མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་ནས་བུད་མེད་རྣམས་ལ་གཞན་ཕན་གྱི་བསམ་བློ་ཡངས་པོ་ཡོད་པས་འཛམ་གླིང་ཞི་བདེ་ཡི་ལས་དོན་གོང་འཕེལ་དུ་གཏོང་བར་ཡིད་ཆེས་བརྟན་པོ་ཡོད་སྐོར་གསུངས་ཏེ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པར་འཚམས་འདྲིའི་གསུང་འཕྲིན་སྩལ་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌ་ཝི་ཊི་( David Sassoli ) མཆོག་ནད་གཞི་ཡི་རྐྱེན་པས་དགུང་ལོ་ ༦༥ སྟེང་སྐུ་གྲོངས་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་༡༩ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་མེལ་ཊ་( Malta ) ཡི་གྲོས་ཚོགས་འཐུས་མི་ལྕམ་སྐུ་རོ་བྷིར་ཊ ( Roberta Metsola) ལགས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་ཡོད་པ་ལྟར། ཁ་སང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་རོ་བྷིར་ཊ་ལགས་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ཏེ། མགོན་པོ་གང་ཉིད་དང་བོད་མི་རྣམས་ལ་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་གསུངས་པ་དང་འབྲེལ། ཁོང་མོའི་མ་འོངས་པའི་ལས་དོན་ཐམས་ཅད་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག

དེ་ཡང་གསུང་འཕྲིན་ནང་དུ་༸གོང་ས་མཆོག་གིས། ལྕམ་སྐུ་རོ་བྷིར་ཊ་ལགས་ནི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་ཤོས་དང་བུད་མེད་ཀྱི་ཚོགས་གཙོ་གསུམ་པ་ཆགས་ཡོད་ལ། ངོས་ནས་བུད་མེད་རྣམས་ནི་སྐྱེས་པ་ལས་ལྷག་པར་གཞན་ཕན་དང་སེམས་ཁུར་གྱི་འདུ་ཤེས་ཆེ་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་བུད་མེད་རྣམས་ནས་འཛམ་གླིང་ནང་སྔར་ལས་ལྷག་པའི་ཞི་བདེ་བསྐྲུན་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། ངོས་རང་འཛམ་གླིང་གི་རྒྱལ་ཁབ་ཕན་ཚུན་དབར་མཉམ་སྦྲེལ་དང་། གུས་བརྩི་སྔར་ལྷག་དགོས་པ་མཐོང་མཁན་ཞིག་ཡིན་སྟབས། རྒྱལ་ཁབ་དང་མི་རིགས་ཕན་ཚུན་བར་དུ་གཅིག་ཕན་གཅིག་གྲོགས་དང་མཉམ་འབྲེལ་གྱི་སྒོ་ནས་འཚོ་སྡོད་བྱེད་པའི་ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་ཁག་ལ་ཡིད་སྨོན་ཤོར་མྱོང་ཡོད། ཅེས་གསུངས་འདུག

ཡང་༧གོང་ས་མཆོག་གིས།  རྙོག་འཛིན་གྱིས་ཁེངས་པའི་འཇིག་རྟེན་འདིའི་ཁྲོད་དུ། ཕུགས་རྒྱང་རིང་པོར་བསམ་བློ་གཏོང་མཁན་གྱི་མགོ་འཁྲིད་ཅིག་མཁོ་ངེས་ཆེ་བའི་སྐབས་འདིར། ངོས་ནས་འགྲོ་བ་མིའི་བར་དུ་བྱུང་མུས་ཡིན་པའི་བཀའ་རྙོག་དེ་དག་ཕན་ཚུན་གུ་ཡངས་དང་འགྲིག་མཐུན་གྱི་ལམ་ནས་གྲོས་མོལ་ཡོང་རྒྱུར་ཡིད་ཆེས་བརྟན་པོ་ཡོད། ཅེས་གསུངས་འདུག

ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་ནས་ཕྱི་ལོ་ ༡༩༨༨  ལོར་བོད་རྒྱ་གཉིས་མོས་ཀྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་འཆར་བཏོན་ཡོད་པ་མ་ཟད།  གུ་ཡངས་དང་འགྲིག་མཐུན་གྱི་ཆོད་སེམས་དེའི་ཐོག་ནས་རྒྱ་ནག་དང་ལྷན་གཉིས་ཕན་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་སླད་དུ།   གཞུང་འབྲེལ་ཐོག་ནས་དམིགས་བསལ་ཡུ་རོབ་གྲོས་ཚོགས་བདམས་པ་ཡིན། ཞེས་གསུངས་སོང་།

ད་ལྟ་དགུང་ལོ་༤༣ ཡིན་པའི་ལྕམ་རོ་བྷི་ཊ་ལགས་ནི་ཡུ་རོབ་ཀྱི་རྒྱལ་ཁབ་ཆུང་ཤོས་གྲས་མེལ་ཊ་ ( Malta) ནས་ཡིན་ཞིང་། ཁོང་མོ་ནི་ཕྱི་ལོ་ ༢༠༡༣ ལོར་བདམས་ཐོན་བྱུང་བའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཐོག་མ་དེ་ཡིན་འདུག  ཕྱི་ལོ ༢༠༢༠ ལོར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་དུ་བདམས་ཐོན་བྱུང་རྗེས། ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་ཡོད་འདུག་ལ།  ཁོང་མོ་ནི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་ཤོས་དང། མེལ་ཊ་རྒྱལ་ཁབ་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་བྱེད་མཁན་ཐོག་མ་དེའང་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༣ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese