མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྦག་སྦག་སྐོར་སྐྱོད་རྒྱལ་ས་ལྡི་ལི་ནས་མཇུག་སྒྲིལ་རྒྱུ་རེད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་ཟླ་གཅིག་ལྷག་གི་རིང་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་ནང་བོད་དོན་དྲིལ་བསྒྲགས་དང་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ལས་འགུལ་སྤེལ་གནང་།

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུའི་གོ་སྒྲིག་འོག རྒྱ་གར་རྒྱལ་ཡོངས་ནང་བོད་དོན་དྲིལ་བསྒྲགས་དང་། རྒྱ་ནག་གི་ཨོ་རྩེད་འགྲན་ཚོགས་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་ལྔའི་འོག་ཉིན་གྲངས་སུམ་ཅུའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་པ་དེ།  དེ་རིང་བཞུགས་སྒར་དྷ་ས་ནས་ལྡི་ལི་རུ་ཐོན་ཏེ། རྒྱལ་ས་ལྡི་ལིའི་ཁུལ་གྱི་རྒྱ་གར་གྱི་སྲིད་བློན་ལས་ཁུངས་ཀྱི་གཙོས་ཨོ་རྩེད་ཚོགས་ཆུང་སོགས་ལ། རྒྱ་ནག་གི་ཨོ་རྩེད་འགྲན་ཚོགས་ནང་རྒྱ་གར་གཞུང་མཉམ་ཞུགས་མི་གནང་བའི་འབོད་སྐུལ་སོགས་ཞུས་གྲུབ་མཚམས། སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཉིད་རྒྱལ་ས་ལྡི་ལིའི་ཁུལ་དུ་མཇུག་བསྡུ་འཆར་ཡོད་པ་རེད།

དེ་འབྲེལ་ཐད་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས། ད་ལན་གྱི་བོད་དོན་དྲིལ་བསྒྲགས་ཀྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེའི་དགོས་འདུན་གཙོ་བོ་ནི་མི་འགྱངས་བར་རྒྱ་ནག་ཏུ་འཚོག་འཆར་ཡོད་པའི་དགུན་དུས་ཀྱི་ཨོ་ལིམ་ཕིག་གི་རྩེད་འགྲན་དེ་རྒྱ་ནག་ཏུ་འཚོག་པར་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སྐོང་ཚོགས་བྱ་རྒྱུའི་ཐོབ་ཐང་དང་འོས་བབ་མེད་པ་དང་། དེ་བཞིན་རྒྱ་གར་གཞུང་དམངས་གཉིས་ཀྱི་བོད་དོན་རྒྱབ་སྐྱོར་དགོས་པ་དང་། རྒྱ་གར་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་མཉམ་ཞུགས་མི་བྱ་རྒྱུའི་རེ་འདུན། གཞན་ཡང་རྒྱ་ནག་གཞུང་གིས་ཉེས་མེད་བཙན་འཁྲིད་བྱས་ནས་བཙོན་དུ་བཅུག་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་ཀློད་གྲོལ་གཏོང་དགོས་པ། རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་མུས་ཡིན་པའི་སྡིག་རྩུབ་ཅན་གྱི་སྲིད་ཇུས་དེ་དག་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ད་ལན་གྱི་བོད་དོན་དྲིལ་བསྒྲགས་ཀྱི་སྦག་སྦག་སྐོར་སྐྱོད་དེར་མཉམ་ཞུགས་བྱེད་མཁན་ཁྱོན་མི་གྲངས་ ༡༦ ལྷག་ཡོད་ཅིང་།  ཁོང་ཅག་གིས་ཉིན་གྲངས་སུམ་ཅུ་ལྷག་གི་རིང་ལ་ས་ཁུལ་མི་འདྲ་བ་བཞི་བཅུ་ལྷག་གི་ནང་དུ་སྤྱི་ལེ་ ༤༥༠༠ ཙམ་སྐོར་སྐྱོད་བྱས་ཡོད་ཅིང་། ལས་འགུལ་དེ་སང་གནངས་གང་རུང་ཞིག་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་དངོས་སུ་མཇུག་སྒྲིལ་རྒྱུ་ཡིན་པ་དང་། སྦག་སྦག་སྐོར་སྐྱོད་སྐབས་རྒྱ་གར་ནང་གི་མངའ་སྡེ་ཁག་བརྒྱད་ཀྱི་ནང་དུ་རྒྱ་གར་མི་མང་དང་གསར་འགོད་པ། བོད་དོན་རྒྱབ་སྐྱོར་བ་སོགས་དང་ཐུག་འཕྲད་ཀྱིས་བོད་དོན་དྲིལ་བསྒྲགས་དང་། རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གནང་དགོས་པའི་འབོད་སྐུལ་སོགས་ཞུས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist