མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུག་བཞིའི་དོན་རྐྱེན་རྗེས་དྲན་གོ་སྒྲིག་མཁན་ཞིག་ལ་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཧོང་ཀོང་སྲིད་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ལག་བསྟར་འོག ཧོང་ཀོང་གི་ཆེས་མཐའ་མའི་དམངས་གཙོ་གསར་ཁང་སྒོ་བརྒྱབ་ཡོད་པ་དང་དྲུག་བཞིའི་དོན་རྐྱེན་རྗེས་དྲན་གྱི་གོ་སྒྲིག་པ་ཞིག་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཧོང་ཀོང་ནང་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་རྗེས་དྲན་གྱི་གོ་སྒྲིག་པ་དང་ད་ལྟ་སྒོ་བརྒྱབ་ཟིན་པའི་ཧོང་ཀོང་མནའ་འབྲེལ་ཚོགས་པའི་འགན་འཛིན་གཞོན་པ་ཁྲོ་ཧང་ཐུང་ (Chow Hang Tung) ལགས་ཀྱིས། འདས་ལོའི་ཕྱི་ཟླ་ ༦ ཚེས་ ༤ ཉིན་དྲུག་བཞིའི་དོན་རྐྱེན་གྱི་རྗེས་དྲན་འདུ་འཛོམས་དང་གོ་སྒྲིག་གནང་བར་བརྟེན། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་འགལ་བའི་ཉེས་མིང་འོག ལོ་གཅིག་དང་ཟླ་ ༣ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་སྔ་ཁོ་མོས་མར་མེ་ཁྲོམ་སྐོར་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་ཟླ་ ༡༠ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྟབས། ད་ལྟ་ཁྲོ་ཧང་ཐུང་གིས་ཁྱོན་ཟླ་ ༢༢ ཙམ་གྱི་བཙོན་འཇུག་ཁྲིམས་ཆད་འཁུར་དགོས་ཀྱི་ཡོད་འདུག

དེ་འབྲེལ་ཧོང་ཀོང་རང་དབང་གསར་ཁང་གི་གནས་ཚུལ་ནང་། ཧོང་ཀོང་སྲིད་གཞུང་གིས། ཕྱི་ལོ་ ༢༠༢༠ ལོར་ཧོང་ཀོང་གི་ཝིག་ཊོ་རི་ཡ་སྤྱི་གླིང་དུ་གནམ་བདེ་སྒོ་མོ་ཆེའི་དྲུག་བཞི་དམར་གསོད་དོན་རྐྱེན་རྗེས་དྲན་གྱི་ཚོགས་འདུ་དེ་ཉིད་འཚོགས་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད་ནའང་། ཁྲོ་ཧང་ཐུང་གིས་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱས་ཡོད་སྟབས། ཧོང་ཀོང་ཉེན་རྟོག་པས་དམངས་གཙོ་དོན་གཉེར་བའི་སྣེ་ཁྲིད་པ་རྣམས་ཀྱིས་ཤེས་བཞིན་དུ་ཆོག་མཆན་མེད་པའི་འདུ་འཛོམས་ནང་མི་མང་ཞུགས་རྒྱུར་སྐུལ་མ་བྱས་པ་དང་རང་ཉིད་དངོས་སུ་ཞུགས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག

ཁ་སང་ (West Kowloon Magistrates’ Courts) ཁྲིམས་ཁང་དུ། ཁྲིམས་དཔོན་ཨ་མེ་ཁྲན་ (Amy Chan) ཟེར་བས་ཆེས་མཐའ་མའི་འདྲི་རྩད་དྲིས་སྐབས། ཧོང་ཀོང་མནའ་འབྲེལ་ཚོགས་པའི་འགན་འཛིན་གཞོན་པ་ཁྲོ་ཧང་ཐུང་གིས། གནམ་བདེ་སྒོ་མོ་ཆེའི་དྲུག་བཞི་དམར་གསོད་དོན་རྐྱེན་གྱི་གནད་དོན་དེ་ཉིད་བདེན་པ་ཡིན་དང་ཆབ་སྲིད་ཀྱི་བསམ་ཚུལ་མ་རེད། ཕྱི་ཟླ་ ༦ ཚེས་ ༤ ཉིན་གྱི་དོན་རྐྱེན་ཁྲོད་འདས་གྲོངས་སུ་ཕྱིན་པའི་མི་རྣམས་ནི་གནོད་འཚེ་ཕོག་མཁན་དངོས་ཡིན་པ་དང་། ང་ལས་ལྷག་གིས་ཁོང་ཚོ་ཁྲིམས་ཁང་འདིའི་ནང་དགོས་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད་པ་མ་ཟད།  ད་དུང་ཁོ་མོས་ཧོང་ཀོང་མི་མང་གིས་དྲུག་བཞིའི་དམར་གསོད་དོན་རྐྱེན་དེ་ནམ་ཡང་བརྗེད་མི་ཉན་པའི་འབོད་སྐུལ་ཡང་བྱས་ཡོད་འདུག

གཞན་ཡང་། ཕྱི་ཚེས་ ༣ ཉིན་ཧོང་ཀོང་གི་དམངས་གཙོ་ལས་འགུལ་བ་ (Andy Li) དང་ཁྲིམས་རྩོད་པ་ (Chan Tsz-wah) གཉིས་ནས། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལ་འགལ་ཡོད་པའི་ནག་ཉེས་ངོས་ལེན་བྱས་ཏེ། ཟླ་ལྔ་རེའི་བཙོན་འཇུག་ཁྲིམས་ཆད་དང་ཁྲིམས་གསར་དེ་ལག་བསྟར་འོག་གི་ཆེས་ཐོག་མའི་ཉེས་ཅན་པར་གྱུར་བ་ངོས་འཛིན་བྱེད་ཀྱི་འདུག་ལ། ཁོ་གཉིས་ཀྱིས་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་གསར་ཤོག་ (Apple Daily) གི་སྦྱིན་བདག་ཇི་མེ་ལའེ་དང་ལས་རོགས་ (Mark Simon)། དེ་བཞིན་ལས་འགུལ་བ་ (Finn Lau)  བཅས་ཀྱིས། ཕྱི་ལོ་ ༢༠༢༠ ཟླ་ ༧ ནས་འདས་ལོའི་ཕྱི་ཟླ་ ༢ ཚེས་ ༡༥ བར་རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་ཞིག་སྤེལ་ཏེ། ཧོང་ཀོང་དང་རྒྱ་ནག་ཐོག་ཕྱིའི་ཁྲིམས་ཆད་གཏོང་ཐབས་ཀྱི་འཆར་གཞི་སྒྲིག་མྱོང་ཡོད་པ་ངོས་ལེན་བྱས་ཡོད་འདུག

ཡང་དེ་རིང་ཕྱི་ཚེས་ ༤ ཉིན་ནས་ཧོང་ཀོང་ནང་གི་དམངས་གཙོའི་གསར་ཁང་ (Citizen News) སྒོ་བརྒྱབ་ཡོད་པ་དང་། གསར་ཁང་དེ་སྒོ་རྒྱག་དགོས་པའི་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྟེང་འབྲེལ་ཡོད་ལས་བྱེད་ཅིག་གིས། ཧོང་ཀོང་ནང་གི་གསར་འགོད་རང་དབང་ཇེ་སྡུག་ཏུ་འགྲོ་མུས་ཡིན་པ་དང་གསར་ཁང་གི་ལས་བྱེད་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་གནས་སྟངས་འོག་གསར་ཁང་སྒོ་རྒྱག་དགོས་སྐོར་བསྒྲགས་ཡོད་པ་རེད།འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འགལ་འོག ཧོང་ཀོང་གི་ཉེན་རྟོག་པ་ ༢༠༠ ལྷག་གིས་བཙན་གྱིས་གསར་ཁང་དེར་སྔོག་བཤེར་བྱས་པ་དང་བསྟུན། ཧོང་ཀོང་གི་མཚན་མཐུན་གཉེན་སྒྲིག་གི་ཐོབ་ཐང་བརྩོན་ལེན་པ་དང་གཞས་མ་ཌན་ནེ་སི་ཧོ་ (Denise Ho) ཡི་གཙོས་གསར་ཁང་གི་འབྲེལ་ཡོད་ལས་བྱེད་ ༧ འཛིན་བཟུང་བྱས་ཡོད་པ་རེད།

ཕྱི་ལོ་ ༡༩༩༧ ལོར་དབྱིན་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གཞི་རྩའི་ཁྲིམས་ཀྱི་དགོངས་དོན་ལྟར་ཧོང་ཀོང་ནང་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སོགས་ཁག་ཐེག་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་གཞུང་གིས་རྒྱ་ནག་སྐམ་ས་དང་མཉམ་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཏན་འབེབ་བྱ་རྩིས་བྱས་པ་ལ་བརྟེན། དམངས་གཙོ་དོན་གཉེར་བས་སྣེ་ཁྲིད་པའི་གཞུང་རྒོལ་གྱི་ལས་འགུལ་ཤུགས་ཆེན་བྱུང་ཡོད་པ་དང་། ལས་འགུལ་ཁྲོད་དྲག་པོའི་དོན་རྐྱེན་ཡང་བྱུང་ཡོད་སྟབས། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བར་དམིགས་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་པ་ཞིག་གཏན་འབེབ་བྱས་ཏེ། རྒྱལ་ཁབ་ཁ་བྲལ་དང་མགོ་རྟིང་སློག་པ། གྱེན་ལོག་གིས་མཚོན་པའི་བདེ་སྲུང་ལ་གནོད་པའི་བྱ་སྤྱོད་ཁག་བཀག་འགོག་བྱེད་པར་ཁ་གཡར་ཏེ་ཧོང་ཀོང་གི་ལས་འགུལ་བ་ཚོ་འཛིན་བཟུང་བྱེད་པ་དང་གྲོས་ཚོགས་འཐུས་མི་དམངས་གཙོ་དོན་གཉེར་ཕྱིར་ཐུག་གཏོང་བ་སོགས་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese