མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་སྤང་གོང་མཚོ་ཐོག་ཏུ་ཟམ་པ་རྒྱག་གི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་ཟླ་གཉིས་ཙམ་རིང་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་ཐིག་མཚམས་དང་ཧ་ཅང་ཐག་ཉེ་བའི་སྤང་གོང་མཚོ་ཐོག་ཏུ་ཟམ་པ་ཞིག་འཛུགས་སྐྲུན་བྱེད་བཞིན་པའི་ཐད། རྒྱ་གར་གྱི་ཁ་གཏད་སྲིད་དོན་ཚོགས་པས་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་འདུག

རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་བསྟུན། ཉེ་ལམ་རྒྱ་ནག་གཞུང་གིས་ཧིན་བོད་ཀྱི་མཐའ་མཚམས་སུ་ཆགས་པའི་སྤང་གོང་མཚོ་ཐོག་ཏུ་ཟམ་པ་ཞིག་གསར་དུ་བསྐྲུན་མགོ་བརྩམས་ཏེ། ད་ལྟ་ཟླ་ལྷག་ཙམ་འགྲོ་ཡི་ཡོད་པ་དང་། ཟམ་པ་དེ་ནི་ལ་དྭགས་ཀྱི་མཐའ་མཚམས་ས་ཐིག་ (LAC) ཏུ་ཁེལ་བའི་སྤང་གོང་མཚོ་ཡི་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་དུ། རྒྱ་ནག་གི་དམག་མི་རྣམས་ཀྱི་མཚོན་ཆ་དང་དམག་དཔུང་དཔུང་འཇུག་སྟབས་བདེ་དང་མགྱོགས་མྱུར་ཆེད་དུ་ཡིན་པ་དང་། རྒྱ་གར་གྱི་ཁ་གཏད་སྲིད་དོན་ཚོགས་པས། མུ་དྷིའི་གཞུང་གིས་རྒྱ་ནག་ཐོག་སྐད་ཆ་གང་ཡང་མ་བཤད་པར་ཁུ་སིམ་གནས་བར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཚེས་ ༡ ཉིན་ཏེ་ཕྱི་ལོ་གསར་པ་དང་བསྟུན། རྒྱ་ནག་གཞུང་གིས་ས་མཚམས་ཀྱི་ཁྲིམས་ཡིག་གསར་པ་ཞིག་ལག་ལེན་མགོ་འཛུགས་དང་འབྲེལ་ནས། ཉིན་དེར་རྒྱ་ནག་གཞུང་གིས་ཧིན་བོད་མཐའ་མཚམས་ཀྱི་གྷལ་ཝན་རི་གཤོངས་(Galwan)སུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པའི་བརྙན་ཐུང་ཞིག་མཐོང་རྒྱུ་ཡོད་ཅིང་།  རྒྱ་ནག་གཞུང་གིས་བདེ་སྲུང་གི་སླད་དུ་ཧིན་བོད་ས་མཚམས་སུ་མུ་མཐུད་དུ་རྒྱ་སྐྱེད་ནས་འཛུགས་སྐྲུན་གྱི་ལས་གཞི་སྤེལ་འཆར་ཡོད་པ་མ་ཟད། ཉེ་ལམ་རྒྱ་ནག་གཞུང་གིས་ས་ཁྲ་གསར་པ་ཞིག་བཏོན་ཡོད་པའི་ནང་དུ་རྒྱ་གར་ཨ་རུ་ཎ་ཅལ་མངའ་སྡེའི་ཁུལ་གྱི་ས་གནས་ཁག་ ༡༥ ཙམ་གྱི་མིང་གསར་བ་བཏགས་ཏེ། རྒྱ་ནག་རང་ཁོངས་སུ་བསྡུ་རྒྱུའི་ལྐོག་ཇུས་ཤིག་འཐེན་ཡོད་པ་དང་། རྒྱ་གར་གཞུང་གིས། རྒྱ་ནག་གིས་ཨ་རུ་ན་ཅལ་གྱི་ས་གནས་ ༡༥ ལ་མིང་བཏགས་པ་ནི་གཞུང་འབྲེལ་རྒྱལ་མཚམས་ལས་བརྒལ་བ་ཡིན་པའི་སྐྱོན་བརྗོད་བྱས་ཡོད།

ད་རེས་རྒྱ་ནག་གིས་སྤང་གོང་མཚོ་ཐོག་ཏུ་ཟམ་པ་བསྐྲུན་གྱིན་པའི་ཐད། རྒྱ་གར་གཞུང་གིས་དམིགས་བསལ་ལན་འདེབས་གང་ཡང་བྱས་མེད་ཀྱང་། བརྒྱུད་ལམ་དུ་བོད་པ་དང་རྒྱ་གར་གྱི་དམག་མི་ཚོས་བོད་ཀྱི་རྒྱལ་དར་དང་རྒྱ་གར་རྒྱལ་དར་ཟུང་འབྲེལ་བྱས་ནས། མཐའ་མཚམས་ནས་སྒྲེང་འཛུགས་བྱས་པའི་པར་རིས་ཤིག་བརྒྱུད་སྐུར་བྱེད་ཀྱི་འདུག་ལ། མང་པོ་ཞིག་གིས་དེ་ནི་ཉེ་ལམ་ཕྱི་ལོ་གསར་ཚེས་སྐབས། རྒྱ་གར་དམག་གིས་རྒྱ་ནག་ལ་བརྡ་ལན་སློག་པ་ཞིག་ཡིན་སྐོར་རྗོད་ཀྱིན་འདུག

སྤང་གོང་མཚོ་ནི་ཧིན་བོད་ས་མཚམས་སུ་ཆགས་ཡོད་ཅིང་། དེ་ནི་དེང་སྐབས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་བྱུང་སའི་ས་ཚིགས་གཙོ་བོ་དེ་ཆགས་ཡོད་ལ། སྤང་གོང་མཚོའི་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིས་དཔུང་འཇུག་བྱེད་རེས་བྱས་ཏེ། དེང་སྐབས་ཁུལ་དེར་རྒྱ་དཀར་ནག་གཉིས་ཀྱིས་དམག་མི་མང་པོ་བགོ་འགྲེམས་བྱས་ནས། རང་རང་གི་མངའ་ཁུལ་དུ་འཛུགས་སྐྲུན་དང་དམག་སྦྱོང་བྱེད་མུས་ཡིན་པ་རེད།

འདས་ལོའི་ཟླ་བ ༡ ནང་རྒྱ་དཀར་ནག་བར་གྱི་ས་མཚམས་རྩོད་རྙོག་དང་འབྲེལ་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཆེས་ཛ་དྲག་ཏུ་གྱུར་མིན་ལ་མ་ལྟོས་པར། རྒྱ་ནག་གཞུང་གིས་བོད་དང་ས་འབྲེལ་དུ་འཁེལ་བའི་རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་བྱང་ཕྱོགས་སུ་ཁང་པ་ ༡༠༡ ལྷག་ཡོད་པའི་གྲོང་གསེབ་གསར་པ་ཞིག་འཛུགས་སྐྲུན་བྱས་པའི་གནས་ཚུལ་ཐོན་པ་བསྟུན། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ངོས་ནས་རྒྱལ་ཁབ་ཀྱི་བདེ་སྲུང་དང་འབྲེལ་བའི་གནད་དོན་ཡོངས་རྫོགས་ལ་ལྟ་ཞིབ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གར་གྱི་ས་ཁོངས་བདག་དབང་དང་གཅིག་གྱུར་གྱི་ཐད་ལ་ཐབས་ཇུས་ཇི་མཁོ་སྤེལ་རྒྱུ་ཡིན་སྐོར་གྱི་བརྡ་ལན་སྤྲད་ཡོད་འདུག

ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༦ ཚེས་ ༡༥ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་གྷལ་ཝན་རི་གཤོངས་ (Galwan Valley) སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠ དང་ཉུང་མཐར་རྒྱ་ནག་གི་མཐའ་སྲུང་དམག་མི་ ༤ ཡི་ཚེ་སྲོག་ཤོར་ཡོད་སྟབས། རྒྱ་དཀར་ནག་གཉིས་ཀྱིས་རང་རང་གི་མཐའ་མཚམས་ས་ཐིག་བར་གྱི་མངའ་ཁོངས་དག་སྲུང་སྐྱོབ་ནན་མོ་བྱས་ཏེ། སོ་སོའི་མཐའ་མཚམས་ཀྱི་བདེ་འཇགས་དང་སྲུང་སྐྱོབ་ཀྱི་ཆེད།  ཧིན་བོད་མཐའ་མཚམས་སུ་རྒྱ་དཀར་ནག་གཉིས་ཀས་འཛུགས་སྐྲུན་དང་མཐའ་མཚམས་དམག་དོན་ལ་དོ་དབྱིངས་ཆེན་པོས་ཡར་རྒྱས་གཏོང་མུས་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese