མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཀོ་རི་ཡའི་གཞུང་གིས་སྲིད་འཛིན་ཟུར་བ་ཞིག་གི་བཙོན་འཇུག་ཉེས་ཆད་གུ་ཡངས་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཀོ་རི་ཡའི་གཞུང་གིས་དེ་སྔའི་སྲིད་འཛིན་ལྕམ་ཕཱག་ཅིན་ཧེ་ཡི་གཙོས་པའི་རྒྱལ་ཁབ་ཀྱི་འོས་བསྡུ་དང་འགྲིམས་འགྲུལ་སོགས་ཀྱི་ཁྲིམས་འགལ་ཉེས་ཆད་ཕོག་མི་གྲངས་འབུམ་བཅུ་མ་ཟིན་ཙམ་གྱི་ཉེས་ཆད་གུ་ཡངས་བཏང་སྟེ། ཀོ་རི་ཡའི་མི་མང་མཐུན་སྒྲིལ་དང་གཅིག་གྱུར་གྱི་མདུན་སྐྱོད་དགོས་པའི་རེ་འདུན་བཏོན་ཡོད་འདུག

File photo of Park Geun-hye, former president of South Korea, (Left), being escorted by prison officer as she arrives at the Seoul Central District Court in Seoul, South Korea on August 25, 2017.

དེ་རིང་ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་ཇའེ་ཨིན་ (Moon Jae-in) གཞུང་གིས། ཕྱི་ལོ་ ༢༠༡༨ ལོར་དབང་ཆ་ལོག་སྤྱོད་དང་ལྐོག་ས་རུལ་སུངས་ཀྱི་ཉེས་མིང་འོག ལོ་ངོ་ ༢༢ རིང་བཙོན་འཇུག་ཁྲིམས་ཆད་ཕོག་པའི་སྲིད་འཛིན་ཟུར་བ་ལྕམ་ཕཱག་ཅིན་ཧེ་ལ་བཟོད་གསོལ་བཏང་སྟེ། འདས་པའི་འགལ་ཟླ་དང་ནོར་འཁྲུལ་ལ་ཆག་ཡང་གཏོང་བཞིན། ཀོ་རི་ཡའི་མི་མང་གཅིག་གྱུར་གྱིས་མ་འོངས་མདུན་ཕྱོགས་སུ་བསྐྱོད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་ཡོད་པ་རེད། དེ་འབྲེལ་ཐད་སྲིད་འཛིན་མོན་ཇའེ་ལགས་ཀྱིས། ངས་འདི་ལྟར་སྒྲུབ་དོན་ནི། ང་ཚོའི་བར་གྱི་འགལ་ཟླ་ལས་བརྒལ་ཏེ་གུ་ཡངས་ཤིང་གཅིག་གྱུར་དང་མཐུན་སྒྲིལ་གྱི་སྤྲས་པའི་དུས་སྐབས་གསར་པ་ཞིག་བསྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ད་རེས་སྲིད་འཛིན་ཟུར་བ་ལྕམ་ཕཱག་ཅིན་ཧེ་དང་ལྷན་དུ། ཁྲིམས་འགལ་གྱི་ཉེས་ཆད་ཕོག་པའི་མི་གྲངས་ ༣༠༩༤ ཡི་ཉེས་ཆད་བཟོད་གསོལ་གཏོང་གི་ཡོད་འདུག་ལ། ཁོ་ཚོ་ཚང་མ་ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་ཀློད་གྲོལ་གཏང་རྒྱུ་ཡིན་པ་དང་། དམིགས་བསལ་ལྕམ་ཕཱག་ཅིན་ཧེ་ཡི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་སྐོར་ལ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སེམས་འཚབ་ཡོད་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད།

རོའུ་ཊར་གསར་ཁང་གི་གནས་ཚུལ་ནང་། དེ་སྔ་སྲིད་འཛིན་མོན་ཇའེ་ལགས་ཀྱིས་སྲིད་འཛིན་ཟུར་བ་ལྕམ་ཕཱག་ཅིན་ཧེ་ཡི་ཉེས་ཆད་གུ་ཡངས་གཏོང་རྒྱུ་མིན་སྐོར་བརྗོད་ཡོད་ཀྱང་། ཁ་གཏད་སྲིད་དོན་ཚོགས་པས། སྲིད་འཛིན་ཟུར་བ་ཁོ་མོའི་འཕྲོད་བསྟེན་གནས་སྟངས་ཞན་པོ་ཡིན་པའི་རྒྱུ་མཚན་དྲངས་ཏེ།  འབྱུང་འགྱུར་ཕྱི་ཟླ་ ༣ པའི་སྲིད་འཛིན་གྱི་འོས་བསྡུའི་སྔོན་ལ་ལྕམ་ཕཱག་ཅིན་ཧེ་ཀློད་གྲོལ་དང་ཉེས་ཆད་གུ་ཡངས་གཏོང་དགོས་པའི་འབོད་སྐུལ་ཞུས་པ་ལྟར། ད་རེས་དངོས་སུ་ཁོ་མོ་གུ་ཡངས་དུ་བཏང་བ་ཞིག་ཆགས་ཡོད་སྐོར་བརྗོད་འདུག

གཞན་ཡང་། ལྷོ་ཀོ་རི་ཡའི་དེ་སྔའི་སྲིད་བློན་ཟུར་བ་ལྕམ་ཧན་མེ་ཡོན་སུག་ (Han Myeong-sook) ལགས་ཀྱི་གཙོས་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་མཁན་དང་འོས་བསྡུའི་སྒྲིག་ཁྲིམས་དང་འགལ་བའི་མི་གྲངས་ ༣༨༠ དང་། ད་དུང་འགྲིམས་འགྲིལ་དང་སྤྱིར་བཏང་གི་སྒྲིག་ཁྲིམས་དང་འགལ་བའི་མི་གྲངས་ ༩༨༣༠༠༠ ཙམ་གྱི་ཉེས་ཆད་དང་ནག་ཉེས་མེད་པ་བཟོ་རྒྱུའི་ཐག་བཅད་ཡོད་འདུག

ད་རེས་སྲིད་འཛིན་ཟུར་བ་ལྕམ་ཕཱག་ཅིན་ཧེ་ཡི་ནག་ཉེས་གུ་ཡངས་བཏང་བའི་ཐད། མོས་རང་གི་ཁྲིམས་རྩོད་པ་བརྒྱུད་སྲིད་འཛིན་མོན་ཇའེ་ལགས་སུ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། ད་ལྟ་སྲིད་འཛིན་མོན་ཇའེ་གཞུང་གིས་ཉེས་ཅན་པ་མང་པོ་ཞིག་གི་ནག་ཉེས་མེད་པར་བཟོ་དོན་གཙོ་བོ་ནི། ལྕམ་ཕཱག་ཅིན་ཧེ་ཡི་གྱོད་དོན་དང་འབྲེལ་ནས། མང་ཚོགས་ཕྱོགས་གཉིས་སུ་འགོས་ཏེ་འགལ་ཟླ་བྱུང་ཡོད་པ་དང་། དམིགས་བསལ་སྲིད་འཛིན་མོན་ཇའེ་གཞུང་ལ་སྐྱོན་བརྗོད་མཁན་མང་པོ་བྱུང་བས་ཡིན་པ་རེད་ལ། ལྕམ་ཕཱག་ཅིན་ཧེ་ཀློད་གྲོལ་གཏོང་རྒྱུའི་གནད་དོན་དང་འབྲེལ་ནས་གཞུང་འཛིན་ཚོགས་པར་ལོ་རྗེས་མའི་འོས་བསྡུའི་སྐབས། གནོད་ཤུགས་ཐེབས་སྲིད་སྐོར་བརྗོད་ཀྱི་ཡོད་ཀྱང་། སྲིད་འཛིན་མོན་ཇའེ་གཞུང་གིས་ལྕམ་ཕཱག་ཅིན་ཧེ་ཀློད་གྲོལ་གཏོང་དོན་ནི། ཁོ་མོས་བསམ་ཚུལ་མཐུན་མིན་ལ་མ་ལྟོས་པར་ཀོ་རི་ཡའི་མང་ཚོགས་ཁྲོད་མཐུན་སྒྲིལ་བསྐྲུན་པའི་རེ་བ་རྒྱག་གི་ཡོད་པས་ཡིན་འདུག

Park Geun-hye waved to crowds after her inauguration in Seoul in February, becoming the country’s first female president.Credit…Pool photo by Kim Hong-Ji

ཕྱི་ལོ་ ༢༠༡༣ ནས་ ༢༠༡༧ བར་ལྷོ་ཀོ་རི་ཡའི་སྐབས་བཅུ་གཅིག་པའི་སྲིད་འཛིན་གནང་མྱོང་མཁན་ལྕམ་ཕཱག་ཅིན་ཧེ་ལ་ཕྱི་ལོ་ ༢༠༡༦ ནས་སྲིད་དབང་སྒེར་གཅོད་དང་ལྐོག་རྔན་བླངས་པའི་དོགས་གཞི་བྱས་ཏེ། སྲིད་འཛིན་གྱི་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༦ ཉིན་ཀོ་རི་ཡའི་ཁྲིམས་ཁང་ཞིག་གིས། ཁོ་མོས་རྒྱུ་ནོར་ལྐོག་ཟ་དང་ཆབ་སྲིད་མི་སྣའི་བར་ལ་ལྐོག་རྔན་སྤྲོད་རེས། དེ་བཞིན་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་ཕྱིར་གྱར་བ་དང་དབང་ཆ་ལོག་སྤྱོད་སོགས་ཀྱི་ཉེས་མིང་འོག སྐབས་དེར་ལོ་ ༢༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ལྕམ་ཕཱག་ཅིན་ཧེ་ནི་ཆབ་སྲིད་མཐོ་རིམ་མི་སྣའི་ཁྱིམ་རྒྱུད་ཅིག་ནས་ཡིན་ཞིང་། ཕྱི་ལོ་༢༠༡༣ ལོ་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་དུ་གདམས་ཐོན་བྱུང་སྟེ། ལྷོ་ཀོ་རི་ཡའི་སྲིད་འཛིན་ཐེངས་ ༡༡་པ་དང་བུད་མེད་སྲིད་འཛིན་ཐོག་མ་དེ་ཡིན་པ་མ་ཟད།  མོ་ནི་ཨེ་ཤ་ཡའི་བྱང་ཤར་རྒྱལ་ཁབ་དག་ལས་བུད་མེད་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese