མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ཨོ་ལིམ་ཕིག་ཚོགས་གཙོས་དགོངས་པ་ཞུ་དགོས་པའི་སྐུལ་མ་བཏང་།  

བོད་ཀྱི་དུས་བབ།
༢༠༢༢/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨོ་ལིམ་ཕིག་རྩེད་འགྲན་གྱི་དབུས་རྒྱུན་ཚོས་འགྲོ་བ་མིའི་ཐོབ་ཐང་སྣང་མེད་དུ་བཞག་པ་དང་དཔལ་འབྱོར་གྱི་ཁེ་སྤོགས་གཙོ་འཛིན་བྱས་པའི་སྐྱོན་འོག ཚོགས་པའི་གཙོ་འཛིན་བྷ་ཆི་ཡི་གཙོས་འབྲེལ་ཡོད་ཚང་མས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་སྐུལ་མ་བཏང་འདུག

ད་ལྟའི་ཆར་རྒྱ་ནག་ནང་དགུན་ཁའི་ཨོ་རྩེད་འགྲན་བསྡུར་འཚོགས་པར་ཟླ་གཅིག་མ་ཟིན་ཙམ་ལས་མེད་པའི་སྐབས་འདིར། འཇར་མན་གྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་འགན་འཛིན་ (Wenzel Michalski) ལགས་ཀྱིས། བོད་དང་ཡུ་གུར། ཧོང་ཀོང་དང་རྒྱ་ནག་ནང་ལོགས་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་ཡི་ཡོད་པའི་སྐབས་འདིར། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་གཙོ་ཐོ་མ་སི་བྷ་ཆི་  (Thomas Bach) ཡིས། འགྲོ་བ་མིའི་ཐོབ་ཐང་ལ་དོ་དབྱིངས་མ་བྱས་པར་དཔལ་འབྱོར་གྱི་ཁེ་སྤོགས་ཁོ་ན་བསམས་པ་ནི་དུས་སྐབས་དང་མི་འཚམ་པའི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་དང་སྦྲགས། ཐོ་མ་སི་བྷ་ཆི་དང་ཨོ་རྩལ་གྱི་འགན་འཛིན་ལྷན་ཚོགས་ཀྱིས་ལས་གནས་ནས་དགོངས་པ་ཞུ་དགོས་པ་ནན་སྐུལ་བྱས་ཡོད་འདུག

དེ་འབྲེལ་ཐད་འཇར་མན་གྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་འགན་འཛིན་ཝན་རྫིལ་ལགས་ཀྱིས། རྒྱལ་སྤྱིའི་རྩེད་འགྲན་ཆེ་གྲས་ཨོ་ལིམ་ཕིག་དང་ཧྥི་ཧྥ་ (FIFA) ལྟ་བུས། མུ་མཐུད་སྲིད་དབང་སྒེར་གཅོད་གཞུང་དང་ལག་སྦྲེལ་བྱེད་རྒྱུ་ཡིན་ཚེ། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་དེ་ལ་དཔག་པའི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་དང་། ངས་ཐག་ཆོད་པོའི་སྒོ་ནས་བཤད་ཐུབ་པ་ནི། རྒྱལ་སྤྱིའི་རྩེད་འགྲན་ཚོགས་པ་དག་གིས། ད་སྔ་བར་ཡོད་པའི་རང་རང་གི་ཆེ་མཐོང་བརླག་ཟིན་པ་རེད། ཕྱི་ལོ་ ༢༠༢༢ ལོ་ནི་ཨོ་ལིམ་ཕིག་དང་ཧྥི་ཧྥ་གཉིས་མུ་མཐུད་གནས་དགོས་མིན་ལ་ལྟ་དགོས་པའི་ལོ་ཞིག་ཡིན། ཞེས་བརྗོད་ཡོད།

ཡང་ཁོང་གིས། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་དབུས་རྒྱུན་ནས། ད་ལྟའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ངོས་འཛིན་བྱེད་མ་ཐུབ་པ་དང་།  མཉམ་ལས་ཚོང་འབྲེལ་ཡོད་པའི་རྒྱལ་ཁབ་དག་གིས་ཚོང་འབྲེལ་ཐོག་ནས་རྒྱ་ནག་གིས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ཁ་གཏད་གཅོག་གི་ཡོད་པ་དང་།  བྷ་ཆི་དང་ཨོ་རྩལ་གྱི་འགན་འཛིན་གཞན་རྣམས་ནས་རྩ་དགོངས་ཞུས་ཏེ། འགྲོ་བ་མིའི་ཐོབ་ཐང་གི་གོ་རྟོགས་སད་པའི་གཞོན་སྐྱེས་ཚོར་གོ་སྐབས་སྤྲོད་དགོས་པ་དང་། དམིགས་བསལ་ཐོ་མ་སི་བྷ་ཆི་ལྟ་བུ་མི་རྣམས་ལ་མུ་མཐུད་རྒྱལ་སྤྱིའི་ཨོ་ལིམ་ཕིག་དང་ཧྥི་ཧྥ་ཡི་དབང་ཆ་སྒེར་གཅོད་བྱས་མི་ཆོག་པར་བཟོ་དགོས། རྒྱུ་མཚན་ནི་ཁོ་ཚོར་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་མེད་ཅིང་ཡོད་ཚད་དཔལ་འབྱོར་ལ་རེ་བ་བཅོལ་གྱི་ཡོད་པས་ཡིན། ཞེས་བརྗོད་ཡོད་འདུག

རྒྱ་ནག་གཞུང་གིས།  བོད་དང་ཡུ་གུར་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན། དེ་བཞིན་ཐའེ་ཝན་ལ་དྲག་པོས་འཇིགས་སྐུལ་གཏོང་བཞིན་པ་དང་འབྲེལ་ནས། ཨ་རི་དང་ཨོ་གླིང་། དབྱིན་ཇི་དང་ཁེ་ན་ཌ་བཅས་ཀྱིས་གཞུང་འབྲེལ་ཐོག་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། འཇར་མན་གྱི་ཕྱི་སྲིད་བློན་ཆེན་ ཨན་ན་ལེ་ན་ (Annalena Baerbock) ལགས་དང་ནང་སྲིད་བློན་ཆེན་ཧྥེ་ཛར་ (Fezer) ལགས་གཉིས་ཀྱིས་སྒེར་ངོས་ནས་རྒྱའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་བྱས་ཡོད་པ་དང་། ད་ལྟ་འཇར་མན་གྱི་གཙོས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཐད་ངོ་རྒོལ་ཡོད་པའི་རྣམ་འགྱུར་གང་ཡང་བསྟན་མེད་པ་མ་ཟད། ཧྥ་རན་སིའི་སྲིད་འཛིན་མ་ཁུ་རོན་ལགས་ཀྱིས། གཞུང་འབྲེལ་ངོ་རྒོལ་བྱེད་པ་ནི་མཚོན་དོན་ཙམ་ཡིན་པས། ཧྥ་རན་སིའི་ངོས་ནས་རྒྱའི་རྩེད་འགྲན་ལ་ངོ་རྒོལ་བྱ་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

ཡང་འདས་ལོའི་ཕྱི་ཟླ་ ༢ ནང་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ ༡༨༠ ལྷག་གིས། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། དེ་བཞིན་ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་དང་སྦྲགས། འཛམ་གླིང་རྒྱལ་ཁབ་ཁག་དང་ལུས་རྩལ་བ་མི་སྒེར་སོགས་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་མི་གནང་བའི་འབོད་སྐུལ་དང་ངོ་རྒོལ་ལས་འགུལ་སྤེལ་ཡོད་ལ། ལས་འགུལ་དེའི་ནང་རང་རེའི་བཙན་བྱོལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཀྱང་ཆ་ཤས་བླངས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད།

ད་སྔ་བར་རྒྱལ་སྤྱིའི་ངོ་རྒོལ་རིམ་པའི་ཁྲོད་རྒྱ་ནག་གཞུང་གིས་ལན་འདེབས་གང་མང་བྱས་ཡོད་པ་དང་། འདས་ལོའི་ལོ་མགོར་དམིགས་བསལ་རྒྱ་ནག་གིས། འཛམ་གླིང་རྒྱལ་ཁབ་གང་ཞིག་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་མིན་ཚེ། རྒྱ་ནག་གིས་རྒྱལ་ཁབ་དེ་དག་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུའི་ཉེན་བརྡ་བཏང་བ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཨ་རིའི་གཞུང་འབྲེལ་མི་སྣ་ ༡༨ རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་རྒྱུ་ཡིན་པའི་ཐོངས་མཆན་ཞུས་ཡོད་སྐོར་བརྗོད་ཡོད་ལ། ཨ་རིའི་ཕྱོགས་ནས་དེ་འབྲེལ་གནས་ཚུལ་གྱི་ཐད་གཞུང་འབྲེལ་ལན་འདེབས་གང་ཡང་གནང་མེད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese