མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་འབྲུག་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་དམངས་ཀྱི་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་སྐབས་གཙོས་པའི་འབྲུག་གཞུང་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཆེ་བསྟོད་ངོས་འཛིན་བྱེད་སླད་དུ་འབྲུག་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་སྤྱི་དམངས་གཟེངས་རྟགས་མངའ་བདག་དཔལ་གྱི་འཁོར་ལོ་ཞེས་པ་ཕུལ་ཡོད་འདུག

ལོ་རེའི་རྒྱལ་སྟོན་དུས་ཆེན་སྐབས་འབྲུག་རྒྱལ་པོས་མངའ་བདག་དཔལ་གྱི་འཁོར་ལོ་ཞེས་པའི་ཚད་མཐོའི་གཟེངས་རྟགས་ཤིག་སྤྲོད་སྲོལ་ཡོད་པ་ལྟར། དེ་རིང་འབྲུག་ཁབ་དབུ་བརྙེས་ནས་ལོ་ངོ་ ༡༡༤ འཁོར་བའི་རྒྱལ་སྟོན་དུས་ཆེན་དང་བསྟུན། འབྲུག་རྒྱལ་པོ་འཇིགས་མེད་ཁེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས། འབྲུག་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་སྤྱི་དམངས་གཟེངས་རྟགས་མངའ་བདག་དཔལ་གྱི་འཁོར་ལོ་ཞེས་པ་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་ཕུལ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད་འདུག

དེ་འབྲེལ་ཐད། འབྲུག་རྒྱལ་ཁབ་ཀྱི་སྲིད་བློན་བློ་བཀྲ་ཚེ་རིང་ལགས་ཀྱིས་སྲིད་བློན་མུ་དྷི་མཆོག་ལ་བརྗོད་དོན།  བཀུར་འོས་པའི་རྒྱལ་པོ་མཆོག་ནས་སྐུ་ཉིད་ལ་ཆེས་མཐོ་བའི་དམངས་ཀྱི་གཟེངས་རྟགས་འཐོབ་པའི་མཚན་བྱང་བསྒྲགས་པ་ཐོས་པར་ང་ལ་དགའ་ཚོར་དཔག་མེད་བྱུང་། གཟེངས་རྟགས་དེ་སྐུ་ཉིད་དང་རྒྱལ་པོ་མཆོག་གི་གྲོགས་པོའི་མཛའ་བརྩེ་དང་ལྷག་པར་དུ་ཁྱེད་ནས་འདས་པའི་ལོ་མང་རིང་དང་དམིགས་བསལ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་སྡུག་གི་སྐབས་སུ་འབྲུག་གཞུང་ལ་རྒྱབ་སྐྱོར་གནང་བ་སོགས་ལ་ངོས་འཛིན་གྱིས་གནང་བ་ཞིག་ཡིན་སྟབས། འབྲུག་གི་མི་མང་ནས་ཁྱེད་ལ་འཚམས་འདྲི་ཞུ། ང་ཚོ་འབྲེལ་འདྲིས་བྱུང་བའི་བརྒྱུད་རིམ་ཁྲོད། ཁྱེད་ཉིད་ཧ་ཅང་རླབས་ཆེ་ཞིང་བསམ་བློ་ལྡན་པའི་མི་ཞིག་ཡིན་པ་ཚོར་བྱུང་། ངས་ཁྱེད་ནས་གཟེངས་རྟགས་དེ་སྐུ་དངོས་སུ་བཞེས་པར་རེ་སྒུག་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། འབྲུག་རྒྱལ་ཁབ་ནི་རྒྱ་གར་གྱི་སྲིན་བློན་མཆོག་ལ་གཟེངས་རྟགས་འབུལ་མཁན་ཁྱིམ་མཚེས་རྒྱལ་ཁབ་གསར་ཤོས་དེ་ཡིན་པ་དང་། དེ་སྔོན་སྲིད་བློན་མུ་དྷི་མཆོག་ལ་ཨབ་གྷན་ནེ་སི་ཐན་དང་། སོ་ཌའུ་ཨ་རབ་བྷི་ཡ་དང་ཨ་རབ་མཉམ་འབྲེལ་རྒྱལ་ཁབ་ (United Arab Emirates)། དེ་བཞིན་ཨུ་རུ་སུ་དང་པ་ལི་སི་ཐན་སོགས་ནས་གཟེངས་རྟགས་ཕུལ་མྱོང་སྐོར་བརྗོད་འདུག

མངའ་བདག་དཔལ་གྱི་འཁོར་ལོ་ཞེས་པའི་གཟེངས་རྟགས་དེ་ཉིད། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༧ ཉིན་འབྲུག་གི་རྒྱལ་པོ་འཇིགས་མེད་ཁེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་གསར་དུ་བཟོས་ཏེ། མི་ཚེ་ཧྲིལ་པོར་འབྲུག་རྒྱལ་ཁབ་དང་མི་མང་ལ་ཞབས་འདེགས་ཞུས་པར་ཆེ་བསྟོད་ངོས་འཛིན་བྱེད་སླད་དུ་ཕུལ་ཞིག་ཡིན་པ་མ་ཟད། ད་ཐེངས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་ཕུལ་དོན་ནི་མུ་དྷི་མཆོག་གི་འཛིན་སྐྱོང་སྐབས། རྒྱ་གར་གྱིས་འབྲུག་རྒྱལ་ཁབ་ལ་རྒྱབ་སྐྱོར་དང་ཆབ་སྲིད་ཀྱི་ལྟ་ཕྱོགས་ཡག་པོ་ཡོད་པས་ཡིན་འདུག་ལ། ད་བར་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་སྐབས། རྒྱ་གར་གཞུང་གིས་འབྲུག་རྒྱལ་ཁབ་ལ་ཏོག་དབྱིབས་སྔོན་འགོག་གི་ཁབ་ས་ཡ་གཅིག་ལྷག་སྤྲད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

སྐར་མ ༤༥ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese