མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་ཞབས་ཟུར་བ་རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ལགས་དགུང་གྲངས་ ༡༠༣ སྟེང་འདས་གྲོངས་སུ་ཕྱིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོའི་ཆུ་ཚོད་ ༢ ཙམ་ལ་ཨ་རིར་དགུང་ལོ་ ༡༠༣ ཐོག་གཞུང་ཞབས་ཟུར་པ་རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ལགས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ད་ལྟ་ཁོང་དགོངས་པ་རྫོགས་ཏེ་ཉིན་ལྔ་བ་འགྲོ་ཡི་ཡོད་པ་རེད།

Photo: Bodi.asia

གཞུང་ཞབས་ཟུར་པ་རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ལགས་དགོངས་པ་རྫོགས་པའི་ཐད། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ལྷན་འཛོམས་ཀྱིས་བཀའ་ཤག་ཚོགས་ཁང་དུ་དམ་པ་ཁོང་ལ་མྱ་ངན་གུས་འདུད་མཚོན་སླད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་རྣམས་ལ་ཐུགས་གསོ་གནང་བའི་ནང་། དེ་རིང་ང་ཚོས་མཆོད་འབུལ་སྨོན་ལམ་ཚོགས་དགོས་དོན་ནི། བོད་རང་བཙན་ཡོད་པའི་སྐབས་ནས་བཟུང་གཞུང་ཞབས་སྲི་ཞུ་གནང་མྱོང་མཁན་རྩེ་དྲུང་སྐུ་ངོ་རྒྱལ་མཚན་ཆོས་ལྡན་ལགས་དགུང་ལོ་ ༡༠༠ ལྷག་ཕེབས་རྗེས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་སོང་། ཁོང་ལ་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བལྟས་ན། བོད་རང་བཙན་ཡོད་པའི་སྐབས་ཀྱི་རྩེ་དྲུང་ཡིན་པར་བརྟེན། དེ་རིང་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱིས་དབུས་པའི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱིས་ཁོང་གིས་བོད་སྡེ་པ་གཞུང་དང་། བཙན་བྱོལ་དུ་འབྱོར་ནས་དྷ་རམ་ས་ལར་༧གོང་ས་རྒྱལ་བ་རིན་པ་ཆེ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་དང་། གཞན་ཡང་བོད་མི་འདུས་སྡོད་ས་གནས་མང་པོའི་ནང་ཞབས་ཞུ་བསྒྲུབས་པར་བཀའ་དྲིན་རྗེས་དྲན་དང་། ཁོང་སླར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ལ་སྐྱེ་བའི་སླད་མཆོད་འབུལ་སྨོན་ལམ་ཚོགས་པ་རེད། ཅེས་གསུངས་ཡོད།

ད་དུང་སྲིད་སྐྱོང་མཆོག་གིས། ཁོང་ནི་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུས་ཡུན་རིང་ཤོས་ཞབས་འདེབས་ཞུ་མཁན་ཆགས་ཀྱི་ཡོད་པས། ཁོང་གི་ལྟོས་ཤུལ་ནང་མི་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་དང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་ཐུགས་གསོ་ཞུ་རྒྱུ་ཡིན། ད་བར་དུ་ཁོང་གིས་དོན་དངོས་སུ་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་དང་། བོད་མི་མང་གི་བདེ་སྡུག་སླད་སྐུ་ངལ་བསྐྱོན་ཏེ་མི་ཚེ་དོན་དང་ལྡན་པ་སྐྱེལ་གནང་ཡོད་པ་རེད། ཁོང་གི་ལྟོས་ཤུལ་ནང་མི་ཁྱེད་རང་ཚོ་ཡིན་ནའང་སྤོབས་པ་བྱེད་དགོས་པ་རེད། ཁོང་ལྟ་བུའི་པ་ལགས་འཁྲུངས་ནས་བོད་བསྟན་སྲིད་ཀྱི་དོན་དུ་ཞབས་ཕྱི་ཞུས་གནང་བ་དེར་ཕྲུ་གུ་ཚོས་ཀྱང་སྐལ་བ་བཟང་པོ་རྩིས་དགོས་རེད་བསམ་གྱི་འདུག ཤུལ་ལུས་ནང་མི་རྣམས་ཀྱི་ཀྱང་པ་ལགས་ཀྱིས་བྱས་རྗེས་བཞག་པ་ལྟར་བོད་སྤྱི་པའི་དོན་དུ་ཕྱག་ལས་གནང་རྒྱུ་དང་། ཁོང་གི་མི་ཚེ་ལ་བལྟས་ཏེ་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ལ་སེམས་ཤུགས་སྤར་རྒྱུ་དང་། བོད་སྤྱི་བའི་དོན་སྒྲུབ་པར་སྔར་ལྷག་འབད་བརྩོན་བྱ་དགོས་ཤིང་། ལྷག་པར་དུ་ད་ལྟའི་ཆར་ཛ་དྲག་པའི་དུས་ཚོད་སྐབས་བོད་མི་ཡིན་ནོ་ཅོག་ལ་འགན་ཞིག་ཡོད་པར་བརྟེན། ཁོང་ནང་བཞིན་༧གོང་ས་མཆོག་དབུས་པའི་ང་ཚོ་ཚང་མ་ཚེ་རིང་ནད་མེད་ཡོང་བ་དང་། བོད་བསྟན་འགྲོའི་ཆེད་དུ་ཞབས་ཕྱི་ཞུ་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་ཡི་ཡོད། ཅེས་གསུངས་སོང་།

རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ལགས་ནི། ཕྱི་ལོ་ ༡༩༢༠ ལོར་མན་གྲོ་གུང་དཀར་སྲིབ་ན་བྱང་མ་རུ་ཕ་བྱང་ཆུབ་ཕུན་ཚོགས་ལགས་དང་མ་སྐལ་བཟང་སྒྲོལ་མ་ལགས་ཀྱི་བུ་བཞིའི་ནང་གསེས་གསུམ་པར་འཁྲུངས་ཤིང་། ཕྱི་ལོ་ ༡༩༣༠ ལོར་ལྷ་སར་སློབ་གྲྭར་བསྐྱོད། ཕྱི་ལོ་ ༡༩༣༥ ལོར་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་བསྐྱོད་དེ་དཀྱིལ་ཁང་གྲྭ་ཚང་གི་མཚན་ཉིད་མཁན་པོ་དཀའ་ཆེན་འགྱུར་མེད་མཆོག་གིས་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་དང་དག་ཡིག་ངག་སྒྲོན་བཅས་ཀྱི་དཔེ་འཁྲིད་གནང། དེ་ནས་ཁོང་གི་སློབ་མ་དཀའ་ཆེན་པདྨ་མཆོག་གི་དྲུང་ནས་དག་ཡིག་དང་སུམ་རྟགས། སྙན་ངག་ལེའུ་གཉིས་པ། ལམ་རིམ་སོགས་ཀྱི་དཔེ་འཁྲིད་ཞུས་ཏེ་སྙན་ངག་རིག་གནས་སོགས་ལ་མཁས་པར་སྦྱངས། ཕྱི་ལོ་ ༡༩༤༦ ལོར་རྩེ་དྲུང་དུ་བསྐོ་བཞག་བྱུང་ཞིང་། ཕྱི་ལོ་ ༡༩༤༨ ལོར་སྐུ་སྒེར་མཛོད་སྦུག་གི་ལས་བྱ་དང་སྤྱན་བབས་ཕོ་བྲང་གི་ཁང་གཉེར་གཅིག་ལྕོགས་གནང་། དེ་ནས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༢༠ དགོང་དྲོར་སྐྱབས་བཅོལ་དུ་ཕེབས་ནས་གསོག་སྒར་དུ་ཞབས་ཕྱི་ཞུས་པ་དང་། ཕྱི་ལོ་ ༡༩༦༤ ལོར་ཤེས་རིག་དྲུང་ཆེ་གནང་མྱོང་བ་དང་༧གོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མིང་མང་ཞུ་དག་དང་དཔར་སྐྲུན་ཞུས་ཤིང་། ཕྱི་ལོ་ ༡༩༦༧ ལོར་ལྡི་ལི་དོན་གཅོད་ཁང་དུ་ནང་སྲིད་སྡེ་ཚན་གྱི་འགན་འཛིན་དང་དངུལ་གཉེར་གཅིག་ལྕོགས་གནང་། ད་དུང་ཕྱི་ལོ་ ༡༩༦༩ ལོར་ནང་སྲིད་དྲུང་ཆེར་གནང་ཞིང་། ཕྱི་ལོ་ ༡༩༧༦ ལོར་ཀོ་ལི་གྷལ་གྱི་གཞིས་འགོར་གནང་། དེ་ནས་ཕྱི་ལོ་ ༡༩༨༠ ཟླ་ ༥ ཚེས་ ༨ ཉིན་ལུགས་ཟུང་བསམ་གྲུབ་གླིང་གི་གཞིས་འགོར་བསྐོས། དེ་བཞིན་ཕྱི་ལོ་ ༡༩༨༢ ཟླ་ ༥ ཚེས་ ༡༥ ཉིན་མོན་གྷོ་འདོད་རྒུ་གླིང་གི་གཞིས་འགོར་བསྐོས་པ་དང་ཕྱི་ལོ་ ༡༩༨༩ ལོར་མོན་གྷོ་གཏན་སློབ་ཀྱི་སློབ་སྤྱིར་གནང་ཡོད་པ་རེད། ཕྱི་ལོ་ ༡༩༩༢ ལོར་ལས་བྱེད་རྒས་ཡོལ་དུ་ཕེབས་ཡོད་པ་རེད།

གསར་འགོད་པ་བསྟན་འཛིན་ཕུར་བུ་ཡིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༣ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese