མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདོད་རྔམས་ཆེན་པོ་བྱེད་པ་ནི་ཤེས་རབ་ཀྱི་ཕུགས་རྒྱང་རིང་པོའི་བསམ་བློ་གཏང་མ་ཐུབ་པའི་དབང་གིས་བྱུང་བ་རེད་བསམ་གྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་ཧ་རི་ཡ་ནའི་རའོ་ཊག་ས་གནས་སུ་རྟེན་གཞི་བྱས་པའི་རྒྱ་གར་འཛིན་སྐྱོང་སློབ་གཉེར་ཁང་ (The Indian Institute of Management Rohtak) གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་༧གོང་ས་མཆོག་གིས་བྱམས་པ་དང་བརྩེ་བས་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་སོང་།

ཐོག་མར་༧གོང་ས་མཆོག་གིས། དེ་རིང་ཁྱེད་རང་ཚོ་དང་མཉམ་དུ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་ཞེ་དྲགས་བྱུང་། རྒྱ་གར་དང་རྒྱ་ནག་ནི་འཛམ་བུ་གླིང་ནང་གི་མི་འབོར་ཆེ་ཤོས་ཆགས་ཀྱི་ཡོད་རེད། རྒྱ་གར་ལྟ་བུར་ཆ་མཚོན་ན། ཁྱེད་རང་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང་འཚེ་མེད་ཞི་བའི་ལྟ་གྲུབ་དང་བྱམས་སྙིང་རྗེའི་ཉམས་ལེན་དེ་དག་ལོ་ངོ་སྟོང་ཕྲག་རིང་ལ་གནས་ཡོད་པ་རེད། དེ་ཡང་ང་རང་ཚོའི་མཐོང་ཆོས་སུ་དངོས་སུ་ཡོད་པ་ནི་རྒྱ་གར་ནང་དུ་འཚེ་མེད་ཞི་བའི་ལྟ་གྲུབ་ཡོད་པའི་ཐོག་ནས་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མ་མཉམ་དུ་མཐུན་སྒྲིལ་གྱི་སྒོ་ནས་གནས་ཐུབ་པ་བྱུང་ཡོད་རེད། དེར་བརྟེན་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་གོང་དུ་ཡོད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་བྱམས་སྙིང་རྗེའི་ཉམས་ལེན་ཟེར་བ་དེ་ནུས་པ་ཆེན་པོ་ཞེ་དྲགས་ཡིན་པས། ཁྱེད་ཚོའི་མི་ཚེའི་ནང་དངོས་སུ་ཉམས་ལེན་བྱེད་བཞིན་ཡོད་རེད། འོན་ཀྱང་གནས་སྟངས་ཁ་ཤས་ལ་མི་ཉུང་ཤས་ཤིག་གིས་ཆོས་ལུགས་དང་འབྲེལ་བའི་ཐོག་ནས་དཀའ་ངལ་ཕྲན་བུ་བཟོ་ཡི་ཡོད་རེད་དེ། སྤྱིའི་ཆ་ནས་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གོང་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་ལ་བཞག་པའི་སྒོ་ནས་ཆོས་ལུགས་མི་འདྲ་བའི་བར་ལ་འཆམ་མཐུན་ཡོད་པ་རེད། ད་དུང་རྒྱ་གར་ནི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ནས་ངོས་རང་གི་སྡོད་གནས་ཆགས་ཡོད་པ་དང་། རྒྱ་གར་གྱི་ཡུལ་མི་དང་ཁྱད་པར་དུ་རྒྱ་གར་གྱི་ཆོས་ལུགས་ཀྱི་མགོ་ཁྲིད་རྣམ་པའི་བསམ་བློའི་ནང་འཚེ་མེད་ཞི་བའི་ལྟ་གྲུབ་དང་བྱམས་བརྩེའི་བསམ་པ་དེ་དག་མུ་མཐུད་མུས་ཡིན་པ་རེད། དེར་བརྟེན་ངོས་ཀྱིས་རྒྱུན་གཏན་དུ་ཆོས་ལུགས་མཐུན་སྒྲིལ་ཡོང་ཆོག་གི་རེད་ལ་ཡོང་གི་རེད། དེ་ཡང་རྒྱ་གར་ནང་དུ་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཆ་ཚང་འཆམ་མཐུན་སྒོ་ནས་གནས་ཡོད་རེད། གཞན་ཡང་ཆོས་ལུགས་ཀྱི་ལྟ་གྲུབ་ཀྱི་སྒོ་ནས་མཁས་དབང་རྣམ་པ་དང་ཆོས་ལུགས་ཕན་ཚུན་དབར་ལ་མི་མཐུན་པའི་གནས་ཡོད་ཀྱང་། སྤྱིའི་ཆ་ནས་ཆོས་ལུགས་མི་འདྲ་བ་ཉམས་ལེན་བྱེད་མཁན་གྱི་མི་མང་དཀྱུས་མའི་ནང་དུ་ཆོས་མི་མཐུན་པའི་རྒྱུ་མཚན་གྱིས་སྡང་སེམས་མེད་པའི་ཐོག་འཆམ་མཐུན་གྱི་སྒོ་ནས་གནས་ཐུབ་པ་བྱུང་ཡོད་པ་རེད། དེར་བརྟེན་རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་ཐོག་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་ཆེན་པོ་བསྒྲུབ་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་བཀལ་སྩལ།

༧རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་རང་བོད་ནས་རྒྱ་གར་དུ་འབྱོར་བ་རེད། དེ་ཡང་སོ་སོའི་ལུང་པ་ནས་གྱར་ཏེ་བཙན་བྱོལ་བ་ཆགས་པ་དང་ཕྱོགས་གཅིག་ནས་རྒྱ་གར་གྱི་སྐུ་མགྲོན་ལྟ་བུ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་བོད་མི་བཙན་བྱོལ་བ་དང་རྒྱ་གར་གཞུང་གི་སྐུ་མགྲོན་ཡིན་པའི་ཆ་ནས། རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་གྱི་སྐོར་ལ་ཡི་རངས་བས་རྒྱུན་གཏན་དུ་མི་མང་ལ་གཏམ་བཤད་ཞུ་དུས་རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་གྱི་ལྟ་གྲུབ་འདི་དངོས་སུ་མིག་མཐོང་ལག་ཟིན་གྱིས་མིག་དཔེར་བཟུང་འོས་པ་ཞིག་རེད་འདུག་ཅེས་ཞུ་ཡི་ཡོད། གཞན་ཡང་། དེང་དུས་ཀྱི་རྒྱ་གར་གྱི་སློབ་སྦྱོང་ལྟ་བུར་ཆ་བཞག་ན། གཙོ་བོ་ཕྱི་དངོས་པོ་ཡར་རྒྱས་དང་འབྲེལ་བའི་སློབ་སྦྱོང་ཐོག་ལ་རྩལ་སྟོན་བྱེད་པ་དེ་དང་འབྲེལ་ནས་ཚན་རིག་གི་སློབ་སྦྱོང་ཡོང་གི་ཡོད་པ་རེད། ཤེས་ཡོན་ནང་དུ་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་དང་། ཆོས་ལུགས་ལ་ལྟོས་མེད་ཀྱིས་རིས་མེད་ཐབས་ལམ་གྱི་སྒོ་ནས་སློབ་རྒྱུའི་འབད་བརྩོན་གནང་དགོས་ཀྱི་རེད་བསམ་གྱི་འདུག དེ་ཡང་སློབ་གྲྭ་དང་མཐོ་རིམ་སློབ་གཉེར་ཁང་ཡིན་རུང་ཆོས་ལུགས་དང་མ་འབྲེལ་བའི་སྒོ་ནས་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་གནའ་རབས་ཀྱི་རིག་གཞུང་བཟང་པོ་དེ་དག་གི་སློབ་སྦྱོང་ངེས་པར་དུ་སྤེལ་ནས། རྒྱ་གར་གྱི་གནའ་རབས་ཀྱི་རིག་གཞུང་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་དེ་དག་དངོས་སུ་ཉམས་ལེན་དང་རྒྱུན་འཁྱོངས་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག རྒྱ་གར་གྱི་རང་བཙན་རྩོད་ལེན་པ་སེམས་དཔའ་ཆེན་པོ་གྷན་དྷི་ཆ་བཞག་ན། འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་སྒོ་ནས་ཁོང་གིས་རྒྱ་གར་གྱི་རང་བཙན་བརྩད་པ་རེད། ལྷོ་ཨ་ཧྥེ་རི་ཁ་དང་རྒྱལ་ཁབ་གཞན་དང་གཞན་དུ་སེམས་དཔའ་ཆེན་པོ་གྷན་དྷིའི་འཚེ་མེད་ཞི་བའི་ལྟ་གྲུབ་མིག་དཔེར་བཟུང་ནས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་བྱས་ཡོད་རེད། དེར་བརྟེན། དེང་སང་འཛམ་བུ་གླིང་ནང་བཟང་སྤྱོད་ཀྱིས་ཕོངས་པའི་དཀའ་ངལ་ཡོད་པའི་སྐབས། རྒྱ་གར་ལ་བྱམས་པའི་ཉམས་ལེན་སོགས་འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་རྒྱུའི་གོ་སྐབས་ཡོད་རེད་ལ། བྱམས་བརྩེའི་ཉམས་ལེན་སྐོར་ལ་རྒྱ་གར་གྱིས་འཛམ་གླིང་སྤྱི་ལ་ཕན་ཐོགས་བསྒྲུབ་རྒྱུའི་ཐོག་ལ་འབད་བརྩོན་ཤུགས་ཆེར་གནང་དགོས་ཀྱི་ཡོད་པ་རེད་བསམ་གྱི་འདུག ཐོག་མར་རྒྱ་གར་གྱི་སློབ་ཕྲུག་ཚོའི་སློབ་གྲྭའི་ནང་དུ་བྱམས་པའི་ཉམས་ལེན་སྐོར་ལ་ཐུགས་སྣང་གནང་དགོས་ཀྱི་འདུག་བསམ་གྱི་འདུག དེ་ཡང་ཆོས་ལུགས་བྱེ་བྲག་པ་སྤྱིའི་ལྟ་གྲུབ་གཞིར་བཟུང་ནས་སློབ་སྦྱོང་གནང་བ་མིན་པར། ང་ཚོས་སྤྱིར་བཏང་ནས་རྒྱུན་གཏན་འཚེ་མེད་ཞི་བའི་སྐོར་ལ་བསམ་བློ་གཏང་རྒྱུ་ཡོད་པ་ཞིག་རེད། དཔེར་ན། ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་འཛམ་གླིང་ནང་རྒྱལ་ཁབ་ཕན་ཚུན་འཐབ་རྩོད་དང་འཁྲུག་པ། དམག་ལ་སོགས་པ་བྱུང་བ་རེད་ལ། སྐབས་དེ་དུས་མིའི་ཤེས་ཡོན་མང་པོ་ཞིག་གོ་མཚོན་བཟོས་པར་བེད་སྤྱོད་བཏང་ཡོད་པ་རེད། དེར་བརྟེན། རྒྱ་གར་ལ་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་ཡོད་པའི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་གྱིས་འཛམ་གླིང་སྤྱི་ལ་ཁྱབ་པ་ཞིག་བྱེད་དགོས་ཀྱི་རེད་བསམ་གྱི་འདུག དེར་བརྟེན་རྒྱ་གར་གྱི་དེང་དུས་ཀྱི་སློབ་གྲྭའི་ནང་དེང་དུས་ཀྱི་ཚན་རིག་གི་སློབ་ཚན་ལྟ་བུ་དང་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་གོང་དུ་ཡོད་པའི་གནའ་རབས་ཀྱི་རིག་གནས་ཟུང་སྦྲེལ་གྱི་སྒོ་ནས་སློབ་སྦྱོང་སྤྲོད་དགོས་ཀྱི་འདུག་ལ་ནུས་པ་ཆེན་པོ་འདོན་ཐུབ་ཀྱི་རེད་བསམ་གྱི་འདུག ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལ་ཀླད་པའི་ཚན་རིག་པ་དང་མཁས་དབང་མང་པོའི་མཉམ་དུ་གྲོས་མོལ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་རེད། དེ་ཡང་ཀླད་པའི་ཚན་རིག་པ་ཚོས་བྱམས་སྙིང་རྗེའི་ཉམས་ལེན་ལ་ཡི་རངས་དང་དགའ་མོས་ཆེན་པོ་བྱེད་ཀྱི་འདུག རྒྱུ་མཚན་ནི་ཁོང་ཚོས་བརྟག་དཔྱད་ཀྱི་ཐོག་ནས་བྱམས་སྙིང་རྗེའི་ཉམས་ལེན་ཡོད་པའི་ཐོག་ནས་ཀླད་པའི་ནང་། དམིགས་བསལ་གྱིས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཡི་ཡོད་པ་ཤེས་རྟོགས་བྱུང་བ་དང་། དེ་ལས་ལྡོག་སྟེ་ཁོང་ཁྲོ་ལྟ་བུའི་ཉོན་མོངས་ཀྱི་རིགས་ཀྱིས་ཀླད་པའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པ་ར་འཕྲོད་པ་བྱུང་ཡོད་རེད། དེར་བརྟེན་དེང་དུས་ཀྱི་ཚན་རིག་པ་མང་པོས་སེམས་ཀྱི་ཞི་བདེ་བག་ཕེབས་ཡོང་རྒྱུའི་ཐོག་ལ་ཐུགས་སྣང་གནང་གི་ཡོད་པ་རེད། སེམས་ལ་ཞི་བདེ་བག་ཕེབས་ཡོང་ན། དེའི་དབང་གིས་འཕྲོད་བསྟེན་ཡག་པོ་ཡོང་གི་ཡོད་པ་རེད། དེར་བརྟེན་ང་ཚོས་འཛམ་བུ་གླིང་ཞི་བདེ་དང་ལྡན་པ་དང་བདེ་སྐྱིད་དང་ལྡན་པ་བསྐྲུན་རྒྱུའི་དམིགས་ཡུལ་བཟུང་དགོས་ཀྱི་ཡོད་རེད། གོ་མཚོན་སོགས་ཀྱིས་འཛམ་བུ་གླིང་ཞི་བདེ་ཡོང་གི་མེད་པས། བྱམས་བརྩེའི་ཉམས་ལེན་གྱི་སྒོ་ནས་འཛམ་གླིང་ཞི་བདེ་དང་ལྡན་པ་ཡོང་གི་རེད། ཅེས་གསུངས་སོང་།

རའོ་ཊག་ས་གནས་སུ་རྟེན་གཞི་བྱས་པའི་རྒྱ་གར་འཛིན་སྐྱོང་སློབ་གཉེར་ཁང་གི་ (Deam Academics) སློབ་དཔོན་ (Koustab Ghosh) ལགས་ཀྱིས། ང་རང་ཚོའི་མི་རབས་གསར་པ་རྣམས་མ་འོངས་པའི་སོན་རྩ་ལྟ་བུ་ཆགས་ཀྱི་ཡོད་པས། ཁོ་ཚོ་འདོད་རྔམས་ཆེན་པོ་བྱེད་པ་དེ་ཐོབ་ཐང་ལྟ་བུ་བརྩི་ཡི་ཡོད་པ་རེད། དེར་བརྟེན་ཁོང་ཚོས་མི་ཚང་མ་ལ་སུན་པོ་བཟོ་རྒྱུ་དེ་རྣམ་དཔྱོད་ཅན་ཞིག་ཡིན་མིན་སྐོར་དྲིས་པར། ༧གོང་ས་མཆོག་གིས། ང་ལ་འདི་དགོས་ཀྱི་འདུག་ཟེར་ནས་འདོད་རྔམས་ཆེན་པོ་བྱེད་པ་ནི་ཤེས་རབ་ཀྱི་ཕུགས་རྒྱང་རིང་པོའི་བསམ་བློ་བཏང་མ་ཐུབ་པའི་དབང་གིས་བྱུང་བ་རེད་བསམ་གྱི་འདུག ང་རང་ཚོའི་འཛམ་གླིང་སྤྱི་ཡོངས་ལ་བཟང་པོ་ཡོང་རྒྱུ་དང་འཛམ་གླིང་སྤྱིའི་ཞི་བདེ་ཡོང་བར་དམིགས་ནས་མི་ཚེ་སྐྱེལ་དགོས་ཀྱི་ཡོད་པ་རེད། འཛམ་གླིང་ཞི་བདེ་ལྡན་པ་དང་བདེ་སྐྱིད་དང་ལྡན་པ་ཡོང་བའི་དོན་དུ་ང་ཚོས་ནང་གི་བྱམས་བརྩེའི་ཉམས་ལེན་སྐོར་ལ་ཤུགས་རྒྱག་དགོས་ཀྱི་འདུག་ལ། འཛམ་གླིང་ཞི་བདེ་ལྡན་པ་དང་བྱམས་བརྩེ་དང་ལྡན་པ་ཡོང་རྒྱུའི་དམིགས་ཡུལ་འཛིན་དགོས་རེད། ཤེས་རབ་ཀྱི་རྩལ་མེད་པར་བརྟེན་རྒྱུ་མཚན་དམིགས་བསལ་གང་ཡང་མེད་པར་ང་ལ་འདི་དགོས་ཀྱི་འདུག་ཟེར་ནས་འདོད་རྔམས་ཆེན་པོ་བྱེད་པ་དེ་མིག་རྒྱང་ཐུང་དྲགས་པའི་རྟགས་རེད། དེས་ན། འདོད་རྔམས་ཆུང་དུ་འགྲོ་བར་ང་ཚོའི་ཤེས་རབ་ཀྱིས་གཉེན་པོ་བསྟེན་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་བཀའ་ལན་གནང་སོང་།

མཇུག་ཏུ་༧གོང་ས་མཆོག་གིས། རྒྱ་གར་གྱི་མི་རབས་གསར་པའི་སློབ་ཕྲུག་རྣམས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་རིང་གི་གནས་སྟངས་དང་རྒྱ་གར་ཡར་རྒྱས་གང་འདྲ་ཕྱིན་ཡོད་མེད་སོགས་ཀྱི་སྐོར་ལ་བསམ་བློ་བཏང་ནས་སྤོབས་པ་སྐྱེས་ཤིང་། རྒྱ་གར་གྱི་གནའ་རབས་རིག་གཞུང་གི་བསམ་བློ་མ་བརྗེད་པར་རྒྱུན་འཁྱོངས་བྱ་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༣ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. asanga says:
    ལོ་ 4 སྔོན།

    དེ་ཡང་ཀླད་པའི་ཚན་རིག་པ་ཚོས་བྱམས་སྙིང་རྗེའི་ཉམས་ལེན་ལ་ཡི་རངས་དང་དགའ་མོས་ཆེན་པོ་བྱེད་ཀྱི་འདུག རྒྱུ་མཚན་ནི་ཁོང་ཚོས་བརྟག་དཔྱད་ཀྱི་ཐོག་ནས་བྱམས་སྙིང་རྗེའི་ཉམས་ལེན་ཡོད་པའི་ཐོག་ནས་ཀླད་པའི་ནང་། དམིགས་བསལ་གྱིས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཡི་ཡོད་པ་ཤེས་རྟོགས་བྱུང་བ་དང་། དེ་ལས་ལྡོག་སྟེ་ཁོང་ཁྲོ་ལྟ་བུའི་ཉོན་མོངས་ཀྱི་རིགས་ཀྱིས་ཀླད་པའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པ་ར་འཕྲོད་པ་བྱུང་ཡོད་རེད། དེར་བརྟེན་དེང་དུས་ཀྱི་ཚན་རིག་པ་མང་པོས་སེམས་ཀྱི་ཞི་བདེ་བག་ཕེབས་ཡོང་རྒྱུའི་ཐོག་ལ་ཐུགས་སྣང་གནང་གི་ཡོད་པ་རེད། སེམས་ལ་ཞི་བདེ་བག་ཕེབས་ཡོང་ན། དེའི་དབང་གིས་འཕྲོད་བསྟེན་ཡག་པོ་ཡོང་གི་ཡོད་པ་རེད། དེར་བརྟེན་ང་ཚོས་འཛམ་བུ་གླིང་ཞི་བདེ་དང་ལྡན་པ་དང་བདེ་སྐྱིད་དང་ལྡན་པ་བསྐྲུན་རྒྱུའི་དམིགས་ཡུལ་བཟུང་དགོས་ཀྱི་ཡོད་རེད། གོ་མཚོན་སོགས་ཀྱིས་འཛམ་བུ་གླིང་ཞི་བདེ་ཡོང་གི་མེད་པས། བྱམས་བརྩེའི་ཉམས་ལེན་གྱི་སྒོ་ནས་འཛམ་གླིང་ཞི་བདེ་དང་ལྡན་པ་ཡོང་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese