མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདེམས་སྒྲུག་ཙམ་དུ་གྱུར་བའི་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་བསྡུ་བསླེབ་ལ་ཉེ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་གཞུང་གི་བཙན་གནོན་འོག་ཡོད་པའི་ཧོང་ཀོང་གི་སྐབས་ ༧ པའི་གྲོས་ཚོགས་འཐུས་མི་འོས་བསྡུ་གནང་རྒྱུ་ཡིན་ཡང་འོས་མི་ ༡༥༣ ཁྲོད་དམངས་གཙོ་དོན་གཉེར་བར་ངོས་འཛིན་བྱེད་བཞིན་པའི་འོས་མི་ ༣ ཙམ་ལས་མེད་འདུག

Legislative Council. Photo: Legislative Council, via Flickr.

འདས་ལོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་འོག་ཕྱེད་རང་སྐྱོང་གི་ཚུལ་དུ་གནས་པའི་ཧོང་ཀོང་གྲོང་ཁྱེར་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བ་དངོས་སུ་ལག་བསྟར་བྱས་ཏེ། སྤྱི་འབངས་ཀྱི་དམངས་གཙོའི་སྟོབས་ཤུགས་ཉམས་དམས་སུ་གཏོང་བཞིན་པ་དང་། དེའི་ཐོག་འདི་ལོའི་ལོ་མགོར་དམངས་གཙོའི་ཆ་ཕྲ་མོ་ཙམ་ལས་ལྷག་མེད་པའི་ཧོང་ཀོང་གི་གྲོས་ཚོགས་(LegCo)འཐུས་མིའི་སྒྲོམ་གཞི་དང་འོས་འདེམས་ཀྱི་སྒྲིག་གཞི་ལ་བསྐྱར་བཅོས་བྱས་པར་བརྟེན། ཉིན་གྲངས་གཉིས་ཀྱི་རྗེས་ཏེ་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་འཚོག་གཏན་འཁེལ་བའི་ཧོང་ཀོང་གི་སྐབས་ ༧ པའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་། མང་ཚོགས་ངོས་ནས་རྒྱ་ནག་རྒྱལ་ཁབ་དང་དམར་ཤོག་ཚོགས་པར་བློ་དཀར་བའི་འོས་མི་ལ་མ་གཏོགས་འོས་ལྡུག་པའི་གདམ་ཀ་མེད་པ་རེད།

རང་མིང་བརྗོད་འདོད་མེད་པའི་ཧོང་ཀོང་གི་བུད་མེད་ཅིག་གིས་ཨལ་ཇེ་ཛི་ར་གསར་ཁང་གི་གསར་འགོད་པར། འདི་ལོའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་འདི་ནི་འདེམས་སྒྲུག་ཅིག་ཡིན་པ་ལས་འོས་འདེམས་ཤིག་མིན་སྐོར་བརྗོད་འདུག ཁོང་མོས་དེ་ལྟར་བརྗོད་དོན་ནི། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༡ ཉིན་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་(National People’s Congress) ཟེར་བ་དེས། རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན་དང་དམངས་གཙོ་དོན་གཉེར་བ་རྣམས་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་ཡོང་རྒྱུར་བཀག་འགོག་ཆེད། གྲོས་ཚོགས་འཐུས་མིའི་འོས་མི་རྣམས་ཧོང་ཀོང་བདེ་འཇགས་ལས་ཁུངས་ཀྱི་བསྐྱར་ཞིབ་མ་བརྒྱུད་པར་འོས་མིར་ལངས་མི་ཆོག་པའི་ཁྲིམས་སྒྲིག་གསར་པ་གཏན་འབེབ་བྱས་ཡོད་ཅིང་། དུས་རྒྱུན་རྒྱ་ནག་དམར་ཤོག་གཞུང་དང་ཧོང་ཀོང་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གྱི་མི་ཞིག་ཁྲིམས་ཡིག་དེའི་འོག་ནས་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་ཐུབ་ཐབས་མེད་པ་བཟོས་ཡོད། ཁྲིམས་ཡིག་དེའི་རྐྱེན་པས་འདི་ལོའི་གྲོས་ཚོགས་འཐུས་མིའི་འོས་མི་ ༡༥༣ ཁྲོད་ཡོངས་ཁྱབ་ཐོག་ནས་དམངས་གཙོ་དོན་གཉེར་བར་ངོས་འཛིན་བྱེད་ཀྱིན་པའི་འོས་མི་ ༣ མ་གཏོགས་མེད་པ་རེད།

People walk past a banner of the coming Legco election. Photo: Felix Wong

སྤྱིར་འདས་ལོའི་ཕྱི་ཟླ་ ༩ པའི་ནང་བསྡུ་གཏན་འཁེལ་བའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་དེ་ཉིད། ཏོག་དབྱིབས་གཉན་རིམས་ལ་བསྙད་བཏགས་ཏེ་ལོ་གཅིག་ལྷག་ཕར་འགྱངས་བྱས་ཡོད་ཅིང་། དེའི་བར་དུ་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༦ ཚེས་ ༣༠ ཉིན་ལག་བསྟར་བྱས་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བའི་མིང་ཐོག་ནས། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཧོང་ཀོང་གི་དམངས་གཙོའི་ཀ་བ་ལྟ་བུའི་ཚུལ་དུ་འགྲེང་བའི་དམངས་གཙོ་དོན་གཉེར་བའི་ལས་འགུལ་བ་དང་། ཆབ་སྲིད་ཚོགས་པ། ཐ་ན་རང་དབང་ཅན་གྱི་གསར་ཤོག་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་སོགས་ཀྱིས་མཚོན་པའི་སྤྱི་སྒེར་རྩ་འཛུགས་ཡོད་ཚད་སྒོ་བརྒྱབ་ཏུ་བཅུག་སྟེ། ད་ལྟའི་ཆར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ཆབ་སྲིད་མི་སྣ་ཕལ་ཆེ་བ་རྒྱལ་ཁབ་ལ་ངོ་ལོག་བྱས་པའམ། སྲིད་དབང་མགོ་རྟིང་སློག་ཐབས་བྱས་པ། ཡང་ན་ཕྱིའི་རྩ་འཛུགས་དང་ངན་པ་ལག་སྦྲེལ་བྱས་པ་སོགས་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་ལ། ཁ་ཤས་དབྱིན་ཡུལ་གྱིས་མཚོན་པའི་ནུབ་གླིང་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་དུ་ཕྱིན་ཟིན་པ་ཡིན།

རྒྱ་ནག་གཞུང་གི་དྲག་གནོན་དང་ཧོང་ཀོང་གཞུང་གི་འཇིགས་སྐུལ་བྱེད་ཀྱི་ཡོད་མིན་ལ་མ་ལྟོས་པར་ཕྱི་ལ་སྐྱབས་བཅོལ་དུ་བསླེབས་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས། འདི་ལོའི་འོས་བསྡུའི་ནང་མཉམ་ཞུགས་བྱ་རྒྱུ་མིན་པའི་བསྒྲགས་གཏམ་སྤེལ་ཡོད་ཅིང་། ད་བར་ཧོང་ཀོང་གི་ཉེན་རྟོག་པས་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བའི་འོག་ནས་མི་གཞན་ལ་འོས་བསྡུའི་ནང་མཉམ་ཞུགས་བྱ་རྒྱུ་མེད་པའི་སྐུལ་སློང་བྱས་པའམ། རང་གི་སྤྱི་ཚོགས་དྲ་ལམ་སྟེང་དེ་འབྲེལ་གནས་ཚུལ་སྤེལ་མཁན་གྱི་མི་ ༦ འཛིན་བཟུང་བྱས་ཚར་ཡོད་པ་མ་ཟད། ད་ལྟ་ཧོང་ཀོང་གཞུང་གིས་དབྱིན་ཡུལ་དང་ཨོ་གླིང་དུ་སྐྱབས་བཅོལ་དུ་སོང་བའི་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་ཊེཌ་ཧུ་ (Ted Hui) དང་ཡོ་མན་ཆུན་ (Yau Man-chun) གཉིས་འཛིན་བཟུང་དགོས་པའི་བཀའ་ཁྱབ་ཅིག་ཀྱང་བཏང་ཡོད་འདུག

Joshua Wong (left) and Nathan Law are young key figure of Hong Kong Democracy movement. Photo: Winson Wong

ཕྱི་ལོ་ ༢༠༡༦ ལོར་དམངས་གཙོ་དོན་གཉེར་བ་ནཱ་ཐན་ལོ་(Nathan Law) ཡིས་ཧོང་ཀོང་གྲོས་ཚོགས་འཐུས་མིའི་ལས་འཁུར་དམ་འབུལ་སྐབས། རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་གྲོས་ཚོགས་འཐུས་མིའི་ཁོངས་ནས་ཕྱིར་འབུད་བཏང་ཡོད་པ་དང་། ཁོང་ནི་ཕྱི་ལ་སྐྱབས་བཅོལ་དུ་ཕྱིན་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ཚབ་མཚོན་མི་སྣ་ཞིག་ཡིན་ལ། ཁོང་གིས་ཀྱང་ད་ལན་གྲོས་ཚོགས་འཐུས་མི་འདེམས་སྒྲུག་གི་བརྒྱུད་རིམ་ཞིག་ཡིན་པ་ལས་འོས་བསྡུ་ཞིག་མིན་སྐོར་བརྗོད་ཡོད་པ་རེད།

འོས་མི་རྣམས་ལ་ཆབ་སྲིད་ཉེན་རྟོག་པས་བསྐྱར་ཞིབ་ནན་པོ་བྱ་དགོས་པ་མ་ཟད། ཁོ་ཚོར་རྒྱ་ནག་གཞུང་གི་ཕྱོགས་གཏོགས་ཆབ་སྲིད་པ་རྣམས་ཀྱི་རྒྱབ་སྐྱོར་ཡང་ཐོབ་དགོས་པ་ཡིན། ཅེས་དང་། མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་ཆོག་པའི་འཐུས་མིའི་གྲངས་འབོར་དེ་ ༢༠ ལ་མར་ཕབ་ཡོད་པས། ང་ཚོས་འོས་ཤོག་འཕངས་པ་ཙམ་གྱིས་ད་ཐེངས་ཀྱི་འོས་བསྡུ་འདི་ཉིད་དག་ཐེར་བྱ་མི་ཐུབ། ཅེས་སྐྱོན་བརྗོད་བྱས་འདུག

འདས་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གཞུང་གིས་བཙན་བཀལ་བྱས་པའི་འོས་མིར་བསྐྱར་ཞིབ་ཀྱི་ཁྲིམས་ཡིག་དེའི་འོག ཧོང་ཀོང་གཞུང་གིས་ཇོ་ཧྲ་ཝོང་ (Joshua Wong) གིས་གཙོས་པའི་དམངས་གཙོ་དོན་གཉེར་བའི་མི་སྣ་ ༡༢ ད་ལན་གྱི་གྲོས་ཚོགས་ཀྱི་འོས་མིའི་ཁོངས་སུ་ཞུགས་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་ཅིང་། དེར་མཚུངས་འདས་ལོའི་ཕྱི་ཟླ་ ༡༡ ནང་ཧོང་ཀོང་གཞུང་གིས་དམངས་གཙོ་དོན་གཉེར་བའི་གྲོས་ཚོགས་འཐུས་མི་ ༤ ཁྲིམས་ཡིག་དེའི་འོག་ནས་གྲོས་ཚོགས་འཐུས་མིའི་ཁོངས་ནས་ཕྱིར་ཕུད་བཏང་བར་བརྟེན། གྲོས་ཚོགས་ཀྱི་འཐུས་མི་དམངས་གཙོ་དོན་གཉེར་བ་ ༡༩ ཚང་མས་མཉམ་གཅིག་ཏུ་རྩ་དགོངས་ཞུས་ཡོད་སྟབས། འདས་པའི་ལོ་གཅིག་ནང་ཧོང་ཀོང་གི་གྲོས་ཚོགས་ནང་རྒྱ་ནག་གཞུང་གི་ཕྱོགས་གཏོགས་འཐུས་མི་ལས་ཕྱོགས་འགལ་མི་སྣ་གཅིག་ཀྱང་མེད་པ་རེད།

གྲོས་ཚོགས་འཐུས་མི་རྣམས་ངེས་པར་དུ་རྒྱལ་ཞེན་ཅན་ཞིག་ཡིན་དགོས་པའི་ཁྲིམས་ཡིག་དེའི་ཐོག ད་དུང་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་(The Basic Law of Hong Kong) ལ་བསྐྱར་བཅོས་བརྒྱུད། གྲོས་ཚོགས་འཐུས་མིའི་སྒྲོམ་གཞི་ལ་བསྒྱུར་བཅོས་ཆེན་པོ་བཏང་ཡོད་དེ། དེ་སྔ་གྲོས་ཚོགས་ནང་ཞབས་བཀྱག་ ༧༠ ཡོད་པ་དེ་ ༩༠ ལ་སྤར་ཡོད་ནའང་། མི་མང་གིས་ཐད་ཀར་འོས་འདེམས་བྱ་ཆོག་པའི་འཐུས་མིའི་ཞབས་བཀྱག་ ༣༥ དེ་ ༢༠ ལ་ཉུང་འཕྲི་བྱས། ཚོང་དོན་ཚན་པ་རྣམས་ལ་ཞབས་བཀྱག་ ༣༠ སོར་བཞག་ཐོག དེ་སྔ་ཡིན་ན་ཞབས་བཀྱག་ ༧༠ ཁྲོད་ནས་ལྷག་འཕྲོ་ ༥ དེ་ཧོང་ཀོང་གི་ས་གནས་གྲོང་སྡེ་ལྷན་ཚོགས་ (District Councillors) ཀྱི་ལག་ཏུ་ཡོད་ནའང་། ད་ལན་དེ་ཉིད་རྦད་དེ་མེད་པར་བཟོས་ཏེ། ཁྱོན་རྐུབ་བཀྱག་ ༩༠ ཁྲོད་ནས་ཕྱེད་ཀ་ལྷག་སྟེ་ ༤༠ རྣམས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཚོགས་མི་ ༡༥༠༠ ལས་གྲུབ་པའི་འོས་བསྡུའི་ཚོགས་ཆུང་(Election Committee) གི་ལག་དུ་བཞག་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese