མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་རྩེད་འགྲན་པ་རྣམས་ཀྱིས་རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱས་མི་ཆོག་པའི་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རྩེད་འགྲན་པ་དག་རྒྱ་ནག་གི་སྒྲིག་ཁྲིམས་དང་འགལ་ཚེ་ཉེས་ཆད་གཅོད་རྒྱུའི་མ་ཟད། ལུས་རྩལ་བ་ཚང་མའི་ཁ་པར་ནང་རྒྱ་ནག་གིས་བཟོས་པའི་མཉེན་ཆས་ཤིག་ཕབ་ལེན་བྱེད་དུ་བཅུག་སྟེ། ཁོ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་མོ་བྱ་འཆར་ཡོད་པ་རེད།

དེ་རིང་རྒྱལ་སྤྱིའི་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་རྒྱལ་སྤྱིའི་རྩེད་འགྲན་པ་མང་པོ་ཞིག་པེ་ཅིན་དུ་འཚོག་འཆར་ཡོད་པའི་དགུན་དུས་ཨོ་ལོམ་ཕིག་རྩེད་འགྲན་སླད་རྒྱ་ནག་ཏུ་འབྱོར་མུས་ཡིན་པ་ལྟར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་སྐབས།  རྒྱལ་སྤྱིའི་ལུས་རྩལ་བ་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱེད་པར་ཉེན་ཁ་ཡོད་སྐོར་བརྗོད་པ་དང་བསྟུན། ལུས་རྩལ་བ་དག་གིས་རང་ཉིད་ཀྱི་བདེ་འཇགས་སླད་དུ། རྒྱ་ནག་ནང་ནས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་སློང་མི་བྱེད་པར་ཕྱིར་བདེ་འཇགས་ངང་རང་རང་གི་རྒྱལ་ཁབ་དུ་འབྱོར་མཚམས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱལ་སྤྱིའི་ལུས་རྩལ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་རོ་བྷི་ཁའོ་ལར་ ( Rob Koehler) ལགས་ཀྱིས། དོན་དངོས་ཐོག་རྒྱ་ནག་ནང་ལུས་རྩལ་བ་རྣམས་ཀྱི་བདེ་འཇགས་བྱེད་པའི་གནས་བབ་མེད་པ་དང་།  རྒྱ་ནག་ཁུ་སིམ་སིམ་སྡོད་པ་ནི་ངན་པ་ཁ་མཐུན་བྱེད་ཀྱི་ཡོད་པའི་རྟགས་རེད། དེར་བརྟེན། ང་ཚོར་སེམས་འཚབ་ཡོད་པས། ལུས་རྩལ་བ་རྣམས་ཀྱིས་རྩེད་འགྲན་བྱས་ཏེ་ཕྱིར་རང་རང་གི་ཁྱིམ་དུ་འབྱོར་རྗེས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་སློང་བྱེད་པའི་ལམ་སྟོན་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་རེད།

གནད་དོན་དེའི་ཐད། ཁ་སང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ལུས་རྩལ་བ་རྣམས་ཀྱིས་ཨོ་ལིམ་ཕིག་རྩེད་འགྲན་གྱི་སྙིང་བོ་འམ་ཡང་ན་རྒྱ་ནག་གཞུང་གི་སྒྲིག་ཁྲིམས་དང་འགལ་བ་ཡིན་ན། ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་དེ་སྔ་ནས་རྒྱ་ནག་གཞུང་གིས་ཡུ་གུར་དང་གྲངས་ཉུང་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་སོགས་བཙན་གནོན་བྱེད་མུས་ཡིན་པའི་སྐྱོན་བརྗོད་དང་སྦྲགས། རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དབུས་རྒྱུན་ཚོས་རྒྱ་ནག་ནང་འདི་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་བསྐོང་བྱེད་པར་ཆོག་མཆན་མི་སྤྲོད་པའི་རེ་སྐུལ་དང་ཞུ་གཏུགས་སོགས་ཀྱི་ལས་འགུལ་རིམ་པ་སྤེལ་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཡ་ཁའེ་(  Yaqiu Wang) ལགས་ཀྱིས། རྒྱ་ནག་གི་རྩ་ཁྲིམས་ལ་ཁ་གསལ་མེད་པའི་ཁར། རྒྱ་ནག་གཞུང་གིས་ཁྲིམས་མི་མང་གི་སྨྲ་བརྗོད་རང་དབང་བཀག་སྡོམ་བྱེད་ཐབས་སུ་བེད་སྤྱོད་གཏོང་གི་ཡོད།  ཅེས་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ནང་སོག་སོགས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་སྡུག་རྩུབ་མནར་གཅོད་གཏོང་མུས་ཡིན་པ་ལྟར། ཨ་རི་དང་། ཨོ་གླིང་། ཁེ་ན་ཊ། དབྱིན་ཡུལ། ཉི་ཧོང་། ཌན་མག ཧོ་ལེན་སོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཡོད་པའི་སྐྱོན་བརྗོད་ནན་མོ་བྱས་ཏེ། རྒྱལ་ཁབ་དེ་དག་གི་གཞུང་འཛིན་མི་སྣ་རྣམས་ཨོ་ལོམ་ཕིག་ཏུ་མཉམ་ཞུགས་བྱ་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།

ཡང་རྒྱ་ནག་ཏུ་ཨོ་ལིམ་ཕིག་གི་རྩེད་འགྲན་འཚོག་གྲབས་ཡོད་པའི་སྐབས་འདིར། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ལུས་རྩལ་བ་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པར་དོགས་ནས། ཨོ་རྩལ་དང་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་བཅས་ལ་མ་འདོད་པའི་རྣམ་འགྱུར་བསྟན་ཚེ། ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པ་མ་ཟད།  རྒྱ་ནག་གཞུང་གིས་ལུས་རྩལ་བ་དག་གི་འཕྲོད་བསྟེན་སོགས་ལ་དམིགས་ཁུལ་བྱས་ནས་མཉེན་ཆས་ཤིག་གསར་བཟོ་བྱས་ཏེ། རྒྱལ་སྤྱིའི་ལུས་རྩལ་བ་ཡོངས་ནས་རང་རང་གི་ཁ་པར་ནང་མཉེན་ཆས་དེ་ཕབ་ལེན་དགོས་པའི་གསལ་བསྒྲགས་བྱས་ཡོད་ཀྱང་། ཁེ་ན་ཌའི་ཉམས་ཞིབ་པ་ཚོས་མཉེན་ཆས་དེ་ནི་རྒྱ་ནག་གཞུང་གིས་ལུས་རྩལ་བ་རྣམས་ཀྱི་ཁ་པར་བརྒྱུད་རྒྱ་ནག་ནང་གི་གནས་ཚུལ་ཕྱིར་བསྒྲགས་བྱེད་མིན་ལ་ལྟ་རྟོག་དང་མི་སྒེར་གྱི་འགྲོ་འདུག་སོགས་ལ་ལྟ་ཞིབ་སླད་དུ་ཡིན་སྐོར་བརྗོད་འདུག

ཉེ་ལམ་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རང་རང་གི་ལུས་རྩལ་བ་རྣམས་ལ་ལམ་སྟོན་བྱས་ཏེ། རྒྱ་ནག་ཏུ་བསྐྱོད་སྐབས་ལུས་རྩལ་བ་མི་སྒེར་གྱི་ཁ་པར་དང་གློག་ཀླད་སོགས་མི་འཁུར་བ་དང་། ཕྱིར་ལོག་སྐབས་རྒྱ་ནག་ཏུ་བེད་སྤྱོད་བྱས་པའི་ཁ་པར་དང་གློག་ཀླད་ཀྱི་གསང་ཚིག་ཡོངས་བརྗེ་དགོས་པ་སོགས་རྒྱའི་གསང་ཉུལ་བའི་རྗེས་འདེད་གཏོང་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་པའི་ལམ་སྟོན་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese