མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་དབྱིན་ཇིའི་ཆབ་སྲིད་ནང་ཐེ་ཇུས་བྱེད་ཀྱི་ཡོད་པའི་དོགས་གཞི་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ལི་ཀྲན་ཅོའུ་ཟེར་བའི་རྒྱ་རིགས་བུད་མེད་ཅིག་གིས་དབྱིན་ཇིའི་གྲོས་ཚོགས་འཐུས་མི་དང་སྲིད་དོན་ཚོགས་པ། དེ་བཞིན་མི་སྒེར་གནད་ཡོད་མི་སྣ་སོགས་ལ་རོགས་དངུལ་སྤྲད་དེ། དབྱིན་ཇིའི་ཆབ་སྲིད་ནང་རྒྱ་ནག་གི་ཤུགས་རྐྱེན་སྤྲོད་ཐབས་བྱེད་ཀྱི་ཡོད་འདུག

Christine Lee runs a law firm, with offices in London and Birmingham. BBC/Photo

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་དབྱིན་ཡུལ་གྱི་རྒྱལ་སྲུང་ལྷན་ཁང་གི་དམག་མིའི་གསང་དོན་ཉུལ་ཞིབ་ (MI5) ཁང་གིས། རྒྱ་རིགས་བུད་མེད་ཁུ་རེ་སི་ཊིན་ཀྲིན་ཀོ་ལི་ (Christine Ching Kui Lee) ཟེར་བ་ཞིག་གིས། དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་གཙོ་བྱས་པའི་གསར་དུ་གྲོས་ཚོགས་འཐུས་མིར་ལང་མཁན་དང་ཆབ་སྲིད་ཚོགས་པ་དང་མི་སྒེར་སོགས་དབྱིན་ཇིའི་གནད་ཡོད་མི་སྣ་ཁག་དང་འབྲེལ་འདྲིས་ཀྱིས། དབྱིན་ཇིའི་ཆབ་སྲིད་ནང་ཐེ་ཇུས་བྱེད་ཀྱིན་ཡོད་པའི་སྐོར་དབྱིན་ཇིའི་གྲོས་ཚོགས་ལ་ཉེན་བརྡ་དང་སྦྲགས་ནས་འགྲེལ་བརྗོད་བྱས་ཡོད་འདུག

རྒྱ་རིགས་བུད་མེད་ཁུ་རེ་སི་ཊིན་ཀྲིན་ཀོ་ལི་ཟེར་བ་དེའི་མིང་དངོས་ལ་ལི་ཀྲན་ཅོའུ་ (Li Zhenju) ཟེར་གྱི་ཡོད་པ་དང་། ཁོ་མོས་དབྱིན་ཡུལ་ནང་ཁྲིམས་རྩོད་པའི་ལས་ཁུངས་ཤིག་གཉེར་བ་བརྒྱུད། རྒྱ་ནག་དང་ཧོང་ཀོང་ནས་རོགས་དངུལ་བླངས་ཏེ། ཕྱི་ལོ་ ༢༠༡༣ ཙམ་ནས་དབྱིན་ཇིའི་གྲོས་ཚོགས་འཐུས་མི་གཉིས་ལ་ཨ་སྒོར་འབུམ་ ༦ མ་ཟིན་ཙམ་གྱི་ཞལ་འདེབས་བརྒྱབ་ཡོད་པ་དང་།  ད་ལན་གྱི་གྲུབ་དོན་དེ་ནི་དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱིས་ཡུན་རིང་ཉུལ་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ཞིག་ཡིན་འདུག

དེ་འབྲེལ་བྷི་བྷི་སིའི་གནས་ཚུལ་ནང་། ངལ་རྩོལ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་བྷའེ་རེ་གྷ་ཌི་ནར་ (Barry Gardiner) ལགས་ཀྱིས། ཕྱི་ལོ་ ༢༠༡༤ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་གསང་ཉུལ་བའི་དོགས་གཞི་ཅན་གྱི་བུད་མེད་ལི་ཀྲན་ཅོའུ་ཡི་ལག་ནས་པོན་ཌི་ཁྱོན་ ༤༢༠༠༠༠ ལྷག་གི་ཞལ་འདེབས་བླངས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་གུ་ཡངས་མང་གཙོ་ཚོགས་པའི་མགོ་ཁྲིད་ཌའེ་ཝི་ (Sir Ed Davey) ལགས་ཀྱིས་པོན་ཌི་ ༥༠༠༠ ཡི་ཞལ་འདེབས་བླངས་ཡོད་པ་མ་ཟད། ལི་ཀྲན་ཅོའུ་ཡི་བུ་ཡིས། གྲོས་ཚོགས་འཐུས་མི་བྷའེ་རེ་གྷ་ཌི་ནར་ལགས་ཀྱི་འོག་ནས་བྱ་བ་སྒྲུབ་ཀྱི་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༡༤ ཉིན་ཁོས་ལས་གནས་ནས་དགོངས་པ་ཞུས་ཡོད་སྐོར་སོགས་བརྗོད་འདུག

དབྱིན་ཇིའི་ནང་སྲིད་ལྷན་ཁང་གི་དྲུང་ཆེ་ལྕམ་པིར་ཏི་པ་ཊལ (Priti Patel) ལགས་ཀྱིས། མི་ཞིག་གིས་བསམ་བཞིན་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚབ་བྱས་ནས། ང་ཚོའི་གྲོས་ཚོགས་ཀྱི་ཆབ་སྲིད་ཐོག་ཐེ་ཇུས་བྱེད་བཞིན་པར། ཧ་ཅང་བློ་འཚབ་ཆེན་པོ་སྐྱེས་བྱུང་། ཞེས་བརྗོད་ཡོད་པ་དང་། དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱིས། དོགས་གཞི་ཅན་གྱི་རྒྱ་རིགས་ལི་ཀྲན་ཅོའུ་དང་འབྲེལ་འདྲིས་བྱུང་བའི་དབྱིན་ཇིའི་གྲོས་ཚོགས་འཐུས་མི་དང་གཞན་ཚང་མས་དོགས་གཟབ་བྱ་དགོས་པའི་ཉེན་བརྡའང་བཏང་ཡོད་པ་རེད།

དེ་བཞིན་ངལ་རྩོལ་ཆབ་སྲིད་ཚོགས་པའི་དྲུང་ཆེ་ཁའོ་པར (Yvette Cooper) ལགས་ཀྱིས། རྒྱ་ནག་གཞུང་གིས་དབྱིན་ཡུལ་གྱི་དམངས་གཙོའི་ལམ་ལུགས་ལ་ཐེ་ཇུས་བྱེད་ཀྱིན་ཡོད་པར་ང་ཚོས་སྐྱོན་དྲག་པོ་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ད་ལྟའི་ཆར་དབྱིན་ཡུལ་གྱི་རྒྱལ་སྲུང་ལྷན་ཁང་གི་དམག་མིའི་གསང་དོན་ཉུལ་ཞིབ་ཁང་གིས། གནད་དོན་དེ་ལ་ཞིབ་འཇུག་བྱེད་མུས་ཡིན་པ་དང་འབྲེལ། དབྱིན་ཡུལ་གྱི་རྒྱལ་སྲིད་བདེ་འཇགས་དང་འབྲེལ་ནས། དེ་སྔ་ཨུ་རུ་སུ་ནི་དབྱིན་ཡུལ་གྱི་སེམས་འཚབ་སྐྱེས་ཡུལ་ཞིག་ཆགས་ཀྱི་ཡོད་ཀྱང་། ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པ་དབྱིན་ཡུལ་གཞུང་གི་སེམས་འཚབ་སྐྱེས་ཡུལ་ཐོག་མ་དེ་ཆགས་ཡོད་སྐོར་བརྗོད་འདུག

ད་སྔ་བར་ལི་ཀྲན་ཅོའུ་དང་འབྲེལ་འདྲིས་བྱུང་བའི་དབྱིན་ཇིའི་གྲོས་ཚོགས་འཐུས་མི་དེ་དག་ལ་ཆབ་སྲིད་དང་ཁྲིམས་འགལ་གྱི་ནག་ཉེས་གང་ཡང་མེད་པ་ར་སྤྲོད་བྱུང་ཡོད་ཀྱང་། ལི་ཀྲན་ཅོའུ་ཟེར་བའི་རྒྱ་རིགས་དེས། ཁོ་མོའི་ཁྲིམས་རྩོད་པའི་ལས་ཁུངས་དེ་ནི་དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཁྲིམས་ཀྱི་ཚབ་མཚོན་ཐུབ་པའི་ལས་ཁུངས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་དབྱིན་ཇིའི་ནང་རྒྱ་རིགས་ཚུད་པའི་མི་རིགས་སྣ་མང་འདུས་པའི་སྤྱི་ཚོགས་བསྐྲུན་རྒྱུ་དང་། དེ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་(UFWD) ལས་ཁུངས་དང་མཉམ་འབྲེལ་གྱིས། ཧོང་ཀོང་དང་རྒྱ་ནག་རིགས་ཀྱི་ལག་ནས་རོགས་དངུལ་ལེན་གྱི་ཡོད་སྐོར་དབྱིན་ཇིའི་གསང་བའི་ལས་ཁུངས་ལ་འགྲེལ་བརྗོད་བྱས་ཡོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་སོ་ཉུལ་བའི་དོགས་གཞི་ཅན་གྱི་ལི་ཀྲིན་ཅོའུ་ཡིས། ཕྱི་ལོ་ ༢༠༠༦ ནས་དབྱིན་ཡུལ་ནང་ (British Chinese Project) ལས་གཞི་བརྩམས་ཏེ། དབྱིན་ཡུལ་ནང་རྒྱ་ནག་གི་ཤུགས་རྐྱེན་སྤེལ་ཐབས་བྱས་ཡོད་པ་དང་། ལས་གཞི་དེའི་ཚོགས་གཙོ་ནི་ད་ལྟའི་ངལ་རྩོལ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ (Mr Gardiner) ཡིན་པ་རེད་ལ། ཕྱི་ལོ་ ༢༠༡༩ ལོར་ལྕམ་ཐི་རེ་ཟ་མེ་ཡེ་གཞུང་འཛིན་སྐབས། ལི་ཀྲིན་ཅོ་ཡིས་དབྱིན་ཡུལ་ནང་རྒྱ་རིགས་དང་དབྱིན་ཇི་གཉིས་ཀྱི་འབྲེལ་ལམ་གོང་མཐོར་བཏང་བར་ཆེ་མཐོང་ངོས་འཛིན་གྱིས། གཟེངས་རྟགས་ཤིག་ཀྱང་སྤྲད་ཡོད་པ་རེད།

ད་ལྟ་རང་ལོ་ ༥༨ ཡིན་པའི་རྒྱ་རིགས་བུད་མེད་ལི་ཀྲན་ཅོའུ་རྒྱ་ནག་ནང་སྐྱེས་ཤིང་། ཕྱི་ལོ་ ༡༩༨༠ ནང་དབྱིན་ཡུལ་དུ་གནས་སྤོར་བྱས་ཏེ། འདས་པའི་ལོ་ངོ་ ༢༠ རིང་དབྱིན་ཡུལ་གྱི་གྲོང་ཁྱེར་ (Birmingham) ནང་ (Christine Lee & Co) ཞེས་པའི་ཁྲིམས་རྩོད་པའི་ལས་ཁུངས་ཤིག་གཉེར་ཡོད་ཅིང་། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ (London) གཙོས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ (Beijing)་དང་།  དེ་བཞིན་ཧོང་ཀོང་དང་རྒྱ་ནག་གི་གྲོང་ཁྱེར་གཱང་ཌའོ་ (Guangzhou) སོགས་ཀྱི་ནང་ལས་ཁུངས་དེར་ཡན་ལག་ལས་ཁུངས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༧ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༢ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese