མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་བདུན་ཕྲག་ནང་བོད་མི་ ༤༤༩ ལ་ཏོག་ནད་འགོས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་ཚོས་ནད་རྟགས་ཡོད་མེད་ལ་མ་ལྟོས་པར་རིམས་ནད་འདི་སྣང་མེད་དུ་མི་འཇོག་མི་ཉན་པར། སྤྱི་སྒེར་ཚང་མའི་བདེ་འཇགས་ཀྱི་སླད་དུ་ངེས་པར་སྔོན་འགོག་གི་ཐབས་ལམ་སོགས་ལ་བསྟེན་ནས་ཡིད་གཟབ་གནང་དགོས་པ་སོགས་ཀྱི་ལམ་སྟོན་གནང་།

ཁ་སང་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་  ༩༤  བ་སྤེལ་སྐབས། འདས་པའི་བདུན་ཕྲག་གཅིག་ནང་ཏོག་དབྱིབས་ནད་པ་གསར་པ་  ༤༢༩   བྱུང་ཡོད་པ་དང་།   རྒྱ་གར་ནང་གི་ས་གནས་ཁག་  ༡༠  ནང་རང་ཁྱིམ་དུ་ཟུར་བཀག་འོག་སྡོད་མཁན་བོད་མི་ ༤༧༦   དང་། ཚོགས་སྡེའི་ཟུར་བཀག་ཁང་དུ་མི་གྲངས་  ༣༣༦ བཅས་ཁྱོན་ཟུར་བཀག་ཁང་དུ་བོད་མི་  ༨༡༢  ཡོད་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས། དྷ་ས་གཙོ་བྱས་པའི་བོད་མིའི་འདུས་སྡོད་ཀྱི་ས་གནས་ཁག་ཏུ་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་འགྲོ་མུས་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་བལ་ནང་གི་ས་གནས་མགོ་འཛིན་རྣམས་ལ་ཏོག་དབྱིབས་རིམས་ནད་ཀྱི་ལམ་སྟོན་སོགས་གནང་ཡོད་པ་དང་། དེང་སྐབས་ཏོག་དབྱིབས་རིམས་ནད་ཀྱི་གཉན་སྲིན་གྱི་ངོ་བོ་འགྱུར་བའི་གཉན་སྲིན་གསར་པ་དེ་ཁྱབ་བརྡལ་ཤུགས་ཆེན་འགྲོ་ཡི་ཡོད་སྟབས། ཏོག་དབྱིབས་ལས་དོན་ཛ་དྲག་ཚོགས་ཆུང་གི་ལམ་སྟོན་པ་སྨན་པ་ཚེ་བརྟན་ལགས་ཀྱིས། ཏོག་ནད་ཀྱི་གཉན་སྲིན་གསར་པ་དེ་སྔ་མའི་གཉན་སྲིན་དང་མི་འདྲ་བར་འགོས་ཁྱབ་མྱུར་པོ་ཡོད་སྟབས། མི་མང་རྣམས་ཀྱིས་ཡིད་གཟབ་ཀྱི་སྒོ་ནས། ཁ་རས་སོགས་གྱོན་དགོས་པ་དང་། མི་ཚོགས་ཀྱི་ཁྲོད་དུ་འགྲིམས་འགྲུལ་བྱ་རྒྱུར་འཛེམས་གཟོན་གནང་དགོས་པའི་ལམ་སྟོན་ཕེབས་ཡོད་པའི་སྐོར་དང་། ཉེ་ལམ་རྒྱ་གར་ནང་གི་བོད་མི་གནས་སྡོད་བྱ་ཡུལ་མང་པོར་རང་ལོ ༡༥ ནས་༡༧ བར་གྱི་ཕྲུ་གུ་ཚོར་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་སྨན་ཁབ་རྒྱག་མགོ་བཙུགས་ཡོད་པ་དང་། དེ་བཞིན་རྒས་འཁོགས་དང་། སྨན་ཞབས་པ། གདོང་མཆོང་མི་སྣ་རྣམས་ལ་ནུས་སྤར་སྨན་ཁབ་ ( Booster vaccine )  རྒྱག་བཞིན་ཡོད་པ་དེར། མི་མང་རྣམས་ཀྱིས་རང་འགན་བླངས་པའི་ཐོག་ནས་སྨན་ཁབ་ཡག་པོ་རྒྱག་མུས་ཡིན་ཡང་། སྔོན་འགོག་སྨན་ཁབ་ཐོབ་མེད་པའི་བྱིས་པ་རྣམས་ཀྱི་ཕ་མ་ཚོས་ཐུགས་ཁུར་ཆེ་ཤེས་ཀྱི་ཐོག་ནས། རང་རང་གི་བྱིས་པར་སྔོན་འགོག་སྨན་ཁབ་རྒྱག་གི་འཇུག་དགོས་པ་དང་། ཉེ་ལམ་བོད་པའི་སྤྱི་ཚོགས་ཁྲོད་དུ་ནད་པའི་གྲངས་འབོར་འཕར་མུས་ཡིན་སྟབས། ནད་པ་དང་འབྲེལ་འདྲིས་བྱུང་བའི་མི་རྣམས་ཀྱིས་རང་གཞན་ཚང་མའི་བདེ་འཇགས་དང་ཁེ་ཕན་གྱི་སླད་དུ་ཏོག་ནད་འགོས་ཡོད་མེད་བརྟག་དཔྱད་དང་ཟུར་བཀག་ཏུ་འདུག་དགོས་པའི་རེ་སྐུལ་སོགས་ཞུས་གནང་སོང་།

གསར་འགོད་གསལ་བསྒྲགས་སྟེང་སྨན་པ་མཚམས་གཅོད་ལགས་ཀྱིས། ཉེ་ལམ་རྒྱ་གར་ནང་དུ་ཏོག་དབྱིབས་རིམས་ནད་ཀྱི་ནད་གཞི་ཁྱབ་བརྡལ་ཤུགས་ཆེན་ཕྱིན་ཡོད་ཀྱང་། དེང་སྐབས་ཁྱབ་བརྡལ་འགྲོ་མུས་ཡིན་པའི་གཉན་སྲིན་གསར་པ་དེ་སྣང་མེད་དུ་བཞག་ནས་བརྟག་དཔྱད་སོགས་མི་བྱེད་པའི་རིགས་ཡོང་གི་འདུག་པས། ཉེན་ཚབས་ཡོད་མེད་ལ་མ་ལྟོས་པར་རང་རང་གི་འཕྲོད་བསྟེན་གྱི་བདེ་འཇགས་ལ་དོ་སྣང་གི་ཐོག་ནས་བརྟག་དཔྱད་བྱས་ཏེ། ཟས་དང་སྤྱོད་ལམ་གཙང་མར་བསྟེན་དགོས་པ་དང་། ད་ལན་གྱི་ནད་ཡམས་དེ་ནི་དམིགས་བསལ་ཁ་དང་སྣ་གཉིས་བརྒྱུད་ནས་འགོས་ཀྱི་ཡོད་སྟབས། རྒྱུན་དུས་ནས་ཁ་རས་ཡག་པོ་གྱོན་དགོས། དེ་བཞིན་ཕྱོགས་མཐའ་ཁག་ནས་ཡོང་བའི་མི་མང་གིས་ངེས་པར་དུ་ས་གནས་བོད་མི་འདུས་སྡོད་ཁུལ་དུ་ཟུར་བཀག་འོག་སྡོད་དགོས་པའི་ལམ་སྟོན་གནང་སོང་།

དེའི་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ད་ལྟ་རྒྱ་གར་ནང་དུ་ཏོག་དབྱིབས་རིམས་ནད་ཀྱི་ནད་པའི་གྲངས་འབོར་འཕར་ཡང་། ད་ལྟ་ཏོག་ནད་ཀྱིས་མནར་མུས་ཡིན་པའི་ནད་པ་རྣམས་ལ་ཁ་ཟས་ཀྱི་བྲོ་བ་དང་སྣས་དྲི་མ་མི་ཚོར་བ་ཞིག་མིན་པར། མིད་པ་ན་བ་དང་ཚ་བ་འཕར་བ། སྣ་ཆུ་ལུད་པའི་ནད་རྟགས་ཙམ་ལས་མེད་ཀྱང་། སྔོན་འགོག་སྨན་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་ལ་ལར་སྲོག་རླུང་མི་འདང་བ་སོགས་ཀྱི་དཀའ་ངལ་འོག་ནས་རྐྱེན་འདས་སུ་ཕྱིན་པའི་རིགས་ཀྱང་འདུག་པས། ཚང་མས་ནད་རྟགས་མེད་པའི་རྐྱེན་བྱས་ནས་སྣང་མེད་དུ་གཏན་ནས་འཇོག་མི་རུང་བ་དང་།  ཉེ་ལམ་བདེ་ལེགས་སྨན་ཁང་དུ་ཆམ་ནད་ཕོག་པའི་ནད་པ་མང་པོ་ཞིག་སྨན་པ་བསྟེན་གཏུགས་བྱེད་དུ་ཡོང་གི་འདུག་པས། ས་གནས་མི་མང་ལ་ཛ་དྲག་གི་ནད་གཞི་མེད་ན། སྨན་ཁང་སོགས་སུ་སྨན་པ་བསྟེན་གཏུགས་ཉུང་ཙམ་དང་། བོད་མི་ཚོས་འགྲིམ་འགྲུལ་རིགས་ཉུང་ཙམ་བྱ་དགོས་སྐོར་གྱི་ལམ་སྟོན་གནང་སོང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་གྲངས་ ༧༤༨༩   བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༦༨༣༢  དང་། རྐྱེན་འདས་སུ་ཕྱིན་པ་ ༡༦༢ ། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་གྲངས་ ༤༩༥ ཡོད་འདུག་ལ།  འདས་པའི་ཆུ་ཚོད་ཉེར་བཞིའི་ནང་རྒྱ་གར་དུ་ནད་པ་གསར་བ་འབུམ ༢། ༦༤ བྱུང་བའི་ཁྲོད་མི་གྲངས་ ༣༡༥ རྐྱེན་འདས་སུ་ཕྱིན་པ་དང་།   ཨོ་མི་ཁུ་རོན་ན་མཁན་གྱི་ནད་པ་གྲངས་ ༥༧༥༣  ལྷག་བྱུང་སྟེ། ད་ལྟ་རྒྱ་གར་ནང་དུ་ཏོག་དབྱིབས་རིམས་ནད་ཀྱི་ནད་རླབས་གསུམ་པ་ཁྱབ་བརྡལ་འགྲོ་མུས་ཡིན་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༡ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese