མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤོན་ཊ་གཏན་སློབ་ཀྱི་འཛིན་རིམ་དྲུག་པ་ནས་མ་སུ་རི་དང་ཧ་སྤར་སྤུར་སློབ་ཁག་གཉིས་ནང་ཟླ་སྒྲིལ་གཏང་རྒྱུ་རེད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༢ ལོའི་སློབ་དུས་གསར་པ་ནས་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཆེ་ཤོས་སྤོན་ཊ་གཏན་སློབ་ཀྱི་འཛིན་རིམ་ལྔ་པ་རང་སོར་བཞག་སྟེ་འཛིན་རིམ་དྲུག་པ་ནས་མ་སུ་རི་དང་ཧ་སྤར་སྤུར་གཏན་སློབ་ཏུ་ཟླ་སྒྲིལ་གཏང་རྒྱུ་ཡིན་འདུག

ཕྱི་ལོ་ ༢༠༡༧ ལོའི་སྤོན་ཊ་གཏན་སློབ་ཀྱི་སྨོན་ལམ་མཆོད་འབུལ་ཞིག པར་གྱི་ཡོང་ཁུངས་སྤོན་ཊ་གཏན་སློབ་ཀྱི་དྲ་རྒྱ།

ཕྱི་ལོ་ ༢༠༠༨ ཙམ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་དོགས་ཟོན་ཤུགས་ཆེན་བྱེད་བཞིན་ཡོད་པའི་རྐྱེན་གྱིས་བོད་ནས་བཙན་བྱོལ་ནང་ཡོང་མཁན་ཧ་ཅང་ཉུང་དུ་ཕྱིན་པ་དང་། བཙན་བྱོལ་ནང་གི་བོད་མི་མང་པོ་ཞིག་ཕྱི་ཕྱོགས་སུ་གནས་སྤོར་བྱེད་བཞིན་ཡོད་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་དུ་མ་ཞིག་གི་དབང་གིས། འདས་པའི་ལོ་བཅུ་ཙམ་གྱི་ནང་བཙན་བྱོལ་སློབ་གྲྭ་དང་དགོན་སྡེ་ཁག དེ་བཞིན་བོད་མིའི་གཞིས་ཆགས་ཁག་ནང་མི་ཧ་ཅང་ཉུང་དུ་འགྲོ་བཞིན་ཡོད་སྟབས། བཀའ་ཤག་སྐབས་སྔོན་མ་དང་ད་ལྟའི་བཀའ་ཤག་ནས་བོད་པའི་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་བའི་སྲིད་ཇུས་ལག་བསྟར་གནང་བཞིན་ཡོད་པ་ལྟར། མི་འགྱངས་བར་བོད་པའི་སློབ་གྲྭ་ཁག་ཅིག་ལ་ཉུང་འཕྲི་དང་ཟླ་སྒྲིལ་གཏོང་འཆར་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་སྤོན་ཊ་གཏན་སློབ་ཏུ་སློབ་མ་ཉུང་འཕྲི་བྱས་ནས་འཛིན་རིམ་ལྔ་པ་བར་གཅོག་རྒྱུ་ཡིན་ཞིང་། ༢༠༢༢ ལོའི་སློབ་དུས་གསར་པ་ནས་སྤོན་ཊ་གཏན་སློབ་ཀྱི་འཛིན་རིམ་དྲུག་པ་ཡན་གྱི་སློབ་མ་རྣམས་མ་སུ་རིར་ཟླ་སྒྲིལ་གཏང་རྒྱུ་ཡིན་པའི་སྐོར་ལ་འབྲེལ་ཡོད་ཕ་མ་རྣམས་ལ་བརྡ་ཁྱབ་ཅིག་གནང་གནང་བའི་ནང་། འདས་ལོའི་ནང་ཁྱབ་ཁོངས་སློབ་གྲྭ་ཁ་ཤས་ནང་གྲོས་ཆོད་དགོངས་དོན་ལག་བསྟར་ཞུས་ཡོད། ད་དུང་ཁྱབ་ཁོངས་སློབ་ཁག་དངོས་ཡོད་གནས་སྟངས་ལ་གཞིགས་པའི་ཟླ་སྒྲིལ་དང་ཁུ་བསྡུ་དགོས་རིགས་མ་འགོར་བར་ཞུ་འཆར་ཡོད་པའི་ཁོངས་ནས་སློབ་དུས་གསར་པ་ནས་སྤོན་ཊ་གཏན་སློབ་འཛིན་རིམ་ལྔ་པ་བར་གཅོག་རྒྱུ་དང་། དེའི་རྗེས་འཛིན་རིམ་དྲུག་པ་ཡན་གྱི་དགེ་ལས་སློབ་ཕྲུག་རྣམས་མ་སུ་རི་དང་ཧ་སྤར་སྤུར་སློབ་ཁག་གཉིས་ནང་སློབ་དུས་གསར་པ་ནས་ཟླ་སྒྲིལ་གནང་གཏན་འཁེལ་ཡོད་སྟབས། དེ་གའི་གཞིས་ལས་ཁོངས་སུ་སྤོན་ཊ་གཏན་སློབ་ཀྱི་སློབ་ཕྲུག་ཡོད་ཚེ་འབྲེལ་ཡོད་ཕ་མ་རྣམས་ལ་དེ་ལས་ནས་གསལ་བཤད་དང་ལམ་སྟོན་ཅི་ནས་གནང་དགོས་པའི་ལམ་སྟོན་གནང་འདུག

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་སུ་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་སྐབས་དཀའ་ངལ་དང་དགེ་ལས་བཀོད་སྒྲིག་བྱེད་ཕྱོགས་སྐོར་དྲིས་པར་ཁོང་གིས།  སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་དུས་ས་གནས་ཁག་ཏུ་ཡོད་པའི་ཕ་མ་དང་ས་གནས་ཁག་ཏུ་ཐུགས་འགན་བཞེས་མཁན་ཁ་ཤས་ཀྱིས་སྟབས་མ་བདེ་བའི་ངང་ཚུལ་ཞིག་གནང་གི་འདུག དེར་ཐུགས་ཁག་ཡོད་རྒྱུ་མ་རེད་བསམ་གྱི་འདུག ས་གནས་ཁག་གཅིག་ཏུ་ལོ་སུམ་ཅུ་བཞི་བཅུའི་རིང་སློབ་གྲྭ་བཙུགས་ནས་ཡུན་རིང་ཕྱིན་པའི་སྐབས་སུ། སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་དུས་ཁོང་ཚོར་སེམས་འཚབ་ཡོང་ངེས་ཡིན་པས། དེ་སྔ་སློབ་གྲྭ་ཟླ་སྒྲིལ་མ་གཏང་རོགས་ཞུ་མཁན་མང་པོ་ཞིག་བྱུང་ཡང་། ད་ལན་དེ་འདྲའི་རིགས་རྩ་བ་ནས་མ་བྱུང་། སྤྱིར་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་དུས་འཆར་གཞི་དང་ལྡན་པའི་ཐོག་ནས་གནང་གི་ཡོད་པས། དམིགས་བསལ་གྱིས་དཀའ་ངལ་འཕྲད་མ་བྱུང་། དེ་བཞིན་སློབ་གྲྭ་ཟླ་སྒྲིལ་གྱི་ལས་རིམ་མགོ་མ་བཙུགས་གོང་ནས་གྲོས་བསྡུར་དང་བསམ་བློ་མང་པོ་ཞིག་བཏང་ནས་སློབ་གྲྭ་གཅིག་ནས་གཅིག་ཏུ་གཏོང་བའི་སྐབས་སུ། དགེ་རྒན་བཀོད་སྒྲིག་གནང་རྒྱུ་དང་། སམ་བྷོ་ཊའི་སྤྱི་ཁྱབ་ཡིག་ཚང་གི་ཚོགས་ཆུང་གིས་དགེ་རྒན་ཟླ་སྒྲིལ་གཏོང་སྐབས། དགེ་རྒན་རྣམས་གང་དུ་གནས་སྤོར་གཏང་དགོས་མིན་དང་། གལ་ཏེ་དགེ་རྒན་འཕར་མ་འདྲ་ཡོད་ན། གནས་སྐབས་རིང་ལ་སློབ་གྲྭ་གཞན་ཞིག་ཏུ་ལས་གནས་གནང་རྒྱུ། ཡང་ན་སྤྱི་ཁྱབ་ཡིག་ཚང་དུ་གནས་སྐབས་རིང་ལ་བཞག་ཏེ་རིམ་པས་ལས་གནས་བཀོད་སྒྲིག་བྱེད་ཀྱི་ཡོད་རེད། ཅེས་བརྗོད་བྱུང་།

ཡང་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་གཏན་སློབ་ཁག་རྩིས་སྤྲོད་རྩིས་ལེན་གྱི་གནས་སྟངས་ག་འདྲ་ཆགས་ཡོད་དྲིས་པར་ཁོང་གིས། དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ནས་བོད་པའི་གཏན་འཇགས་སློབ་གྲྭ་དྲུག་རྩིས་སྤྲོད་རྩིས་ལེན་གྱི་ལས་རིམ་དེ་འགྲོ་མུས་ཡིན་པ་མ་ཟད། སློབ་གྲྭ་ཁ་ཤས་རྩིས་བཞེས་ཚར་བ་རེད། ཡིན་ནའང་། ལས་དོན་གལ་ཆེན་འདི་འདྲའི་རིགས་བྱེད་དུས་དཀའ་ངལ་ཆུང་ངུའི་རིགས་ཡོང་གི་འདུག སློབ་གྲྭ་དེ་དག་རྩིས་བཞེས་པའི་སྐབས་ལོ་ངོ་མང་པོའི་རིང་ཕྱག་ལས་གནང་མཁན་གྱི་རྒྱ་གར་དགེ་རྒན་ལ་རང་བཞིན་གྱིས་མ་བདེ་བ་ཞིག་ཡོང་ཤག་ཤག་རེད། འོན་ཀྱང་། ཕན་ཚུན་གོ་བརྡ་སྤྲོད་རེས་བྱས་ནས་དཀའ་ངལ་བསལ་རྒྱུ་གལ་ཆེན་པོ་ཡིན་པ་རེད། རྒྱ་གར་སློབ་ཕྲུག་གི་ཕ་མ་ཁ་ཤས་ཀྱིས། མ་འོངས་པར་དབུས་བོད་སློབ་འཛོན་ཚོགས་ཀྱི་ཁྱབ་ཁོངས་བོད་པའི་སློབ་གྲྭ་རྣམས་བོད་པས་འཛིན་སྐྱོང་བྱས་པ་ཡིན་ན། རྒྱ་གར་སློབ་ཕྲུག་རྣམས་ཀྱི་སློབ་འཇུག་མུ་མཐུད་ཡོང་ཐུབ་མིན་དང་། དགེ་རྒན་བསྐོ་བཞག སློབ་ཡོན་སྤར་མིན་ཐད་ལ་སྐད་ཆ་འདྲི་སྐབས། ང་ཚོས་མ་འོངས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་རྣམས་བོད་པས་འཛོན་སྐྱོང་གནང་བ་ཡིན་ན།  རྒྱ་གར་ཕྲུ་གུ་རྣམས་ཀྱི་སློབ་འཇུག་མུ་མཐུད་དུ་གནས་ཀྱི་ཡོད་ཀྱང་། སོ་སོས་ཕྱིར་འཐེན་བྱས་པ་ཡིན་ན་ང་ཚོར་བྱ་རྒྱུ་གང་ཡང་མེད་པ་ལས། དེ་མིན་མུ་མཐུད་དུ་གནས་རྒྱུ་ཡིན་པ་དང་། སློབ་ཡོན་ཡང་རྒྱ་གར་གཞུང་གིས་གཏན་འབེབ་གནང་བ་བཞིན་ལག་བསྟར་བྱ་རྒྱུ་ཡིན་པ་གསལ་བཤད་བྱས་ཡོད་སྟབས། རྒྱ་གར་སློབ་ཕྲུག་གི་ཕ་མ་བརྒྱ་ཆ་དགུ་བཅུར་དཀའ་ངལ་མེད་ཀྱང་། རེ་ཟུང་ཞིག་ཡོང་གི་ཡོད་པ་དེར་གདོང་ལེན་བྱས་ནས་འགྲོ་དགོས་རེད། ཅེས་བརྗོད་བྱུང་།

སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས། ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཚོགས་འདུའི་སྟེང་གྲོས་གཞི་གྲོས་འཆར་ཞིག་བཞག་པའི་ནང་། བཙན་བྱོལ་བོད་པའི་སློབ་གྲྭ་ཁག་གི་ནང་དུ་བོད་ཕྲུག་ཇེ་ཉུང་དུ་འགྲོ་ཡི་ཡོད་སྟབས། སློབ་གྲྭ་ཁག་སོ་སོས་ཟླ་སྒྲིལ་གཏང་དགོས་པའི་བཀའ་ཕེབས་ཡོད་པ་ལྟར། ད་ལྟའི་ཆར་སམ་བྷོ་ཊའི་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་བ་དེ་ལག་བསྟར་འགྲོ་མུས་ཡིན་པས། ད་ལན་ཤེས་རིག་ལས་ཁུངས་ལ་གོ་བསྡུར་ཞུས་པའི་ཐོག སྤོན་ཊ་གཏན་སློབ་འཕོ་འགྱུར་གཏང་རྒྱུའི་ཐག་གཅོད་བྱུང་ཡོད། ད་ལོ་ནས་སྤོན་ཊ་སློབ་གྲྭ་རུ་གཞི་རིམ་འོག་མ་བར་གཞག་སྟེ། འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་སློབ་མ་རྣམས་མ་སུ་རི་གཏན་སློབ་ཏུ་ཟླ་སྒྲིལ་གཏང་རྒྱུ་དང་། དགེ་ལས་མང་ཆེ་བ་ཞིག་ཧ་སྤར་སྤུར་དང་མ་སུ་རིར་ཟླ་སྒྲིལ་གཏང་རྒྱུའི་ཐག་གཅོད་བྱུང་ཡོད་སྐོར་དང་། དེ་བཞིན་སྤོན་ཊ་སློབ་གྲྭ་ནི་སམ་བྷོ་ཊའི་སློབ་གྲྭ་ཆེ་ཤོས་ཤིག་ཡིན་པས། འཛུགས་སྐྲུན་མང་པོ་ཞིག་བྱས་ཡོད་པ་དང་འགྲོ་སོང་ཕོན་ཆེན་ཞིག་བཏང་སྟེ་མཐུན་རྐྱེན་མང་པོ་ཞིག་མཁོ་སྦྱོར་བྱས་པར་བརྟེན། དེའི་རིགས་ལ་ཕངས་སེམས་ཆེན་པོ་ཞིག་ཀྱང་ཡོད་ནའང་། དེ་མིན་གྱི་འཛིན་ཆས་དང་ཤེས་ཡོན་གྱི་མཁོ་ཆས་རིགས་བགོ་འགྲེམས་བྱ་དགོས་པས་དཀའ་ངལ་ཅུང་ཙམ་ཡོད་སྐོར་སོགས་བརྗོད་བྱུང་།

ཡང་ཁོང་གིས་མུ་མཐུད་དུ། ཤེས་རིག་ཚོགས་ཆེན་སྐབས་བདུན་པའི་སྐབས་ཀྱི་གྲོས་ཆོད་དང་པོ་དེ། བོད་ནས་ཕེབས་མཁན་གྱི་སློབ་མ་ཉུང་དུ་འགྲོ་ཡི་ཡོད་པ་དང་། དེ་བཞིན་ཕྱི་རྒྱལ་དུ་ཕེབས་མཁན་མང་དུ་འགྲོ་བ། བཙན་བྱོལ་སྤྱི་ཚོགས་ཀྱི་ཕྲུ་གུའི་སྐྱེས་ཚད་ཧ་ཅང་དམའ་བོ་ཡོད་དུས། སློབ་གྲྭ་ཁག་ཏུ་སློབ་ཕྲུག་གི་གྲངས་འབོར་མར་ཆགས་འགྲོ་ཡི་ཡོད་པར་བརྟེན། སློབ་གྲྭ་ཁག་སྔོན་མ་ནང་བཞིན་གནས་པ་ཡིན་ན། ནམ་ཞིག་དཀའ་ངལ་འཕྲད་ཀྱི་སྲིད་པས། རྡ་སྟེང་བོད་ཁྱིམ། མ་སུ་རི་བོད་ཁྱིམ། དབུས་བོད་སློབ་འཛིན་ཚོགས། སམ་བྷོ་ཊ་བོད་སློབ་ཚོགས་པ་བཅས་སློབ་གྲྭའི་སྡེ་ཁག་བཞི་ཡོད་པ་དེར་ཕན་ཚུན་ཟླ་སྒྲིལ་གཏོང་བ་དང་། འཛིན་གྲྭ་གཅོག་དགོས་པའི་དུས་ལ་བབས་ཡོད་པའི་གྲོས་ཆོད་ཅིག་བཞག་ཡོད་པ་གཞིར་བཟུང་གིས། ད་ལྟའི་ཆར་སློབ་གྲྭ་ཁག་མང་པོ་ཞིག་གི་ནང་དུ་སློབ་གྲྭ་ཟླ་སྒྲིལ་གཏང་རྒྱུ་དང་། འཛིན་རིམ་གཅོག་རྒྱུའི་ལས་རིམ་ཞིག་འགྲོ་མུས་ཡིན་པ་རེད། ཅེས་བརྗོད་བྱུང་།

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༣ ནས་ ༢༥ བར་ཚོགས་པའི་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་བདུན་པའི་ཐོག་བཞག་པའི་གྲོས་ཆོད་དང་པོའི་ནང་། སློབ་སྡེ་ཁག་གི་འཛིན་སྐྱོང་གི་གནས་བབ་མི་འདྲ་བར་བརྟེན། ཤེས་རིག་ལས་ཁུངས་ཀྱིས་རྐང་འགན་བཞེས་ཏེ། སློབ་སྡེ་ཁག་གི་འགན་འཛིན་དང་ལྷན་དུ་གོ་བསྡུར་གྱིས་གཞིས་ཆགས་ཁག་གི་གཞི་རིམ་འོག་མ་རྣམས་གནས་ཐབས་དང་། གཞི་རིམ་བར་མ་དང་གོང་མ་རྣམས་སློབ་གྲྭ་སོ་སོའི་གནས་བབ་དང་བསྟུན་ཁུ་བསྡུ་དང་ཟླ་སྒྲིལ་གནང་ཐུབ་ན་དཔལ་འབྱོར་བསྲི་ཚགས་དང་མིའི་ནུས་ཤུགས་མཉམ་སྤུངས་ཐུབ་པས་དེ་ལྟར་གནང་གལ་ཞེས་བཀོད་ཡོད་པ་ལྟར། རིམ་གྱིས་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་གི་ཡོད་པ་དང་། དེ་དང་བསྟུན་ཆོས་དང་རིག་གཞུང་གཅིག་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བྱིས་པ་རྣམས་སློབ་འཇུག་དང་། དགོན་སྡེ་ཁག་ཏུ་གྲྭ་རྒྱུན་ཤུགས་ཆེན་པོ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༠ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༣ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༡༦ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese