མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྗེ་ཙོང་ཁ་པའི་སློབ་ཡོན་དབུ་འཛུགས་གནང་བའི་ལོ་རྒྱུས།

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྗེ་ཙོང་ཁ་པའི་སློབ་ཡོན་དབུ་འཛུགས་གནང་བའི་ལོ་རྒྱུས།

༄༅། །ཐུགས་རྗེས་འགྲོ་རྣམས་སྡུག་བསྔལ་ལས་སྐྱོབ་མཛད། །རྗེ་བཙུན་བླ་མ་རྣམས་ལ་གུས་པྱག་འཚལ། །ཞེས་གུས་ཕྱག་སྔོན་དུ་བཏང་ནས་བཀུར་འོས་མཁྱེན་ལྡན་རྒྱ་ཆེའི་མང་ཚོགས་ལ་གུས་འདུད་བཅས་གུས་པའི་བསམ་ཚུལ་ཞུ་དོན། ཕྱི་ལོ་༡༩༧༨ ཀྱི་ལོ་འགོར་གུས་རང་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་སྒོར་ཐོག་མར་ཞུགས་པའི་སྐབས་དེ་དག་ཏུ་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་སྐྱོ་པོ་རེད། འོན་ཀྱང་གུས་རང་ཕྱི་ལོ་བརྒྱད་བཅུའི་ནང་སྦེལ་ཀོབ་ལུགས་བསམ་སོགས་བོད་མིའི་གཞིས་ཆགས་ཁག་འགའ་ཞིག་ཏུ་གྲྭ་ཚང་དང་ཁང་ཚན་གྱི་ཆེད་དུ་ཞལ་འདེབས་འབུལ་སྡུད་ལ་ཕྱིན་མྱོང་། སྐབས་དེ་དག་ཏུ་སྐྱབས་བཅོལ་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་སྐྱོ་པོ་ཡིན་ནའང་བོད་མི་རྣམས་ཆོས་དད་ཆེ་ཞིང་། མི་རིགས་ཀྱི་ལ་རྒྱ་དང་རང་གི་རིག་གཞུང་ལ་གཅེས་ཞེན་ཧ་ཅང་ཆེ་བས། རང་རང་སོ་སོའི་འབྱོར་པ་ལ་བརྟེན་ནས་བློས་བཅད་ཀྱི་ཞལ་འདེབས་ཧིན་སྒོར་གཅིག་གམ་གཉིས་ཙམ་ལས་འབུལ་རྒྱུ་མེད་ན་ཡང་། ཞལ་འདེབས་གང་ཕུལ་བ་དེ་དད་གུས་ཆེན་པོའི་སྒོ་ནས་ཕུལ་གནང་གི་འདུག ཕྱི་ལོ་༡༩༧༠ ནས་ ༡༩༨༠ ཡི་མཇུག་གི་བར་ལ་གཞིས་ཆགས་ཁག་དང་ས་ཁུལ་སྣ་ཚོགས་སུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོས། དགོན་པ་གྲ་ཚང་ཁག་ལ་ཞལ་འདེབས་དང་བསྙེན་བཀུར་སོགས་ཕུལ་ནས་གང་ཅིའི་རྒྱབ་སྐྱོར་གནང་སྐབས་སུ་རང་ཉིད་ལ་ཚོར་བ་གང་བྱུང་བ་དེ་དག་དུས་ད་ལྟ་ཡང་མ་བརྗེད་པར་གསལ་པོར་དྲན་བཞིན་ཡོད་ཅིང་། ད་ལྟའི་ཆར་བོད་མི་མང་ཆེ་བའི་དཔལ་འབྱོར་གྱི་གནས་སྟངས་སྐབས་དེ་དག་དང་བསྡུར་ན་ཞེ་དྲག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དགའ་སྤྲོའི་གནས་རེད།

      ལོ་ཤས་སྔོན་ལ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་གུས་པར་ནང་མོལ་གྱི་ཚུལ་དུ་བཀའ་སློབ་གནང་བ་དང་། དེའི་རྗེས་སུ་སྐུའི་གསུང་སྒྱུར་མཁས་དབང་འབུམ་རམས་པ་ཐུབ་བསྟན་སྦྱིན་པ་ལགས་ནས་ཀྱང་ལམ་སྟོན་གནང་དོན་བཞིན། ཕྱི་ལོ་༢༠༡༩ ལོར་མཉམ་མེད་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གཤེགས་ལོ་༦༠༠ འཁོར་བའི་དམིགས་བསལ་དྲུག་བརྒྱའི་རྗེས་དྲན་ལས་རིམ་གོ་སྒྲིག་ཐད་གང་ཐུབ་ཞབས་འདེགས་ཞུ་རྒྱུ་ཐག་བཅད་ནས། རྒྱུན་རིང་འདྲིས་པའི་གྲོགས་པོ་ཌོག་ཌར་ཧོན་རུ་ཨིཛ་དང་། ཁོང་གི་གྲོགས་པོ་ཁག་དང་དགེ་ཕྲུག་རྣམས། གཞན་ཡང་ཨ་རི་བ་ཨ་ཅག་ཀེ་ཊི་སི་གྷར་ལགས་བཅས་ལ་ཡང་ལོ་རྒྱུས་ཀྱི་རང་བཞིན་གལ་ཆེན་ལྡན་པའི་ལས་རིམ་དེ་ལ་རོགས་སྐྱོར་ཤུགས་ཆེ་ངེས་པར་གནང་དགོས་པའི་སྐུལ་མ་ནན་པོ་ཡང་ཡང་བྱས་པ་ཡིན།

     དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཕྱག་བསྟར་ངེས་སྟོན་པའི་ལམ་སྟོན་བཀའ་སློབ་འོག་གུས་པས་འགན་འཁུར་གཙོ་བོ་ཞུས་ནས། ཕྱི་ལོ་༢༠༡༩ ལོའི་ཕྱི་ཟླ་དགུ་པའི་ནང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཕུན་ཚོགས་སྡེ་བཞིར། མཉམ་མེད་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གཤེགས་ལོ་༦༠༠ འཁོར་བའི་དམིགས་བསལ་དྲུག་བརྒྱའི་རྗེས་དྲན་ལས་རིམ་རྒྱ་ཆེ་གོ་སྒྲིག་ཞུས་པར། དམིགས་བསལ་མཛད་སྒོ་དེའི་ཚོགས་མགོན་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲིན་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། སྐྱབས་རྗེ་མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་ངོ་ཕེབས་གནང་བའི་ཐོག།དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཕྱག་བསྟར་ངེས་སྟོན་པ་གཅིག་ལྕོགས་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ་མཆོག་ཀྱང་ཆེད་ཕེབས་ཀྱིས་མཉམ་ཞུགས་གནང་།

     སེར་སྨད་དབུ་ཟུར་དགེ་བཤེས་བཀྲིས་ལགས་ཀྱིས་དབུ་འཁྲིད་པའི་སྒྲོལ་ཆོག་ཚོགས་པས་སྐབས་དེར་དམིགས་བསལ་རྗེས་དྲན་མཛད་སྒོ་དེའི་སྔ་རྗེས་ཀྱི་གྲ་སྒྲིག་གང་ཅིར་རྒྱབ་སྐྱོར་རོགས་འདེགས་ཤུགས་ཆེ་གནང་བའི་དབང་གིས། བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཕུན་ཚོགས་སྡེ་བཞི་དེ་བཞེངས་པ་ནས་བཟུང་ཚོགས་ཁང་དེའི་ནང་མི་མང་འདུ་འཛོམས་ཆེ་ཤོས་ཀྱི་མཛད་སྒོ་སྐབས་དེར་ཚོགས་ཐུབ་པ་བྱུང་བ་སོགས་ཀྱིས། འཛམ་གླིང་ནང་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། མི་རིགས་འདྲ་མཉམ་སོགས་འགྲོ་བ་མིའི་རིགས་ཀྱི་ཕུལ་བྱུང་མངོན་འདོད་བཟང་སྤྱོད་ཀྱི་ལམ་སྲོལ་རིན་ཐང་ཅན་མང་པོའི་བ་དན་གུང་དུ་སྒྲེང་མཛད་སྟོབས་ཆེན་རྒྱལ་ཁབ་ཨ་མེ་རི་ཁའི་ས་ཐོག་ཏུ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲིན་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། སྐྱབས་རྗེ་མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་བཅས་དགེ་ལྡན་ཁྲི་ཡབ་སྲས་རྣམ་གསུམ་གནས་གཅིག་ཏུ་མཛད་སྒོར་ལྷན་འཛོམས་ཀྱིས། མཉམ་མེད་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོའི་རྗེས་དྲན་སྲུང་བརྩི་དོན་དང་ལྡན་པ་ལེགས་གྲུབ་བྱུང་ནས། ནིའུ་ཡོག་ཁུལ་གྱི་ལྷག་བསམ་དང་ཤ་ཞེན་ལྡན་པའི་བོད་རིགས་མང་པོས་དགའ་ཚོར་ཆེན་པོའི་སྔགས་བརྗོད་གནང་བྱུང་བས། གུས་རང་དགའ་སྤོབས་གོང་ནས་གོང་འཕེལ་གྱི་ཡང་ཡང་རྗེས་སུ་ཡི་རངས་བྱ་བའི་གནས་སུ་གྱུར།

     ཕྱི་ལོ་༢༠༡༩ ལོ་དེར་མཉམ་མེད་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོའི་དྲུག་བརྒྱའི་རྗེས་དྲན་མཛད་སྒོ་གཙོ་བོ་ནི། ལོ་དེའི་ཕྱི་ཟླ་༡༢ ཚེས་༢༡ དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན། སྐུ་མགྲོན་གཙོ་བོ་སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་མཆོག་དབུ་བཞུགས་ཐོག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲི་གདན་ཟུར་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་པ་བཅས་མཉམ་བཞུགས་ཀྱིས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གདན་ས་བྱེས་ཀྱི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གོ་སྒྲིག་གནང་བར། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཐུགས་བསྐྱེད་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་མཐུ་སྟོབས་དང་། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་ཀྱིས། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གལ་ཆེའི་མཛད་སྒོ་དེ་སྦྱོར་དངོས་རྗེས་བཅས་ལེགས་གྲུབ་བྱུང་བ་མ་ཟད། མཛད་སྒོའི་ཉིན་དེར་དགའ་ལྡན་བླ་སྤྱིའི་ཡང་ཐོག་ཏུ་༸གོང་ས་ཆེན་པོ་མཆོག་དབུ་བཞུགས་ཐོག་དགའ་ལྡན་ཁྲི་གདན་ཟུར་རྣམ་གཉིས་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས། དགའ་ལྡན་ཤར་བྱང་གྲ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས། སྐྱབས་བཅོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་ཀྱི་མཛད་གཙོ་རྣམ་པ། གུས་ཆུང་བདག་དང་། རོགས་སྐྱོར་གནང་མཁན་གྲོགས་པོ་ཇོ་ལགས་ཧོན་རུ་ཨིཛ་དང་། ཨ་ཅག་ཀེ་ཊི་སི་གྷར་ལགས་བཅས་ང་མཚོ་ཉིན་གུང་བཞེས་ལག་ལྷན་དུ་ཞུ་རྒྱུའི་སྐལ་བཟང་ཕུལ་བྱུང་ཐོབ་པ་དང་། ཞལ་ལག་ལྷན་རྒྱས་དེའི་ཐོག་༸གོང་ས་ཆེན་པོ་མཆོག་གིས་དེར་འདུས་བདག་ཅག་ཡོངས་ལ། ད་ལན་ང་ལྷོ་ཕྱོགས་སུ་ཡོང་ཐུབ་པ་དགའ་པོ་བྱུང་བ་མ་ཟད་ཡོང་གོ་ཆོད་སོང་། ཞེས་ཐུགས་ཧ་ཅང་དགྱེས་པའི་བཀའ་སློབ་ཕེབས་པས། གུས་རང་དགའ་དད་གུས་གསུམ་གོང་འཕེལ་ངང་ནས་གུས་པས་དཀའ་ལས་རྒྱབ་པ་གོ་ཆོད་སོང་སྙམ་པ་ཡིད་ལ་ཤར་ནས། རང་གི་མི་ཚེའི་ནང་བརྗེད་ཐབས་མེད་པའི་བྱ་བ་རླབས་ཆེན་ཞིག་ཀྱང་དུས་དེར་གྲུབ་སོང་སྙམ་བཞིན་དུས་རྟག་ཏུ་རྗེས་དྲན་ཞུ་ཡི་ཡོད།

     ཆེས་ཤིན་ཏུ་དཀོན་པའི་མཉམ་མེད་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་བ་ཆེན་པོའི་དྲུག་བརྒྱའི་རྗེས་དྲན་མཛད་སྒོ་དེ་དང་བསྟུན་ནས་རྗེ་ཙོང་ཁ་པའི་སློབ་ཡོན་ཞིག་འཛུགས་ཐབས་བྱུང་ན། རང་རེ་སྐྱབས་བཅོལ་བོད་མི་ན་གཞོན་མང་པོ་གཞི་རིམ་སློབ་གྲ་ཐོན་ནས་མཐོ་རིམ་སློབ་གྲ་འགྲིམ་བཞིན་ཡོད་ཀྱང་། བོད་ཕྲུག་ན་གཞོན་མང་པོར་མུ་འཐུད་སློབ་སྦྱོང་བྱ་འདུན་ཆེན་པོ་ཡོད་ཀྱང་། སློབ་ཡོན་གྱི་དཀའ་ཚེགས་ཀྱི་དབང་གིས་སློབ་སྦྱོང་རྒྱུན་སྐྱོང་མ་ཐུབ་པ་རྣམས་ལ་ཕན་ཐོགས་འབྱུང་ཆེད་དང་། རང་ཉིད་ཀྱིས་ཀྱང་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ཀྱི་དྲིན་ལན་དོན་དང་ལྡན་པ་འབྱུང་རྒྱུར་དམིགས་ནས། རོགས་བྱེད་པོ་ལྷག་བསམ་ཅན་ཨ་ཅག་ཀེ་ཊི་སི་གྷར་ལགས་ལ་དམིགས་བསལ་རེ་བཅོལ་གྱིས་ཤེས་རིག་ལས་ཁུངས་ལ་ཨ་སྒོར་ཁྲི་ལྔ་ཕུལ་ནས་ TSONGKHAPA SCHOLARSHIP རྗེ་ཙོང་ཁ་པའི་སློབ་ཡོན་གསར་དུ་བཙུགས། རིམ་གྱིས་ཤེས་རིག་ལྷན་ཁང་གིས་ཀྱང་སློབ་ཡོན་དེ་དག་སློབ་མ་ཚོར་འགྲེམས་འབུལ་འགོ་བཙུགས་པས་གུས་པ་ཧ་ཅང་གི་དགའ་སྤོབས་ཆེན་པོ་བྱུང་།
གུས་པས་དུས་རྟག་ཏུ་རང་ཅག་བོད་མི་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་བླ་ན་མེད་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། གཞན་ཕན་བྱེད་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་བཞིན་པ་རྣམས་སྙིང་དབུས་སུ་བཅངས་ཐོག ཨ་རིའི་སྲིད་འཛིན་གྲགས་ཅན་ཇོན་ཨེཕ་ཀེ་ནེ་ཌི་ཡི་བཀའ་སློབ་ཞིག་ཏུ། གཞུང་དང་མི་མང་གིས་ང་ལ་ལྟ་གི་མི་འདུག་རྐྱང་རྐྱང་ལབ་མ་བསྡད་པར། ངས་གཞུང་དང་མི་མང་ལ་ཞབས་འདེགས་ག་རེ་སྒྲུབ་ཐུབ་ཀྱི་འདུག་བསམ་དགོས། ཞེས་གསུང་པ་དེ་མ་བརྗེད་པར་སེམས་ལ་དྲན་ནས་ལག་ལེན་ཡོང་ཐབས་འབད་བརྩོན་ཞུ་བཞིན་ཡོད།

     གོང་ཞུའི་ལས་དོན་གལ་ཆེན་རིན་ཐང་བྲལ་བ་ཀུན་དང་། ལྷག་པར་དུའང་རྗེ་ཙོང་ཁ་པའི་སློབ་ཡོན་གསར་བཙུགས་ཀྱི་ལས་དོན་གལ་ཆེན་འདི་འདྲ་ཞིག་གུས་པས་སྒྲུབ་ཐུབ་པ་དེ་འདི་ཕྱིའི་མགོན་སྐྱབས་ཟླ་མེད་༸རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་ཐུགས་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བ་དང་། མཉམ་མེད་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོ་མཆོག་དང་། བདག་གི་ཆོས་འབྲེལ་དངོས་ཐོབ་ཀྱི་རྩ་བའི་བླ་མ་དམ་པ་རྣམས་ཀྱིས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་གུས་པ་བདག་འབྲལ་མེད་མཉེས་བཞིན་དུ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་བསྔོ་སྨོན་ཞུ་བཞིན་དུ་ཨ་རིའི་གྲོང་ཁྱེར་ཆེན་པོ་ནིའུ་ཡོག་ཏུ་བཅའ་སྡོད་དགའ་ལྡན་ཤར་རྩེའི་གྲྭ་ཟུར་གུས་པ་རྡོ་རྗེ་རྒྱལ་མཚན་གྱིས་དགའ་སྤྲོ་དང་གུས་འདུད་དཔག་མེད་བཅས་ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་༢༡ ཉིན་ཕུལ།།

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese