མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་ཤུད་ལྷམ་གྱོན་ཏེ་པེ་ཅིན་ཨོ་རྩེད་ལ་ངོ་རྒོལ་གྱི་གོམ་བགྲོད་བྱེད་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

སུད་སིའི་ནང་གནས་སྡོད་གཞས་པ་བློ་བརྟན་རྣམ་གླིང་ལགས་ནས་གངས་ཤུད་ལྷམ་གྱོན་ཏེ་སྤྱི་ལེ་ ༩༠ མ་ཟིན་ཙམ་ལ་གོམ་བགྲོད་ཀྱིས་པེ་ཅིན་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ་དང་སུད་སིའི་རྩེད་འགྲན་པ་རྣམས་ཨོ་རྩེད་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་འབོད་སྐུལ་གནང་བཞིན་འདུག

རྒྱ་ནག་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན་སོགས་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་ལྟོས་མེད་ཀྱིས། ཡོང་རྒྱུའི་ཕྱི་ཟླ་ ༢ པའི་ཚེས་ ༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་འཚོག་རྒྱུར་གྲ་སྒྲིག་བྱེད་བཞིན་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༢༦ ཉིན་ནས་སུད་སིར་གནས་སྡོད་བོད་ཀྱི་གཞས་པ་བློ་བརྟན་རྣམ་གླིང་ལགས་ཀྱིས་པེ་ཅིན་དགུན་དུས་ཨོ་རྩེད་ལ་ངོ་རྒོལ་དང་། སུད་སིའི་རྩེད་འགྲན་པ་རྣམས་རྒྱ་ནག་གི་ཨོ་རྩེད་ནང་མི་ཞུགས་རྒྱུའི་དགོས་འདུན་འོག གངས་ཤུད་ལྷམ་གྱོན་དེ་སུད་སིའི་རྒྱལ་ས་བྷེན་ (Bern) ནས་རྒྱལ་སྤྱིའི་ཨོ་ལིམ་པིག་སྒྲིག་འཛུགས་ཡོད་སའི་གྲོང་ཁྱེར་ལོ་སན་(Lausanne) བར་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

ཁོང་གིས་རང་གི་ངོ་དེབ་ཐོག་ལས་འགུལ་གྱི་དགོས་འདུན་སྐོར་བརྗོད་དོན། དེ་རིང་ངས་སུད་སིའི་རྩེད་འགྲན་པ་རྣམས་པེ་ཅིན་གྱི་དགུན་དུས་ཨོ་རྩེད་ནང་མི་ཞུགས་རྒྱུའི་རེ་འདུན་འདོན་གྱི་ཡོད། གང་ཡིན་ཟེར་ན། རྒྱ་ནག་གིས་བོད་མི་སྟོང་ཕྲག་མང་པོ་དམར་གསོད་དང་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བཞིན་ཡོད། ཕྱི་ལོ་ ༡༩༣༦ ལོར་རྒྱལ་སྤྱིའི་ཨོ་རྩེད་སྒྲིག་འཛུགས་ཀྱིས། ཧིཊ་ལར་(Adolf Hitler)ལ་ཨོ་ལིམ་པིག་རྩེད་འགྲན་འཚོག་ཏུ་བཅུག་རྗེས། ཇེའུ་མི་རིགས་ས་ཡ་ ༦ ལྷག་དམར་གསོད་བཏང་ཡོད་པ་བཞིན། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ལ་ཨོ་ལིམ་པིག་འཚོག་ཏུ་བཅུག་རྗེས་བོད་མི་སྟོང་ཕྲག་མང་པོ་དམར་གསོད་དང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། ཅེས་དང་། རྩེད་འགྲན་པ་རྣམས་པེ་ཅིན་ཨོ་རྩེད་ནང་ཞུགས་པ་དེས། རྒྱ་ནག་གིས་བོད་མི་དང་ཧོང་ཀོང་བ། ཡུ་གུར་བ་བཅས་ལ་དྲག་གནོན་བྱེད་བཞིན་པར་རྒྱབ་སྐྱོར་བྱེད་པ་མཚོན་གྱི་ཡོད་སྐོར་སོགས་བརྗོད་འདུག

བློ་བརྟན་རྣམ་གླིང་ལགས་ཀྱིས་བོད་རང་བཙན་དང་རང་དབང་། པེ་ཅིན་ཨོ་རྩེད་ལ་ངོ་རྒོལ་ཞེས་པའི་ཚིག་འབྲུ་འཁོད་པའི་གངས་ཤུད་ལྷམ་ངོ་མ་ཞིག་དང་། གངས་ཤུད་ལྷམ་གྱི་མཇུག་དེར་ལྕགས་ཐག་གིས་རྒྱ་ནག་གི་རྒྱལ་དར་ས་ལ་དྲུད་དེ་གོམ་བགྲོད་བྱེད་བཞིན་ཡོད་ལ། ཁོང་གི་གོམ་བགྲོད་ལས་འགུལ་གྱི་རྒྱང་ཐག་སྤྱི་ལེ་ ༩༠ མ་ཟིན་ཙམ་དང་། དུས་ཡུན་བདུན་ཕྲག་འགའ་ཤས་འགོར་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༢ ཉིན་སུད་སིའི་བློན་ཆེན་ཁག་གི་ཚོགས་འདུའི་སྟེང་པེ་ཅིན་གྱི་ཨོ་རྩེད་ནང་བློན་ཆེན་གཅིག་གི་སྣེ་ཁྲིད་འོག་སྐུ་ཚབ་ཚོགས་ཆུང་ཞིག་བཅར་རྒྱུའི་ཐག་གཅོད་བྱས་ཡོད་ནའང་། ཁ་སང་ཕྱི་ཚེས་ ༢༦ ཉིན་སུད་སི་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། སུད་སིའི་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་དང་། རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་སྐབས་ནད་ཡམས་འགོག་སྡོམ་ཆེད། པེ་ཅིན་ལ་སླེབས་པའི་ཕྱིའི་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣ་ཕན་ཚུན་དབར་དང་། ལྷག་པར་དུ་རྩེད་འགྲན་པའི་ལྷན་དུ་ཐུག་འཕྲད་སོགས་བྱ་མི་ཆོག་པའི་སྒྲིག་གཞི་བཟོས་པའི་རྒྱུ་མཚན་གྱིས། སུད་སིའི་སྐུ་ཚབ་མི་སྣ་གཅིག་ཀྱང་པེ་ཅིན་ཨོ་རྩེད་ལ་དངོས་སུ་བཅར་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་འདུག

འདས་པའི་ཟླ་བ་འགའ་ཤས་ནང་ཨ་རི་དང་དབྱིན་ཡུལ། ཉི་ཧོང་གཙོས་པའི་དམངས་གཙོའི་རྒྱལ་ཁབ་མི་ཉུང་བས་རྒྱ་ནག་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན་བཅས་ནང་མི་རིགས་རྩ་མེད་དང་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་ཚབས་ཆེན་གཏོང་བཞིན་པར་ངོ་རྒོལ་ཆེད། རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་མི་སྣ་དང་གཞུང་འབྲེལ་སྐུ་ཚབ་རྣམས་པེ་ཅིན་དུ་མངག་གཏོང་བྱ་རྒྱུ་མིན་པའི་ཐག་གཅོད་བླངས་ཡོད་པ་ལྟར། ཁ་སང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཡུ་རོབ་ཀྱི་རྒྱལ་ཁབ་པོར་ཅུ་གྷལ་(Portugal) གྱིས་རྒྱུ་མཚན་འགའ་ཤས་ལ་བརྟེན་ནས་ཨོ་རྩེད་ཀྱི་དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོའི་སྟེང་རང་གི་ཆབ་སྲིད་སྐུ་ཚབ་མངག་གཏོང་བྱ་རྒྱུ་མིན་སྐོར་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese