མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཁྱིམ་གྱི་སློབ་གྲྭ་ཁག་ཅིག་ཟླ་སྒྲིལ་གཏོང་གི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་སློབ་མའི་གྲངས་འབོར་ཉུང་ཉུང་ཡིན་པའི་རྐྱེན་གྱིས། ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་དགོངས་དོན་བཞིན་བོད་ཁྱིམ་གྱི་སློབ་གྲྭ་ཁག་ཅིག་ཟླ་སྒྲིལ་གཏོང་གི་འདུག

རྒྱ་ནག་གཞུང་གིས་བོད་མི་རྣམས་ཕྱིར་སྐྱོད་བྱེད་པར་དམ་དྲག་ནན་མོ་བྱེད་ཀྱི་ཡོད་པ་དང་བཙན་བྱོལ་བོད་མི་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐྱོད་མུས་ཡིན་པའི་གནས་སྟངས་འོག འདས་པའི་ལོ་བཅུ་ཙམ་གྱི་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་དང་དགོན་སྡེ་ཁག དེ་བཞིན་བོད་མིའི་གཞིས་ཆགས་ཁག་ཏུ་མི་འབོར་ཧ་ཅང་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། བཀའ་ཤག་སྐབས་སྔོན་མ་དང་ད་ལྟའི་བཀའ་ཤག་ནས་བོད་པའི་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་བའི་སྲིད་ཇུས་ལག་བསྟར་གནང་བཞིན་ཡོད་པ་ལྟར། འདི་ལོའི་སློབ་དུས་གསར་པ་ནས། བོད་ཁྱིམ་སློབ་གྲྭའི་འཛིན་རིམ་ལྔ་པ་བར་གྱི་སློབ་མ་རྣམས་དྷ་ཤོད་བོད་ཁྱིམ་སློབ་གྲྭར་གཏང་རྒྱུ་དང་། དྷ་ཤོད་སློབ་གྲྭའི་འཛིན་རིམ་དྲུག་པའི་སློབ་མ་རྣམས་གོ་པལ་པུར་བོད་ཁྱིམ། འཛིན་རིམ་བདུན་པའི་སློབ་མ་རྣམས་ཅོན་ཏ་ར་བོད་ཁྱིམ། དེ་བཞིན་འཛིན་རིམ་བརྒྱད་པའི་སློབ་མ་རྣམས་སུ་ཇ་བོད་ཁྱིམ་དང་ཅོན་ཏ་ར་བོད་ཁྱིམ་གཉིས་སུ་བགོ་འགྲེམས་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་འདུག

འདི་གའི་གསར་འགོད་པས་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དྲུང་ཆེ་རྒན་ཆོས་དབྱིངས་དོན་གྲུབ་ལགས་སུ་དྷ་ཤོད་བོད་ཁྱིམ་གྱིས་འཕོ་འགྱུར་བཏང་བའི་ལས་གཞིའི་སྐོར་ལ་དྲིས་པར་ཁོང་གིས། སྤྱིར་བཏང་དེང་གི་ཆར་སློབ་གྲྭ་ཁག་ཏུ་སློབ་ཕྲུག་གི་གྲངས་ཚད་ཉུང་དུ་ཕྱིན་ཡོད་སྟབས། དྷ་ཤོད་བོད་ཁྱིམ་སློབ་གྲྭ་རུའང་སློབ་མ་ཉུང་དུ་ཕྱིན་ཏེ། སློབ་ཕྲུག ༢༧༠ ཙམ་ལ་དགེ་རྒན་ལས་བྱེད་ ༥༠ ཙམ་ཞིག་ཡོད་པ་རེད། དེ་སྔོན་བོད་ཁྱིམ་སློབ་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་ཚོགས་འདུ་བརྒྱུད། དྷ་ཤོད་བོད་ཁྱིམ་སློབ་གྲྭ་དེ་སྒོ་རྒྱག་པའམ་ཁ་ཕྱོགས་གཞན་ཞིག་ཏུ་བསྒྱུར་རྒྱུའི་གྲོས་མོལ་བྱུང་ཡོད་ཀྱང་། དྷ་སའི་གཡས་གཡོན་གྱི་བོད་མི་ཁ་འཐོར་མི་དམངས་རྣམས་ཀྱིས་རེ་སྐུལ་བཞིན་འཛིན་རིམ་ལྔ་པ་བར་བཞག་ཡོད་པ་རེད། དེ་བཞིན་སེ་ལ་ཀུ་བོད་ཁྱིམ་གྱི་འཛིན་རིམ་བཅུ་གཅིག་བཅུ་གཉིས་གཉིས་གོ་པལ་པུར་བོད་ཁྱིམ་དང་དྷ་སྟེང་བོད་ཁྱིམ་དུ་གཏང་འཆར་ཡོད་པ་དང་། སློབ་གྲྭ་ཁག་གི་སློབ་མ་རྣམས་འཕོ་འགྱུར་བཏང་བའི་ལས་གཞི་དེར་དམིགས་བསལ་གྱི་དཀའ་ངལ་རིགས་འཕྲད་མེད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༣ ནས་ ༢༥ བར་ཚོགས་པའི་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་བདུན་པའི་ཐོག་བཞག་པའི་གྲོས་ཆོད་དང་པོའི་ནང་། སློབ་སྡེ་ཁག་གི་འཛིན་སྐྱོང་གི་གནས་བབ་མི་འདྲ་བར་བརྟེན། ཤེས་རིག་ལས་ཁུངས་ཀྱིས་རྐང་འགན་བཞེས་ཏེ། སློབ་སྡེ་ཁག་གི་འགན་འཛིན་དང་ལྷན་དུ་གོ་བསྡུར་གྱིས་གཞིས་ཆགས་ཁག་གི་གཞི་རིམ་འོག་མ་རྣམས་གནས་ཐབས་དང་། གཞི་རིམ་བར་མ་དང་གོང་མ་རྣམས་སློབ་གྲྭ་སོ་སོའི་གནས་བབ་དང་བསྟུན་ཁུ་བསྡུ་དང་ཟླ་སྒྲིལ་གནང་ཐུབ་ན་དཔལ་འབྱོར་བསྲི་ཚགས་དང་མིའི་ནུས་ཤུགས་མཉམ་སྤུངས་ཐུབ་པས་དེ་ལྟར་གནང་གལ་ཞེས་བཀོད་ཡོད་པ་ལྟར། རིམ་གྱིས་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་གི་ཡོད་པ་དང་། དེ་དང་བསྟུན་ཆོས་དང་རིག་གཞུང་གཅིག་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བྱིས་པ་རྣམས་སློབ་འཇུག་སོགས་འཇུག་གི་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ལོའི་སློབ་དུས་གསར་པ་ནས་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཆེ་ཤོས་སྤོན་ཊ་གཏན་སློབ་ཀྱི་འཛིན་རིམ་ལྔ་པ་རང་སོར་བཞག་སྟེ་འཛིན་རིམ་དྲུག་པ་ནས་མ་སུ་རི་དང་ཧ་སྤར་སྤུར་གཏན་སློབ་ཏུ་ཟླ་སྒྲིལ་གཏོང་གི་ཡོད་འདུག་ལ། བོད་ཁྱིམ་སློབ་གྲྭ་ཁག་ཏུའང་འཛིན་གྲྭ་ཉུང་འཕྲི་དང་སློབ་མའི་གྲངས་ཚད་ཉུང་བའི་སྟབས་ཀྱིས་སློབ་ཕྲུག་མང་པོ་ཞིག་ཟླ་སྒྲིལ་གཏོང་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist