མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་རྒྱལ་ཁབ་གཉིས་ཀྱིས་རྒྱའི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་ངོ་རྒོལ་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཡོད་པའི་སྐྱོན་བརྗོད་དང་ངོས་འཛིན་འོག ཡུ་རོབ་རྒྱལ་ཁབ་ཌན་མག་དང་ནེ་ཐི་ལན་ཌི་གཉིས་ཀྱིས་གཞུང་འབྲེལ་ཐོག་ནས་རྒྱའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་བྱས་འདུག

རྒྱ་ནག་ནང་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་བསླེབ་ལ་ཉེ་བ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཡུ་རོབ་རྒྱལ་ཁབ་ཌན་མག་དང་ནེ་ཐི་ལན་ཌ་གཉིས་ནས། འདི་ལོའི་རྒྱ་ནག་གི་ཨོ་རྩེད་འགྲན་ཚོགས་སྟེང་གཞུང་འབྲེལ་མཉམ་ཞུགས་བྱ་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་ཡོད་ཀྱང་། ཁ་སང་རྒྱ་ནག་གཞུང་གིས་ཌན་མག་གཞུང་འཛིན་ཚོགས་པ་ཨོ་ལིམ་ཕིག་སྟེང་མཉམ་ཞུགས་བྱ་རྒྱུའི་འདུན་པ་ཡོད་ནའང་ཁ་གཏད་སྲིད་དོན་ཚོགས་པས། ཨོ་ལིམ་ཕིག་རྩེད་འགྲན་གྱི་སྙིང་བོ་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་འདུག

ཐེངས་འདིར་ནེ་ཐི་ལན་ཌི་གཞུང་རྒྱའི་ཨོ་རྩེད་འགྲན་བསྡུར་སྟེང་གཞུང་འབྲེལ་མཉམ་ཞུགས་མི་བྱེད་དོན་ནི། རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་འགོག་སྲུང་གི་སྒྲིག་ལམ་ཧ་ཅང་དམ་དྲག་ཡིན་སྟབས། ཁོ་ཚོས་རྒྱ་ནག་གཞུང་དང་ལྷན་དུ་ཉེན་ཚབས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱེད་ཀྱི་མེད་པའི་ངོས་འཛིན་འོག་གཞུང་འབྲེལ་བྱས་ཡིན་སྐོར་བརྗོད་ཡོད་པ་དང་།  ཌན་མག་གཞུང་གིས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཐེབས་ཀྱི་ཡོད་པའི་སྐྱོན་བརྗོད་དང་སྦྲགས། རྒྱའི་ཨོ་ལིམ་ཕིག་ལ་གཞུང་འབྲེལ་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

ཉེ་ལམ་ཉི་ཧོང་གི་རྒྱལ་སྲིད་དྲུང་ཆེ་ (Hirokazu Matsuno) ལགས་ཀྱིས། རྒྱ་ནག་གཞུང་གིས། ཁྲིམས་ཀྱི་དབང་སྒྱུར་ལ་བརྩི་སྲུང་དང་རང་དབང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་སྲུང་སྐྱོབ་བྱ་རྒྱུ་ནི་གལ་ཆེན་ཡིན་སྐོར་བརྗོད་པ་དང་འབྲེལ། ཉི་ཧོང་གཞུང་འབྲེལ་ཐོག་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་མིན་པ་ཡོངས་བསྒྲགས་བྱས་ཡོད་ཀྱང་། ཉི་ཧོང་གིས་རྒྱ་ནག་གི་ཨོ་ལིམ་ཕིག་ལ་གཞུང་འབྲེལ་ངོ་རྒོལ་བྱེད་ཀྱི་ཡོད་མེད་ཁ་གསལ་བཟོས་མེད་པ་རེད། ད་སྔ་ཡོངས་གྲགས་ཐོག་རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་ལ་གཞུང་འབྲེལ་ངོ་རྒོལ་བྱེད་མཁན། ཌན་མག་དང་ནེ་ཐི་ལན་ཌི་ཚུད་པའི་ཨ་རི་གཙོ་བྱས་པའི་ཁེ་ན་ཌ་དང་དབྱིན་ཇི། ཨོ་གླིང་བཅས་འཛམ་གླིང་རྒྱལ་ཁབ་ ༦ བྱུང་ཡོད་ཅིང་།  རྒྱལ་ཁབ་དེ་དག་ཚང་མས། རྒྱ་ནག་གཞུང་གིས་ཡུ་གུར་གཙོས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དྲག་གནོན་དང་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་ཡོད།

ཡང་ད་ལྟའི་གནས་སྐབས་སུ་རྒྱ་ནག་གི་མཐུན་གྲོགས་ལྟ་བུར་གྱུར་བའི་ཨུ་རུ་སུ་དང་པ་ཀི་སི་ཐན་གཉིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་སྟེང་གཞུང་འབྲེལ་མཉམ་ཞུགས་བྱ་རྒྱུ་ཡིན་པ་མ་ཟད། ཨུ་རུ་སུའི་མགོ་ཁྲིད་པུ་ཊིན་དང་པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་ (Imran Khan) གཉིས་ཨོ་ལིམ་ཕིག་རྩེད་འགྲན་གྱི་གཞུང་འབྲེལ་མཛད་སྒོར་དངོས་སུ་ཞུགས་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་ལ། དེ་བཞིན་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཆེན་མོ་ཨན་ཊོ་ནི་གྷ་ཊར་སི་ལགས་ཀྱིས་ཀྱང་རང་ཉིད་དངོས་སུ་རྒྱའི་ཨོ་ལིམ་ཕིག་སྟེང་མཉམ་ཞུགས་བྱ་རྒྱུ་ཡིན་པ་བསྒྲགས་ཡོད།

ད་ལྟ་ཨ་རི་གཙོ་བྱས་པའི་ཌན་མག་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས། རང་རང་གི་ལུས་རྩལ་བ་རྣམས་ལ་ལམ་སྟོན་བྱས་ཏེ། རྒྱ་ནག་ཏུ་བསྐྱོད་སྐབས། ལུས་རྩལ་བ་མི་སྒེར་གྱི་ཁ་པར་དང་གློག་ཀླད་སོགས་མི་འཁུར་བ་དང་། ཕྱིར་ལོག་སྐབས་རྒྱ་ནག་ཏུ་བེད་སྤྱོད་བྱས་པའི་ཁ་པར་དང་གློག་ཀླད་ཀྱི་གསང་ཚིག་ཡོངས་བརྗེ་དགོས་པ་སོགས་རྒྱའི་གསང་ཉུལ་བའི་རྗེས་འདེད་གཏོང་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་པའི་ལམ་སྟོན་གནང་ཡོད་པ་མ་ཟད། ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དོགས་གཞིའི་འོག་རྒྱ་ནག་གི་ཤའི་རིགས་ཟ་མི་ཆོག་པའི་ཉེན་བརྡའང་བཏང་ཡོད་འདུག་ལ། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་དང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས། རྒྱལ་སྤྱིའི་གསར་འགོད་པ་རྣམས་རྒྱ་ནག་ཏུ་བསྐྱོད་སྐབས། རྒྱ་ནག་གི་ཆེས་དམ་དྲག་ཆེ་བའི་དྲ་རྒྱའི་གསང་ཉུལ་འོག་མི་ཚུད་རྒྱུ་དང་ཡང་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཁོ་ནའི་ལག་ཆར་མི་འགྱུར་བའི་འབོད་སྐུལ་སོགས་ཞུས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese