མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་གོང་མའི་དབུ་ཁྲིད་ཅིག་སྐུ་གྲོངས་བར་ཐུགས་གསོ་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་ཨ་རིའི་གྲོས་ཚོགས་གོང་མའི་མང་མོས་དབུ་ཁྲིད་ཟུར་པ་སྐུ་ཞབས་ཧེ་རི་རེཌ་ (Harry Reid) ལགས་དགུང་གྲངས་ ༨༢ ཐོག་སྐུ་གྲོངས་བར་ཐུགས་གསོ་ཞུས་འདུག

His Holiness the Dalai Lama with Majority Leader Harry Reid and Senator Patrick Leahy.

སྲིད་སྐྱོང་མཆོག་ནས་དམ་པ་ཁོང་གི་སྐུ་ཟླ་ལན་ཌར་རེཌ་(Landra Reid) ལགས་སུ་ཐུགས་གསོ་ཞུས་པའི་ནང་། ཁྱེད་ཀྱི་བརྩེ་བའི་སྐུ་ཟླ་དང་ཨ་རིའི་གྲོས་ཚོགས་གོང་མའི་མང་མོས་དབུ་ཁྲིད་ཟུར་པ་སྐུ་ཞབས་ཧེ་རི་ (Harry Reid) ལགས་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཤེས་རྟོགས་བྱུང་བར་ང་རང་བློ་ཕམ་བྱུང་ལ། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འདས་པོ་དམ་པ་ཁོང་གི་ཆེད་དུ་བསྔོ་སྨོན་དང་། དམ་པ་ཁོང་དང་ཁོང་གི་ནང་མི་སྤུན་མཆེད་བཅས་ལ་ཐུགས་གསོ་ཞུ་ཡི་ཡོད། ཅེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཧེ་རི་རེཌ་(Harry Reid) ལགས་ཀྱིས་བོད་ནང་གི་ཛ་དྲག་ཆེ་བའི་གནས་སྟངས་སྐོར་གསུངས་པ་དང་། བདེན་པའི་གནས་ལུགས་གཞི་རྩར་བཟུང་སྟེ་བོད་དོན་སླད་རྒྱབ་སྐྱོར་གནང་བར་བོད་མི་རྣམས་ཀྱིས་དྲན་གསོ་དང་བཀའ་དྲིན་ཆེ་ཞུ་ཡི་ཡོད། དེ་སྔ་དམ་པ་ཁོང་ཨ་རིའི་གྲོས་ཚོགས་གོང་མའི་མང་མོས་དབུ་ཁྲིད་ཡིན་པའི་སྐབས་སུ། ཁོང་གིས་ཕྱི་ལོ་ ༢༠༡༤ ལོར་༧གོང་ས་མཆོག་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་འདུ་དབུ་འབྱེད་དང་ཐུགས་སྨོན་གནང་བར་མགྲོན་འབོད་ཞུས་ཡོད་པ་རེད། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཧེ་རི་རེཌ་ལགས་ཀྱིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་མི་མང་དང་རྒྱལ་ཁབ། མི་གཞན་བཅས་ཡར་རྒྱས་གོང་འཕེལ་གྱི་ཆེད་བློས་གཏོང་ཆེན་པོས་ཞབས་འདེགས་རླབས་ཆེན་བསྒྲུབས་པ་སོགས་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད་པར་བརྟེན། ཁོང་གི་ཁྱད་པར་དུ་འཕགས་པའི་སྣེ་ཁྲིད་དང་མི་མང་ལ་སྲི་ཞུ་བསྒྲུབས་པའི་མཛད་རྗེས་རྣམས་དུས་རྟག་ཏུ་དྲན་ངེས་ཡིན། ངས་སླར་ཡང་འདས་པོ་དམ་པ་ཁོང་གི་ཆེད་དུ་བསྔོ་སྨོན་དང་སྐུ་ཉིད་གཙོས་པའི་ཁོང་གི་ནང་མི་ཡོངས་ལ་ཐུགས་གསོ་ཞུ་ཡི་ཡོད་ཅེས་གསུངས་འདུག

དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་ཐུགས་གསོའི་ནང་།  སྐུ་ཞབས་དམ་པ་ཧར་རེ་རེཌ་ལགས་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་གལ་འགངས་ཆེ་བའི་རྒྱབ་སྐྱོར་གནང་བར་ང་ཚོ་བོད་མི་ཚང་མས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དམ་པ་ཁོང་ཨ་རིའི་གྲོས་ཚོགས་གོང་མའི་མང་མོས་དབུ་ཁྲིད་གནང་སྐབས་ཕྱི་ལོ་ ༢༠༡༤ ལོར་༧གོང་ས་མཆོག་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྨོན་ལམ་འདུ་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་གདན་ཞུས་གནང་ཡོད། དམ་པ་ཁོང་ནི་རང་དོན་བློས་གཏོང་གིས་ཨ་རིའི་རྒྱལ་ཁབ་དང་མི་མང་ལ་ཞབས་འདེགས་རླབས་ཆེན་ཞུ་མཁན་ཞིག་ཡིན་པར་ངོས་འཛིན་ཞུ་ཡི་ཡོད། ཁོང་སྐུ་གཤེགས་པ་ནི་ཨ་རིའི་རྒྱལ་ཁབ་དང་མི་མང་ཙམ་མིན་པར་ང་ཚོ་བོད་མི་ཚོ་ལའང་གྱོང་གུད་ཧ་ཅང་ཆེན་པོ་ཐེབས་ཡོད་པ་རེད། ངས་སླར་ཡང་དཀའ་ཚེགས་ཆེ་བའི་དུས་ཚོད་འདིར་ཁྱེད་ཀྱི་ནང་མི་ཡོངས་ལ་ཐུགས་གསོ་ཞུ་ཡི་ཡོད་ཅེས་གསུངས་འདུག

སྐུ་ཞབས་ཧེ་རི་རེཌ་ (Harry Reid) ལགས་ཕྱི་ལོ་ ༡༩༣༩ ཟླ་ ༡༢ ཚེས་ ༢ ཉིན་ཨ་རིའི་ལྷོ་བརྒྱུད་ཀྱི་ནཱེ་ཝ་དྷ་ (Nevada) མངའ་སྡེའི་ནང་གི་ (Searchlight) ཟེར་བའི་གྲོང་སྡེའི་ནང་སྐྱེས་པ་དང་། ཁོང་གིས་ (Southern Utah University) ནང་རྒྱལ་རབས་དང་སྲིད་དོན་ཚན་རིག་ཐོག་ཆེད་སྦྱོང་གནང་ཡོད་འདུག སྐུ་ཞབས་ཧེ་རི་རེཌ་ལགས་ཡོངས་གྲགས་སུ་ཨ་རིའི་ཁྲིམས་རྩོད་པ་དང་ཆབ་སྲིད་པ་ཞིག་ཡིན་པ་དང་། ཁོང་གིས་ཕྱི་ལོ་ ༡༩༨༧ ནས་ ༢༠༡༧ བར་ཨ་རིའི་ལྷོ་བརྒྱུད་ཀྱི་ནཱེ་ཝ་དྷ་ (Nevada) མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ནས་ ༢༠༡༧ བར་དམངས་གཙོ་ཚོགས་པའི་ཨ་རིའི་གྲོས་ཚོགས་གོང་མའི་དབུ་འཁྲིད་གནང་།  ཕྱི་ལོ་ ༢༠༠༧ ནས་ ༢༠༡༥ བར་ཨ་རིའི་གྲོས་ཚོགས་གོང་མའི་མང་མོས་དབུ་ཁྲིད་གནང་ཡོད་པ་རེད།

གསར་འགོད་པ་བསྟན་འཛིན་ཕུར་བུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཆུ་ཚོད་ ༢ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese