན་བྱས། ཕྱི་ལོ་ ༢༠༢༠ ནས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ནང་ཞུགས་ཏེ། ད་ལྟའང་བོད་དོན་གཙོས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལས་དོན་གཉེར་མུས་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese