མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟི་ལིང་དུ་བཙན་ཁྲིད་བྱས་པའི་ལམ་གྲོན་ཡང་སྤྲོད་དགོས་པའི་བཀའ་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

མགོ་ལོག་རྨ་སྟོད་རྫོང་སྐྱ་རིང་གྲོང་སྡེ་བ་ནས་ཡིན་པའི་རང་ལོ་ ༢༣ ཅན་བློ་བསྟན་ཞེས་པའི་མཐར་ཕྱིན་སློབ་མ་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཟླ་གཅིག་ལྷག་འགྲོ་བཞིན་ཡོད་ཀྱང་གང་དུ་བཀག་ཉར་བྱས་ཡོད་མེད་དང་གནས་སྟངས་ག་འདྲ་ཡོད་སོགས་ད་དུང་ཤེས་རྟོགས་མ་ཐུབ་པར་ལྷག་འདུག

Students attend class at Lhasa Naqu Second Senior High School in Lhasa. © Reuters

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་དབྱེ་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་གི་ས་གནས་ཉེན་རྟོག་པས་བོད་རིགས་མཐར་ཕྱིན་སློབ་མ་བློ་བསྟན་ཞེས་པ་ཞིག་འཛིན་བཟུང་བྱས་ཏེ་ཟི་ལིང་གྲོང་ཁྱེར་དུ་བཙན་འཁྲིད་བྱས་ཡོད་པ་ལྟར། བོད་གནས་ལྟ་ཞིབ་ཁང་གིས་དེའི་གནས་ཚུལ་སྤེལ་བ་ལྟར་ན། ཟླ་དེའི་ཕྱི་ཚེས་ ༢༠ ཉིན་ཁོང་གི་ཁྱིམ་མི་ཚོར་བརྡ་ལན་བསླེབས་ཏེ་བློ་བསྟན་ཟི་ལིང་དུ་བཀག་སྟེ་སློབ་གསོ་སྤྲོད་བཞིན་ཡོད་པས་ཟ་ཆས་དང་མཁོ་དངོས་རིགས་སྐྱེལ་དགོས་ལུགས་བརྗོད་ཡོད་པ་མ་ཟད། ཟི་ལིང་དུ་བཙན་འཁྲིད་བྱས་པའི་ལམ་གྲོན་དུ་རྒྱ་སྒོར་ ༢༠༠ སྤྲོད་དགོས་པའི་བཙན་བཀའ་བཏང་ཡོད་འདུག

བློ་བསྟན་ལགས་ཀྱི་འབྲེལ་ཡོད་ཅིག་གིས་བརྗོད་པ་ལྟར་ན། བློ་བསྟན་ལགས་ཀྱིས་ཁྲིམས་འགལ་གྱི་ལས་ཀ་གང་ཡང་བྱས་མེད་ཀྱང་། སྐད་འཕྲིན་ཚོགས་པ་ཞིག་ཏུ་བོད་ནང་གི་སློབ་གྲྭ་ཁག་ཏུ་བོད་སྐད་བོད་ཡིག་གི་ཚབ་ཏུ་རྒྱ་སྐད་རྒྱ་ཡིག་སློབ་ཏུ་འཇུག་གི་ཡོད་པ་ནི། མ་འོངས་པར་བོད་ཀྱི་བྱིས་པ་ཚོར་རང་རང་གི་ཕ་སྐད་མ་ཡིག་དང་འབྲེལ་ལམ་རྩ་བ་ནས་མེད་པ་བཟོས་ཏེ། མ་འོངས་བོད་ཀྱི་བྱིས་པ་ཚོས་རང་རང་གི་ཕ་སྐད་མི་ཤེས་པ་ཞིག་བཟོ་ཐབས་ཡིན་སྐོར་བརྗོད་དེ། རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་གང་སར་སྤེལ་མུས་ཡིན་པའི་རྒྱ་སྒྱུར་སློབ་གསོ་ལ་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་རྐྱེན་ཡིན་སྲིད་སྐོར་བརྗོད་འདུག་ལ། ད་ལྟ་རང་ལོ་ ༢༣ ཡིན་པའི་མཐར་ཕྱིན་སློབ་མ་བློ་བསྟན་ལགས་ནི་རྒྱུན་དུ་བོད་སྐད་ཡིག་གིས་གཙོས་བོད་ཀྱི་རིག་གནས་ལ་དགའ་ཞེན་དང་ལག་བསྟར་རྒྱུན་སྐྱོང་བྱེད་མཁན་གྱི་གཞོན་ནུ་ཞིག་ཡིན་འདུག

ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༩ ཉིན་རྒྱ་ནག་ཤེས་རིག་ལྷན་ཁང་གིས་སྤྱི་ཡོངས་ནས་དུས་རབས་གསར་བའི་སྐད་ཡིག་ལས་དོན་གྱི་བསམ་འཆར་ཟེར་བའི་སྲིད་ཇུས་ཤིག་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ།  ཕྱི་ལོ་ ༢༠༢༥ ལོར་རྒྱའི་སྤྱི་སྐད་ཁྱབ་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༨༥ ཟིན་དགོས་ཡོད་སྐོར་བསྒྲགས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ཙམ་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་བྱིས་གཉོར་ཁང་ནས་བཟུང་རྒྱ་ཡིག་རྒྱ་སྐད་གཙོ་གཉེར་གྱི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་མ་ཟད། རྒྱའི་སྐད་ཡིག་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཕ་སྐད་མ་ཡིག་ཡིན་ཚུལ་གྱི་དྲིལ་བསྒྲགས་བྱས་ཏེ། སློབ་འཁྲིད་ཐབས་ལམ་གཉིས་པ་ཞེས་རྒྱ་ཡིག་རྒྱ་སྐད་ཀྱི་ཐོག་ནས་སློབ་འཁྲིད་བྱེད་པའི་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་བོད་ཁུལ་གང་སར་བཙན་འགེལ་བྱེད་ཀྱི་ཡོད་པ་ལྟར། འདས་པའི་ཟླ་ཤས་ནང་བྲག་མགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་པ་དང་། སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་གཙོ་བོར་གྱུར་བའི་མགོ་ལོག་ཁུལ་གྱི་སྒེར་བཙུགས་སློབ་གྲྭ་ཁག་ཅིག་སྒོ་རྒྱག་དགོས་པའི་གཞུང་འབྲེལ་བཀའ་རྒྱ་བསྒྲགས་ཡོད་པ་དང། སེང་འབྲུག་སྟག་རྩེའི་སློབ་གྲྭ་སྒོ་བརྒྱབ་པ་དང་སློབ་གྲྭ་དེའི་དགེ་རྒན་རིན་ཆེན་སྐྱིད་འཛིན་བཟུང་བཙན་འཁྲིད་བྱས། དེ་བཞིན་འདས་ལོའི་ཕྱི་ཟླ་ ༨ ཚེས་ ༡༤ ཉིན་རྔ་བ་རྫོང་སྤྲོ་ཚིགས་ཡུལ་ཚོ་རུ་རྒྱ་ནག་གཞུང་གིས་བོད་རིགས་ན་གཞོན་ཚོར་ཏང་ལ་དགའ་ཞེན་དང་བདེ་འཇགས་ལས་འགན་སློབ་གསོ་ཟེར་བའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཚོགས་འདུར་མ་ཞུགས་པའི་ཉེས་མིང་འོག སློབ་མ་ཤེས་རབ་རྡོ་རྗེ་ལགས་སོགས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese