མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ལ་གཞི་མེད་མཚན་དམོད་ཞུ་མཁན་ལ་གདོང་ལེན་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ ༸སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུ་མཁན་གང་ན་སུ་ཡོད་ལ་གདོང་ལེན་བྱ་རྒྱུའི་བཀའ་ཤག་གི་ལངས་ཕྱོགས་གཞིར་བཟུང་དགོས་ངེས་ཀྱི་བྱེད་ཐབས་རྩོམ་གྱི་ཡིན་པའི་སྔོན་བརྡ་གསལ་བསྒྲགས་བཏང་གནང་འདུག

ཁ་སང་ཕྱི་ཚེས་ ༡༩ ཉིན་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། རྒྱ་གཞུང་གིས་བོད་ཡུལ་བཙན་བཟུང་བྱས་ཏེ་མི་ལོ་༦༡ ལྷག་འདས་ཟིན་པའི་ད་ལྟའི་དུས་འདིར། བོད་ནང་འཆར་གཞི་ལྡན་པའི་སྒོ་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་གཏོར་གཏོང་བའི་སྲིད་ཇུས་གདུག་རྩུབ་ཅན་རྒྱུན་ཆགས་སུ་ལག་བསྟར་བྱེད་བཞིན་པ་དང་། བཙན་བྱོལ་ནང་བོད་མི་རྣམས་འཛམ་གླིང་ཡུལ་ལུང་བཅུ་ཕྲག་དུ་མའི་ནང་འཐོར་གྱར་དུ་སོང་སྟེ། དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་པའི་གདོང་ལེན་བྱེད་སྒོ་རུ་འཛིང་ནས་ཡོད་ནའང་། གཞིས་བྱེས་གཉིས་ཚེ་སྲོག་གི་ཕུང་པོ་གཅིག་ཏུ་དྲིལ་བའི་སྤུན་ཟླའི་འདུ་ཤེས་ཉམས་མེད་ཐོག སྤྱི་སྒེར་གྱི་ལས་དོན་ཅི་རིགས་ཐོག་ཁུར་འཁྲིའི་ལས་འགན་ངོས་འཛིན་འཕྱུགས་མེད་ཀྱི་སྒོ་ནས་རང་ནུས་རྩལ་སྤྲུགས་ཀྱིས་དཀའ་སྤྱད་འབད་འབུངས་ལྷོད་མེད་གནང་དང་གནང་བཞིན་པའི་ཚུལ་འདིར་བསམས་ན། གཞིས་ལུས་བོད་མི་རྣམས་ཀྱི་ལ་རྒྱའི་དབུ་འཕང་དགུང་ལ་འདེགས་པའི་སེམས་ཤུགས་ཀྱི་རྒྱབ་རྟེན་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྐྱ་སེར་ཕོ་མོ་ཐམས་ཅད་དམ་ཚིག་གཟོང་ཁ་གཅིག་ཏུ་བསྒྲིལ་ཏེ་སྤྱི་དོན་ཐོག་ནུས་པ་མཉམ་སྤུངས་བགྱིས་པའི་ཉེར་ལེན་གྱིས་ཡིན་པ་གོར་མ་ཆག་ཅིང་། མ་འོངས་པར་བོད་མི་ཐུན་མོང་གི་ཕུགས་དམིགས་སུ་གོམ་པ་མདུན་སྤོ་བྱེད་པའི་རྨང་གཞིའང་འདི་ཉིད་ཡིན་ངེས་པས། ང་ཚོས་ཆིག་སྒྲིལ་གྱི་སྟོབས་ཤུགས་འདིའི་དགེ་མཚན་རྣམས་དྲན་ཡུལ་ནས་ཡུད་ཙམ་ཡང་བརྗེད་མེད་སྙིང་བཅངས་དགོས་ངེས།

ཡིན་ནའང་། བློ་ཕྱི་གཏོད་བྱེད་མཁན་རེ་ཟུང་ཞིག་གིས་སྤྱི་ཚོགས་དྲ་ལམ་དུ་གཞི་མེད་དཀྲོག་གཏམ་དང་དཀྲུག་ཤིང་གིས་གཏམ་སྤྱོད་འདྲ་མིན་སྤེལ་བཞིན་པ་མ་ཟད། ཐ་ན་གཞིས་བྱེས་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་དང་མཚོན་རྟགས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལའང་ཟུར་ཟ་དང་། དམའ་འབེབས། མཚན་དམོད་ཀྱི་སྡིག་ལས་ཚབས་ཆེན་རྩོམ་པ་ནི། ཆོས་དང་འཇིག་རྟེན་གཉིས་ཐད་ནས་མ་རུང་བའི་ལས་ཡིན་པས། ངན་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་ནན་བརྗོད་བྱ་རྒྱུ། ཅི་སྟེ། དེ་དག་གིས་ད་དུང་མུ་མཐུད་༧གོང་ས་མཆོག་ལ་མཚན་དམོད་དང་། སྤྱི་ཚོགས་དཀྲུག་གཞིའི་གཏམ་སྤྱོད་སྤེལ་ཚེ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུ་མཁན་གང་ན་སུ་ཡོད་ལ་གདོང་ལེན་བྱ་རྒྱུའི་བཀའ་ཤག་གི་ལངས་ཕྱོགས་གཞིར་བཟུང་དགོས་ངེས་ཀྱི་བྱེད་ཐབས་རྩོམ་གྱི་ཡིན་པས། ཡོལ་རྒྱབ་ཀྱི་ངན་མཚང་བརྟོལ་བའི་རྗེས་འབྲས་རང་ཐོག་ཏུ་ལྷུང་སྐབས་ཀྱི་གནས་སྟངས་ཇི་འབྱུང་སྔོན་ཚུད་བསམ་ཞིབ་ཐུབ་དགོས་པའི་སྔོན་བརྡ་གཏོང་གི་ཡོད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུས་པ་ཙམ་གྱིས་ཁོང་གི་མཚན་སྙན་ལ་གནོད་སྐྱོན་འགྲོ་གཞི་མེད་པ་ཀུན་གསལ་ཡིན་ནའང་། མགོན་པོ་གང་ལ་རེ་བའི་མིག་འབུར་གཏོད་མཁན་གཞིས་བྱེས་བོད་མི་དང་། མགོན་པོ་གང་ལ་དད་དམ་གཡོ་བ་མེད་པའི་རྗེས་འཇུག་པ་རྣམས་ཀྱི་སེམས་ཚོར་ལ་དོ་ཕོག་གཏོང་གི་ཡོད་པ་མ་ཟད། གནས་ཚུལ་རྒྱུས་ལོན་མེད་མཁན་ཚོར་དངོས་དོན་ཇི་བཞིན་རྟོགས་པར་འགོག་རྐྱེན་བཟོ་གི་ཡོད་པ་དང་། བོད་མིའི་གོང་བུའི་ནུས་པ་གཏོར་བཤིག་གཏོང་གི་ཡོད་པས་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་དཀྲོག་གཏམ་དང་དཀྲུག་ཤིང་གི་རྗེས་སུ་མི་འབྲངས་པ་དང་། ངན་གཡོའི་སྡིངས་ཆ་ཡ་མེད་དུ་འཇོག་སླད། གཞི་མེད་གཏམ་འཆལ་དེ་རིགས་ལ་ལྟ་ཉན་མི་བྱེད་པ་དང་། བརྒྱུད་བསྐུར་དེ་བས་ཀྱང་མི་བྱེད་པའི་ཆོད་སེམས་བཅངས་ཏེ་འཛིན་སྐྱོང་དང་འབྲེལ་བའི་དྲི་བ་དང་བློ་དོགས་རྣམས་བོད་མིའི་སྒྲིག་འཛུགས་ལ་ཐད་ཀར་འབྲེལ་གཏུགས་གནང་གལ་ཆེ་སྐོར་གསུངས་འདུག

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 5

  1. Asanga says:
    ལོ་ 5 སྔོན།

    བློ་ཕྱི་གཏོད་བྱེད་མཁན་རེ་ཟུང་ཞིག་གིས་སྤྱི་ཚོགས་དྲ་ལམ་དུ་གཞི་མེད་དཀྲོག་གཏམ་དང་དཀྲུག་ཤིང་གིས་གཏམ་སྤྱོད་འདྲ་མིན་སྤེལ་བཞིན་པ་མ་ཟད། ཐ་ན་གཞིས་བྱེས་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་དང་མཚོན་རྟགས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལའང་ཟུར་ཟ་དང་། དམའ་འབེབས། མཚན་དམོད་ཀྱི་སྡིག་ལས་ཚབས་ཆེན་རྩོམ་པ་ནི། ཆོས་དང་འཇིག་རྟེན་གཉིས་ཐད་ནས་མ་རུང་བའི་ལས་ཡིན་པས། ངན་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་ནན་བརྗོད་བྱ་རྒྱུ། ཅི་སྟེ། དེ་དག་གིས་ད་དུང་མུ་མཐུད་༧གོང་ས་མཆོག་ལ་མཚན་དམོད་དང་། སྤྱི་ཚོགས་དཀྲུག་གཞིའི་གཏམ་སྤྱོད་སྤེལ་ཚེ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུ་མཁན་གང་ན་སུ་ཡོད་ལ་གདོང་ལེན་བྱ་རྒྱུའི་བཀའ་ཤག་གི་ལངས་ཕྱོགས་གཞིར་བཟུང་དགོས་ངེས་ཀྱི་བྱེད་ཐབས་རྩོམ་གྱི་ཡིན་པས། ཡོལ་རྒྱབ་ཀྱི་ངན་མཚང་བརྟོལ་བའི་རྗེས་འབྲས་རང་ཐོག་ཏུ་ལྷུང་སྐབས་ཀྱི་གནས་སྟངས་ཇི་འབྱུང་སྔོན་ཚུད་བསམ་ཞིབ་ཐུབ་དགོས་པའི་སྔོན་བརྡ་གཏོང་གི་ཡོད།

    Reply
  2. Thupten Tsephel says:
    ལོ་ 5 སྔོན།

    ༈ ནང་པ་མིན་པའི་རྒྱལ་ཁབ་ཡིན་ནའང་། མང་གཙོ་ཁ་ལ་འཁྱེར་ནས་གཞི་མེད་གང་བྱུང་བཤད་པ་ནི་མྱོན་པར་དང་། ཚུལ་མཐུན་མ་ཡིན་པར་རྩིས་བཞིན་ཡོད་ན། སངས་རྒྱས་པའི་རྗེས་འཇུག་ཚོས་མ་མཐར་འཇིག་རྟེན་ཡ་རབས་མ་རླག་པ་དགོས་གལ་ཆེ།

    Reply
  3. ཚེ་རིང་དངོས་གྲུབ། says:
    ལོ་ 5 སྔོན།

    སྤྱིར་སྐད་ཆ་གཤོད་ཆོག་པ་མང་གཙོའི་རང་དབང་གི་མངོན་རྟགས་རེད་དེ། བདེན་པ་མིན་པ་དང་། དེའི་ཁ་ལ་ཟུར་ཟ་ལ་སོགས་པ་བྱས་ན་མང་གཙོ་དང་རང་དབང་ལ་བེད་སྤྱོད་བྱེད་སྟངས་ནོར་པ་རེད། དེས་མ་ཟད་རང་དབང་དགོས་ན་འགན་འཁུར་ཤེས་པ་དགོས་ཀྱི་ཡོད་རེད། སྒེར་གྱི་བསམ་ངན་གྱི་ཐོག་ནས་སམ། དགྲ་བོའི་ངན་བརྔན་ནམ་ལྐོག་ཟ་བཟས་ནས་ཁུངས་ལུང་མེད་པའི་གཏམ་ངན་བཤད་ན་རང་དབང་གི་བེད་སྤྱོད་ངན་པ་ཡིན་པས་དེ་ལ་གདོང་ལེན་གནང་དགོས་པའང་མང་གཙོའི་ལམ་ལུགས་ཡང་དག་པ་ཡིན་པས་དེ་ལ་ཞལ་ལན་གནང་གི་ཡིན་གསུངས་པར་ཐུགས་རྗེ་ཆེ་གནང་ཞ་རྒྱུ་ཡིན།

    Reply
  4. རྣམ་རྒྱལ། says:
    ལོ་ 5 སྔོན།

    དམངས་གཙོ་ཅན་གྱི་སྤྱི་ཚོགས་ཞིག་ཡིན་ན། ཆོས་སམ་སྲིད་ཀྱི་དབུ་འཁྲི་ལ་མཚན་དམོད་དམ་སྐྱོན་བརྗོད་འདི་འདྲ་ཡོང་ངས་ཡིན། དེ་ནི་དམངས་གཙོ་ལམ་ལུགས་ལག་བསྟར་བྱེད་དུས་ཆེས་རྒྱུན་ལྡན་གྱི་གནས་སྟངས་ཞིག་རེད། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། མཚན་དམོད་ཞུས་མཁན་མི་ངན་དེ་ཚོས་སྐབས་རེ་ཁོ་ཚོར་རང་དབང་མི་འདུག་ཟེར། དོན་དངོས་ལ་ཁོ་ཚོས་འདི་ལྟར་འཛེམ་དོགས་ཅི་ཡང་མེད་པར་གོང་ས་མཆོག་ལ་མཚན་དམོད་ཞུས་ཐུབ་པ་དེ་ནི། ང་ཚོའི་སྤྱི་ཚོགས་འདི་རང་དབང་ཡོད་པའི་རྟགས་མ་ཡིན་ནམ། ང་ཚོས་ཡང་གཏམ་བརྗོད་རང་དབང་བེད་སྤྱད་ནས་ཁོ་ཚོར་སྐྱོན་བརྗོད་དང་དགག་ལན་སློག་ཆོག དེ་ལ་ཧང་སང་དགོས་པ་གང་ཡང་མེད་དོ།

    Reply
    • འབྲོ་བཟའ་ཁྲི་མ་ལོད། says:
      ལོ་ 5 སྔོན།

      རང་གི་བརྗོད་པ་ལ་བལྟས་ན་ཕལ་ཆེར་མང་གཙོའི་དོན་དག་ཡང་དག་པ་ཞིག་ཤེས་ཀྱི་ཡོད་བཟོ་མི་འདུག དེ་ལས་ལྡོག་ཏེ་རང་གི་མང་གཙོའི་དོན་ནི་རང་དགའ་ཕྱོགས་ལྷུང་ཅན་གྱི་ཆོལ་སྨྱོན་ནམ། རྒྱའི་ཕོགས་གཟན་པ་སྐོར་ཞིག་གི་མང་གཙོའི་དོན་ལ་གོ་ཡི་འདུག གང་ལྟར་བཀའ་ཤག་སྐབས་གསར་པའི་ངོས་ནས་འདི་ལྟ་བུའི་གནད་དོན་ལ་མདའ་མོ་ཐད་ཀར་བཙུགས་པའི་བློ་སྤོབས་དང་ཆོད་སེམས་ལ་མངོན་པར་བསྟོད་དོ། ། བདེན་པ་རྒྱལ་ལོ། །དོན་དམ་པའི་མང་གཙོ་རྒྱལ་ལོ། །

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese