མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་སྒྲོལ་དཀར་ལགས་འགྲོ་སྐྱོད་མ་ཐུབ་པར་ཉལ་སར་ལྷུང་།

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ནད་ཡམས་ལ་ཁ་གཡར་ཏེ་ཕྱི་ལོ་ ༢༠༡༩ ནས་བཟུང་བོད་ནང་གི་བཙོན་ཁང་ཆེ་ཁག་ནང་གི་ཆབ་སྲིད་བཙོན་པ་ཚོར་ནང་མི་ཐུག་ཕྲད་བྱེད་རྒྱུ་བཀག་ཏེ་བཙོན་པ་ཚོའི་གནས་སྟངས་ཤེས་རྟོག་མེད་པ་གྱུར་འདུག

བོད་སེར་ཤུལ་རྫོང་ཁོངས་ནས་ཡིན་པའི་ཆབ་སྲིད་བཙོན་པ་དབང་ཆེན་ལགས་ཀྱི་ཨ་ཅག་སྒྲོལ་དཀར་ལགས་ཕྱི་ལོ་ ༢༠༢༠ ཟླ་ ༠༨ ཚེས་ ༡༥ ཉིན་བཙོན་འཇུག་དུས་ཡུན་ལོ་གཅིག་དང་ཟླ་ ༣ ཚང་ནས་བཙོན་གྲོལ་བཏང་ཡོད་ཀྱང་། བཙོན་ཁང་དུ་ས་རྡོ་དབོར་འདྲེན་སོགས་ཀྱི་ངལ་རྩོལ་ཤུགས་ཆེན་པོར་བཀོལ་བ་དང་སྡུག་སྦྱོང་མནར་གཅོད་བཏང་བ། ནད་མནར་སྐབས་དུས་ཐོག་སྨན་བཅོས་མ་བྱུང་བར་བརྟེན། ཁོང་མོའི་དཔྱི་མགོ་གཉིས་ནད་པར་གྱུར་ཏེ་རྐང་ལག་བཞི་འགུལ་སྐྱོད་ཡག་པོ་མ་ཐུབ་པའི་དཀའ་ངལ་བྱུང་སྟེ་ལོ་གཅིག་ལྷག་ལ་སྨན་པར་བསྟེན་གཏུག་བྱས་ཡོད་ཀྱང་། ཉེ་བའི་ཟླ་བ་བཞི་ཙམ་ནས་བཟུང་འགྲོ་སྐྱོད་གཏན་ནས་མ་ཐུབ་པར་ཉལ་སར་ལྷུང་བསྡད་ཡོད་འདུག་ལ། ཁོང་མོ་ངན་པར་ལག་འབྲེལ་བྱས་པའི་དོགས་གཞིའི་འོག་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣ ཉིན་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་པ་ཞིག་ཡིན་འདུག

སྒྲོལ་དཀར་ལགས་ཀྱི་ཚ་བོ་དབང་ཆེན་གྱི་སྤུན་མཆེད་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པ་ཞིག་གིས་འདི་གའི་གསར་འགོད་པར། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༨ ཉིན་སེར་ཤུལ་རྫོང་འབྲིང་རིམ་མི་མང་ཁྲིམས་ཁང་གིས་དབང་ཆེན་ལགས་ལ་ལོ་ ༤ དང་ཕྱེད་ཀ་ཡི་ཁྲིམས་ཐག་བཅད་རྗེས་ཐེངས་གཅིག་མ་གཏོགས་ཐུག་འཕྲད་བྱེད་དུ་བཅུག་མེད་སྟབས། ཡུན་རིང་ཁོང་གི་གནས་སྟངས་གང་ཡང་ཤེས་རྟོགས་མ་ཐུབ་པའི་རྐྱེན་གྱིས་སེམས་ཁྲལ་ཆེན་པོ་ཡོད་ལ། གང་མགྱོགས་བསྐྱར་དུ་ཐུག་ཐུབ་པའི་རེ་སྒུག་བྱེད་བཞིན་སྐོར་དང་། ཁོང་གིས་འབྲེལ་ཡོད་མི་སྣར་སྐད་ཆ་དྲིས་ཏེ་རྒྱུས་ལོན་བྱེད་སྐབས། ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཏུ་འགྲོ་ཚུལ་བཤད་དེ་ས་གནས་ཀྱི་བཙོན་ཁང་ཆེ་ཁག་གི་ཆབ་སྲིད་བཙོན་པ་གཞན་མང་པོ་ཞིག་ལའང་ལོ་གཉིས་རིང་ཁྱིམ་མི་སྤུན་མཆེད་ཐུག་ཏུ་བཅུག་མེད་པ་ཤེས་རྟོགས་བྱུང་སྐོར་བརྗོད་བྱུང་།

ཆབ་སྲིད་བཙོན་པ་དབང་ཆེན་དང་ཁོང་གི་ཨ་ཅག་སྒྲོལ་དཀར། དབང་ཆེན་གྱི་གྲོགས་པོ་གཉིས། པར་བོད་ནས་འདི་གར་མཁོ་སྤྲོད་གནང་།

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༩ ཉིན་རང་ལོ་ ༢༠ ཙམ་ཡིན་པའི་དབང་ཆེན་ལགས་ཀྱིས་ཁོ་རང་གི་གྲོགས་པོ་བློ་བཟང་དང་ཡོན་ཏན། ཡང་རོགས་པ་གཞན་ལྐུགས་པ་ཞིག་བཅས་སེར་ཤུལ་དགོན་གྱི་རྒྱབ་རིའི་སྒང་དུ་ལབ་རྩེ་ཞིག་ཡོད་པ་དེར་གསང་གསོལ་གཏོང་བར་ཕྱིན་ཏེ། ཕྱིར་ཁྱིམ་དུ་ལོག་སྐབས་གློ་བུར་དུ་རྒྱ་གཞུང་ཉེན་རྟོག་པས་ལྐུགས་པ་དེ་མ་གཏོགས་གཞན་གསུམ་འཛིན་བཟུང་བྱས་ཡོད་པ་མ་ཟད། བསང་གསོལ་གཏོང་སྐབས་༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་དང་༧རྒྱལ་བ་པན་ཆེན་གཉིས་བོད་དུ་ཞལ་འཛོམས་དགོས་པའི་སྐད་འབོད་བྱས་ཏེ། མངོན་གསལ་དོད་པོའི་ཐོག་ནས་རྒྱལ་ཁབ་ཀྱི་ཁྲིམས་ལ་ངོ་རྒོལ་གྱེན་ལངས་བྱེད་པར་རྩ་འཛུགས་དང་སྣེ་འཁྲིད་བྱས་པའི་ཉེས་མིང་འོག ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༨ ཉིན་སེར་ཤུལ་རྫོང་མི་མང་ཁྲིམས་ཁང་གིས་དབང་ཆེན་ལགས་ལ་ལོ་ ༤ དང་ཕྱེད། ཁོང་གི་ཨ་ཅག་སྒྲོལ་དཀར་ལགས་ལ་ངན་པར་ལག་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་རྩ་དོན་དང་། ས་གནས་ཀྱི་བདེ་འཇགས་ལ་གནོད་པའི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ ༡ དང་ཟླ ༣།  དེ་བཞིན་དབང་ཆེན་ལགས་ཀྱི་རོགས་པ་གཉིས་ལ་རྒྱ་སྒོར ༡༥༠༠༠ རེ་ཡི་ཉེས་ཆད་བཅད་ནས་ཟླ་དྲུག་རིང་རྒྱལ་སྤྱིའི་བདེ་འཇགས་སློབ་གསོ་ཟབ་སྦྱོང་འཛིན་གྲྭ་ཞེས་པར་བཏང་རྗེས་ཀློད་ཡོད་འདུག 

འབྲེལ་ཡོད་གནས་ཚུལ།
བོད་རིཊ་གཞོན་སྐྱེས་གསུམ་འཛིན་བཟུང་བྱས། (འདྲ་པར་བསྐྱར་བཅོས)
བོད་མི་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད།
རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༩ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༤ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese