མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་འདས་གྲོངས་སུ་ཕྱིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌེ་ཝི་ཌི་ལགས་སུ་གློ་བའི་གཉན་ཚད་ཀྱི་ནད་གཞི་བྱུང་སྟེ། དེ་རིང་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལིའི་ནང་དགུང་གྲངས་ ༦༥ སྟེང་འདས་གྲོངས་སུ་ཕྱིན་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌེ་ཝི་ཌི་སཱ་སོ་ལེ་ (David Sassoli) ལགས་སུ་ཉེ་བའི་བདུན་ཕྲག་གཉིས་ཙམ་རིང་གློ་བའི་གཉན་ཚད་ཀྱི་ནད་གཞི་བྱུང་སྟེ། ཨི་ཊ་ལིའི་གྲོང་ཚོ་ཨ་ཝེ་ནོ་ (Aviano) ནང་གི་སྨན་ཁང་ཞིག་ཏུ་དེ་རིང་ས་གནས་ཀྱི་སྔ་དྲོ་ཆུ་ཚོད་ ༡།༡༥ སྟེང་འདས་གྲོངས་སུ་ཕྱིན་ཡོད་པ་དང་། སྐུ་ཞབས་ཌེ་ཝི་ཌི་ལགས་ནི་ད་ལྟ་དགུང་ལོ་ ༦༥ ཡིན་པ་རེད།

དེ་འབྲེལ་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ཚོགས་གཙོ་ཌེ་ཝི་ཌི་ལགས་ཀྱི་མགྲིན་ཚབ་པ་རོ་བྷར་ཊི་ (Robert Cuillo) ལགས་ཀྱིས་སྒེར་གྱི་ཊུ་ཝི་ཊར་སྟེང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༡།༡༥ ཙམ་ལ་ཨི་ཊ་ལིའི་གྲོང་སྡེ་ (Aviano) ལ་རྟེན་གཞི་བྱས་ཡོད་པའི་སྨན་ཁང་ཞིག་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཌེ་ཝི་ཌི་སཱ་སོ་ལེ་ལགས་འདས་གྲོངས་སུ་ཕྱིན་སོང་། འདས་མཆོད་ཀྱི་དུས་ཚོད་དང་ས་ཚིགས་སོགས་ཆུ་ཚོད་འགའི་རྗེས་གྲོས་བསྡུར་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཁོང་འདས་གྲོངས་སུ་ཕྱིན་པར་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་སོགས་ཀྱིས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་ཞུ་ཡི་ཡོད་པ་རེད།

ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཁང་གི་སྲིད་འཛིན་ཆཱར་ལེ་སི་ (Charles Michel) ལགས་ཀྱིས། སྐུ་ཞབས་དམ་པ་ཁོང་ནི་ཡུ་རོབ་ལ་ཧ་ཅང་བརྩེ་བ་དང་ལྷག་བསམ་ཟོལ་མེད་ཀྱི་མི་ཞིག་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། ང་ཚོས་ད་ལྟ་ནས་སྐུ་ཞབས་ཌེ་ཝི་ཌི་ལགས་ཀྱི་གཤིས་རྒྱུད་འཇམ་པོ་དང་གཏོང་ཕོད། དེ་བཞིན་གྲོགས་པོའི་མཛའ་བརྩེ་དང་འཛུམ་མདང་བཅས་དྲན་གྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ (Ismail Ertug) ལགས་ཀྱིས་སྒེར་གྱི་ཊུ་ཝི་ཊར་སྟེང་། དམ་པ་ཁོང་འདས་གྲོངས་སུ་ཕྱིན་པར་ཤུལ་ལུས་ནང་མི་ཡོངས་ལ་སེམས་གསོ་དང་། ཁོང་འདས་གྲོངས་སུ་ཕྱིན་པ་ནི་ཧང་སང་དགོས་པ་དང་གྱོང་གུད་ཆེན་པོ་ཕོག་ཡོད་པ་རེད། ཅེས་བཀོད་ཡོད་འདུག་ལ། ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ (Paola Borchia) ལགས་ཀྱིས་ཀྱང་དམ་པ་ཁོང་འདས་གྲོངས་སུ་ཕྱིན་པར་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་གནང་བ་དང་། གནས་ཚུལ་འདི་ཐོན་པར་ཧང་སང་ཡོད་སྐོར་བརྗོད་འདུག

གཞན་ཡང་། འདས་ལོའི་ཕྱི་ཟླ་ ༩ ནང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌེ་ཝི་ཌི་ལགས་གློ་བའི་གཉན་ཚད་ཀྱི་ཛ་དྲག་གི་གནས་སྟངས་འོག ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་སི་ཊར་སི་བྷག་ (Strasbourg) ཏུ་རྟེན་གཞི་བྱས་པའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱས་ཏེ། འདས་ལོའི་ཕྱི་ཟླ་ ༡༡ ནང་ཆབ་སྲིད་ཀྱི་ལས་འགན་མུ་མཐུད་དུ་བླངས་ཡོད་ཀྱང་། ཡུན་རིང་མ་འགོར་བར་སླར་ཡང་ནད་པ་ཆགས་ཏེ། ཧྥ་རན་སིའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་སི་ཊར་སི་བྷག་ (Strasbourg) ཏུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ནང་མཉམ་ཞུགས་གནང་ཐུབ་མེད་པ་རེད།

རོའུ་ཊར་གསར་ཁང་གི་གནས་ཚུལ་ལྟར་ན། ཟླ་འདིའི་ནང་སྐུ་ཞབས་ཌེ་ཝི་ཌི་ལགས་ཀྱི་ཚོགས་གཙོའི་ལས་ཡུན་རྫོགས་ཀྱི་ཡོད་པ་དང་། ཁོང་རང་སླར་ཡང་ཚོགས་གཙོའི་འོས་བསྡུའི་ནང་ཞུགས་རྒྱུ་མིན་པ་རེད། སྐུ་ཞབས་ཌེ་ཝི་ཌི་སཱ་སོ་ལེ་ (David Sassoli) ནི་ཕྱི་ལོ་ ༡༩༥༦ ཟླ་ ༥ ཚེས་ ༣༠ ཉིན་ཨི་ཊ་ལིའི་གྲོང་ཁྱེར་ཕོ་ལོ་རེན་སི་ (Florence) ནང་སྐྱེས་ཤིང་། ཁོང་གིས་རོམ་གཙུག་ལག་སློབ་གྲྭ་ཆེན་མོའི་ (University of Rome) ནང་ཆབ་སྲིད་ཚན་རིག་སྐོར་སློབ་སྦྱོང་བྱས་རྗེས། ལོ་ངོ་སུམ་ཅུའི་རིང་གསར་འགོད་པའི་ཕྱག་ལས་གནང་མྱོང་བ་དང་། དེ་ནས་ཕྱི་ལོ་ ༢༠༠༩ ལོར་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ཆགས་ཡོད་པ་རེད།  ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣ ནས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡང་གནང་མྱོང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese