མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་དར་སྤེལ་གྱི་སྐུ་ཚབ་མི་སྣ་ཞིག་གསར་དུ་བསྐོས།

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་གསར་བ་ཞིག་བསྐོ་གཞག་བྱུང་བར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་འཚམས་འདྲི་ཞུས་གནང་ཡོད་འདུག

ཨ་རིའི་གྲོས་ཚོགས་གོང་མའི་ནང་འོས་བསྡུ་བྱས་པ་བརྒྱུད། གྲོས་ཚོགས་འཐུས་མི་ ༥ ཡིས་དགག་བྱ་བཏོན་པ་དང་འཐུས་མི་ ༨༥ ཡི་མང་མོས་རྒྱབ་སྐྱོར་ཐོབ་པར་བརྟེན། ཁ་སང་ཨ་རིའི་མི་སེར་ཁ་ཆེ་བ་ཞིག་རྒྱལ་སྤྱིའི་ཆོས་དད་རང་དབང་དར་སྤེལ་གྱི་སྐུ་ཚབ་མི་སྣར་བསྐོ་གཞག་བྱུང་བ་ཡོངས་བསྒྲགས་བྱས་ཡོད་འདུག་

དེ་འབྲེལ་ཐད་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (USCIRF) ཀྱིས་དགའ་བསུའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། འཛམ་གླིང་ཁྱོན་ཡོངས་སུ་ཆོས་དད་རང་དབང་གི་ཐོབ་ཐང་ལ་རྡོག་རོལ་ཐེབས་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་མི་སྣས། ཨ་རིའི་ཆོས་དད་རང་དབང་གི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ལས་འགན་གལ་ཆེན་ཞིག་འཁུར་གྱི་ཡོད་དུས། སྐུ་ཞབས་རཱ་ཤི་ཌི་ཧོ་སེན་ལགས་ཀྱིས། ལོ་མང་རིང་གི་རང་ཉིད་ཀྱི་ཉམས་མྱོང་དང་ཤེས་ཡོན་གཞི་རྩར་བཞག་སྟེ། ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་དར་སྤེལ་གྱི་ལས་དོན་ཧུར་ཐག་བསྒྲུབ་རྒྱུ་དང་། མ་འོངས་པར་ལྷན་དུ་མཉམ་ལས་དང་གཞོལ་འདེགས་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད། ཅེས་བརྗོད་འདུག་པ་དང་། སྐུ་ཞབས་རཱ་ཤི་ཌི་ཧོ་སེན་ལགས་ནི་ཨ་རིའི་ཁ་ཆེ་མི་སེར་ཞིག་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་མི་སྣར་བདམས་པ་ཐོག་མ་ཆགས་ཀྱི་ཡོད་འདུག

ཡང་ཆོས་དད་རང་དབང་གི་སྐུ་ཚབ་མི་སྣ་གསར་བསྐོས་དང་འབྲེལ་ནས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་བྱས་ཏེ།  ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་གསར་བ་སྐུ་ཞབས་རཱ་ཤི་ཌི་ཧོ་སེན་ལགས་སུ་འཚམས་འདྲི་དང་སྦྲགས། མ་འོངས་པར་སྐུ་ཚབ་ཁོང་དང་ལྷན་དུ་བོད་དང་། ཧོང་ཀོང་།  ལྷོ་སོག་དང་རྒྱ་ནག་སོགས་ཀྱི་ནང་ཆོས་དད་རང་དབང་ཡོང་སླད་མཉམ་ལས་གནང་འཆར་ཡོད་སྐོར་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སཱམ་བྷི་རོན་བྷག་(Sam Brownback) ལགས་ཀྱིས་བོད་ནང་གི་ཆོས་དད་རང་དབང་ཆེད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག

ཕྱི་ལོ་ ༢༠༡༩ ཟླ་ ༡༠ བའི་ནང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ཟུར་བ་སཱམ་བྷི་རོན་བྷག་ལགས་ཀྱིས་དབུ་འཁྲིད་པའི་ཨ་རིའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ། ཟླ་དེིའི་ཕྱི་ཚེས་ ༢༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༠ ཧྲིལ་པོ་འཁོར་བའི་དུས་དྲན་ཐོག་ཕེབས་ཏེ། རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་དྲག་གནོན་ཚད་མེད་བྱེད་བཞིན་པར་བློ་འཚབ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་མི་སྒེར་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་དགོས་པར་ནན་སྐུལ་བྱེད་བཞིན་ཡོད་སྐོར་དང་། བོད་ཀྱི་ཆོས་ལུགས་དབུ་འཁྲིད་འདེམ་རྒྱུ་དེ་༧གོང་ས་མཆོག་དང་། བོད་བརྒྱུད་ནང་བསྟན་གྱི་དབུ་འཁྲིད་དང་བོད་མི་ཁོ་ནའི་ལག་ཏུ་ཡོད་སྐོར་གསུངས་ཡོད།

གསར་དུ་བསྐོ་གཞག་བྱུང་བའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་མི་སྣ་སྐུ་ཞབས་རཱ་ཤི་ཌི་ཧོ་སེན་ལགས་ནི། སྲིད་འཛིན་བྷའེ་ཌན་གྱི་སྐབས་སུ་ཨ་རིའི་ཕོ་བྲང་དཀར་པོའི་སྲིད་ཇུས་སློབ་སྟོན་པ་དང་། སྲིད་འཛིན་ཟུར་བ་ཨོ་བྷ་མའི་སྐབས་སུ་དམིགས་བསལ་སྐུ་ཚབ་མི་སྣ། དེ་བཞིན་ཁྲིམས་རྩོད་པ་དང་ཆེད་མཁས་མི་སྣ་བཅས་ཡིན་པ་རེད། ད་ལྟ་ཁོང་རང་ལོ་ ༤༢ ཡིན་པ་དང་ཕྱི་ལོ་ ༡༩༧༩ ལོར་ཨ་རིའི་ནུབ་རྒྱུད་མངའ་སྡེ་ (Wyoming) ནང་རྒྱ་གར་ནས་གནས་སྤོ་བྱས་པའི་ཁྱིམ་རྒྱུད་ཞིག་ཏུ་སྐྱེས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese