མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཤིས་དབང་ཕྱུག་ལགས་སུ་སླར་ཡང་འདྲི་རྩད་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཡུལ་ཤུལ་རྫོང་སྲིད་གཞུང་གི་མགོ་ཁྲིད་མི་སྣར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་རྗེས། ས་གནས་ཉེན་རྟོག་ཁང་གིས་ཁོང་ལ་འདྲི་རྩད་བྱས་ཡོད་པ་རེད།

ཁ་སང་ཕྱི་ཚེས་ ༡༨ ཉིན་བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ནས་སྒེར་གྱི་ཝེ་པོད་དྲ་ཚིགས་སྟེང་གནས་ཚུལ་སྤེལ་ཏེ།  ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བཀྲ་ཤིས་དབང་ཕྱུག་ལགས་རང་ཉིད་ཡུལ་ཤུལ་གྲོང་ཁྱེར་གྱི་གཙོ་འཛིན་ལས་ཁུངས་སུ་ཕྱིན་ནས། བོད་ཁུལ་དུ་ལས་བྱེད་གསར་འདེམས་ཀྱི་གཙོས་བོད་ནང་བོད་སྐད་བོད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་དང་སྐད་ཡིག་རྒྱུན་འཛིན་དགོས་སྐོར་གྱི་འབོད་སྐུལ་སླད་ཕྱིན་པ་བཀག་འགོག་དང་འབྲེལ། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཡུལ་ཤུལ་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་བཀྲ་ཤིས་དབང་ལགས་འབོད་འགུག་གིས་ཆུ་ཚོད་ ༣ ལྷག་རིང་འདྲི་རྩད་བྱས་ཡོད་སྐོར་བརྗོད་འདུག

སྐབས་དེར་རྒྱ་ནག་གི་ལས་བྱེད་པ་ཚོས། བཀྲ་ཤིས་དབང་ཕྱུག་ལགས་སུ། ཁྱེད་ལ་བོད་ཁུལ་གྱི་སྐད་ཡིག་ཐད་སེམས་ཁུར་བྱེད་པའི་འགན་དབང་དང་ཐོབ་ཐང་ག་འདྲ་སླེབས་བྱུང་ཞེས་དྲི་བ་འདྲ་མིན་དྲིས་ཡོད་ཅིང་། ཁོང་གིས་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐག་ཡིག་གི་ཆག་འཇིགས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་རང་བཞིན་གྱི་ཡོད་པ་དང་དེང་སྐབས་གཟའ་འཁོར་གཉིས་རེའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རེ་མེད་པར་འགྱུར་བཞིན་ཡོད་པ་སོགས་ཀྱིས་ལན་འདེབས་གནང་ཡོད་པ་མ་ཟད། རྒྱ་ནག་གི་ཉེན་རྟོག་པ་དང་ལས་བྱེད་དེ་དག་གིས་གོ་གནས་སྤྱད་དེ་མི་དམངས་ཀྱི་ཞུ་གཏུག་གིས་ཐོབ་ཐང་མེད་པར་བཟོས་ཏེ། བོད་ཀྱི་སྐད་ཡིག་ལ་སྣང་ཆུང་བྱེད་ཀྱི་ཡོད་སྐོར་སོགས་སྐྱོན་བརྗོད་བྱས་ཡོད་འདུག

ཡང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་ནས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྒེར་གྱི་ཝེ་པོད་དྲ་ཚིགས་སྟེང་རྩོམ་ཡིག་ཅིག་སྤེལ་བའི་ནང་། ང་ཚོས་ཇི་ལྟར་བྱས་ནས་བོད་ཀྱི་སྐད་དང་ཡི་གེ་ལ་སྲུང་སྐྱོབ་བྱེད་དགོས། མིག་སྔར་ང་ཚོས་མཐོང་ཆེན་བྱ་དགོས་པའི་གནད་དོན་ནི། བོད་རིགས་རང་སྐྱོང་ས་གནས་ཀྱི་གཞུང་ལས་པ་དང་དོན་ལས་སྡེ་ཁག་ནང་ལས་མི་གདན་ཞུ་བྱེད་སྐབས། བོད་ཡིག་གི་རྒྱུགས་ཤོག་སྤྱོད་མིན་དང་བོད་རིགས་རང་སྐྱོང་ས་གནས་ཀྱི་སྲིད་གཞུང་གི་སྡེ་ཁག་གམ་དངུལ་ཁང་དང་གློགའཕྲིན་འབྲེལ་འཕྲིན་སོགས་ནང་ཁུལ་དང་ཕྱི་རོལ་གྱི་ཡིག་ཆ་དང་གན་རྒྱ། ཡིག་ཚགས་སོགས་ཀྱི་རྒྱུ་ཆ་བོད་ཀྱི་ཡི་གེ་སྤྱོད་མིན། ཡང་ན་ལས་སྒོ་གཉེར་སྐབས་བོད་མི་ལ་བོད་སྐད་བཤད་མིན་དང་། བོད་རིགས་ས་ཁུལ་གྱི་སློབ་གྲྭའི་ནང་བོད་ཡིག་ལྷད་མེད་(རྩིས་རིག་དང་། རིག་ཚན། རང་བྱུང་ཚན་རིག་ཚན་ཁག་སོགས་བོད་ཡིག་ཐོག་ནས་སློབ་སྦྱོང་བྱེད་མིན)སྤྱོད་མིན་བཅས་ལ་བལྟ་དགོས།

སློབ་ཆེན་དུ་ད་ལྟའི་སྤྱི་ཚོགས་ལ་མཁོ་བའི་འབྲེལ་ཡོད་བོད་ཡིག་ཆེད་ལས་ཡོད་ལ་མེད། རང་ཉིད་ཀྱིས་བསམ་ན་གོང་གི་དེ་དག་ནི་བོད་ཡིག་དང་བོད་སྐད་ཀྱི་སྲོག་རྩ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་ནི་བོད་རིགས་རང་སྐྱོང་ས་གནས་ཀྱི་གཞུང་ལས་པ་དང་དོན་ལས་སྡེ་ཁག་མི་སྣ་གདན་ཞུ་ཡིག་ཚད་གཏོང་སྐབས་བོད་ཡིག་གི་རྒྱུགས་ཤོག་མེད་ན། བོད་རིགས་སློབ་མས་བོད་ཡིག་སློབ་སྦྱོང་བྱ་རྒྱུ་དོར་ནས། རྒྱ་ཡིག་མ་སྦྱོང་ཀ་མེད་བྱུང་ཡོད། ང་ཚོའི་མིག་སྔའི་ཡོངས་ཁྱབ་ཀྱི་འདུ་ཤེས་ནི། སློབ་གྲྭ་ཆེན་མོ་འགྲིམ་དོན་ནི་གཞུང་ཞབས་པ་དང་དོན་ལས་སྡེ་ཁག་ལ་རྒྱུགས་འཕྲོད་པའི་ཆེད་དུ་ཡིན་ཞིང་། ད་ལྟ་ང་ཚོས་བོད་རིགས་སློབ་གྲྭ་བ་ཧ་ཅང་མང་པོ་ཞིག་སློབ་ཆེན་ལོ་རིམ་དང་པོ་ནས་བཟུང་བོད་ཀྱི་ཡི་གེ་སྦྱོང་མྱོང་མེད་པས། ཁོ་ཚོའི་ད་ལྟའི་བོད་ཡིག་ཆུ་ཚད་ནི་བོད་ཡིག་གི་བརྡ་སྤྲོད་སོགས་བརྗོད་ནས་བོད་ཡིག་འབྲི་མི་ཤེས་པའི་གནས་སུ་སླེབས་འདུག

བོད་རིགས་རང་སྐྱོང་ས་གནས་ཀྱི་སྲིད་གཞུང་གི་སྡེ་ཁག་དང་དོན་ལས་སྡེ་ཁག་ནང་དུ་ལོ་ན་གཞོན་པའི་བོད་རིགས་ལས་བྱེད་པ་དང། ཐ་ན་ལོ་བཞི་བཅུ་ལྔ་བཅུ་ལོན་པའི་བོད་རིགས་ལས་བྱེད་པའི་ནང་དུའང་བོད་སྐད་བཤད་མི་ཤེས་པའི་བོད་རིགས་ཀྱི་གཞུང་དོན་བ་ཁག་གཅིག་ཡོད་པས། དེ་དག་ནི་བོད་ཀྱི་སྐད་དང་བོད་ཀྱི་ཡི་གེ་ཉམས་དམས་སུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་ང་ཚོས་ཤེས་དགོས། ཡུལ་ཤུལ་བའི་སློབ་གྲྭ་བཞིན་བོད་ཡིག་སྣ་གཅིག་ལས་སྦྱང་གི་མེད་པའི (རྩིས་རིག་དང༌། རིག་གནས་ཚན་ཁག་གམ་རིང་བྱུང་ཚན་རིག་ཚན་ཁག་བཅས་རྒྱ་ཡིག་གི་ཐོག་ནས་སློབ་སྦྱོང་བྱེད་ཀྱི་ཡོད། )སློབ་ཚན་གྱི་སློབ་ཁྲིད་བྱེད་སྟངས་དེས། དེང་སྐབས་བོད་ཀྱི་ཡི་གེ་དང་བོད་སྐད་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཐོན་མེད་པ་མ་ཟད། བོད་རིགས་སློབ་མ་ཁག་གཅིག་དབྱིན་ཡིག་འཛིན་གྲྭར་དབྱེ་ཡོད། ཁོང་ཚོ་ལ་ལ་ཞིག་གིས་བོད་ཀྱི་ཡི་གེ་སྦྱོང་གི་མེད། དེ་དག་གིས་བོད་ཀྱི་སྐད་དང་ཡི་གེ་ཉམས་རྒུད་ཇེ་མགྱོགས་སུ་བཏང་ཡོད། ལོ་བཅུ་ལྷག་ཙམ་སོང་རྗེས་བོད་ཀྱི་སྐད་དང་ཡི་གེ་དེ་བས་ཚབས་ཆེ་རུ་ཕྱིན་ཡོད། ཅེས་བརྗོད་འདུག

སྤྱིར་འདས་ལོའི་ཕྱི་ཟླ་ ༡ ཚེས་ ༡༤ ཉིན་བཙོན་གྲོལ་ཐོབ་པའི་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། ཕྱི་ལོ་ ༢༠༡༥ ཙམ་ནས་པེ་ཅིན་དུ་གནས་སྡོད་ནེའུ་ཡོག་དུས་བབ་ཡན་ལག་གི་གསར་འགོད་པར་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་སློབ་གསོ་རྩ་མེད་བཟོ་ཡི་ཡོད་པ་དང་། བོད་ཕྲུག་བྱིས་པའི་བོད་སྐད་ཡིག་གི་གནས་ཚད་ཉེན་ཚབས་ཅན་དུ་གྱུར་ཡོད་སྟབས། ངེས་པར་དུ་རྒྱ་ནག་གཞུང་གི་མི་རིགས་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་ནང་གསལ་ལྟར་བོད་སྐད་ཡིག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། གསར་ཁང་དང་ཁྲིམས་རྩོད་པ་སོགས་ལ་འབྲེལ་བ་བྱས་ཏེ་བོད་ཁུལ་གྱི་སློབ་གསོའི་དཀའ་ངལ་དྲིལ་བསྒྲགས་བྱེད་ཐབས་གནང་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་གསང་བའི་ཐོག་ནས་ཁོང་འཛིན་བཟུང་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༢༤ བར་ནང་མིར་ཤེས་རྟོགས་བྱུང་བཅུག་མེད་པ་མ་ཟད། ནང་མི་སྤུན་མཆེད་སོགས་ལ་ཐུག་ཏུ་མ་བཅུག་པར་བཀག་ཉར་བྱས་ཏེ་ལོ་ ༢ ལྷག་བཞག་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་དེས། རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག བཀྲ་ཤིས་དབང་ཕྱུག་ལགས་སུ་ལོ་ ༥ བཙོན་འཇུག་ཁྲིམས་བཅད་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese