མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རིགས་གངས་ཤུད་ལུས་རྩལ་བ་གཉིས་ཨོ་རྩེད་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གྲངས་ ༨ ཙམ་ལས་མེད་པའི་པེ་ཅིན་ཨོ་རྩེད་འགྲན་ཚོགས་ནང་བོད་ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་ནས་ཡིན་པའི་བོད་རིགས་གངས་ཤུད་ལུས་རྩལ་བ་དབྱངས་ཅན་ལྷ་མོ་དང་བོད་ནག་ཆུ་འབྲི་རུ་རྫོང་ནས་ཡིན་པའི་གངས་ཤུད་ལུས་རྩལ་བ་ཚེ་རིང་དགྲ་འདུལ་གཉིས་འགྲན་སྡུར་ནང་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

ཡོང་ལ་ཉེ་བའི་ཕྱི་ཟླ་ ༢ ཚེས་ ༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོག་གཏན་འཁེལ་བའི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་ཆེན་མོའི་ནང་། བོད་ཀྱི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་ནས་ཡིན་པའི་གངས་ཤུད་ལུས་རྩལ་བ་དབྱངས་ཅན་ལྷ་མོ་དང་། བོད་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ནས་ཡིན་པའི་ཚེ་རིང་དགྲ་འདུལ་གཉིས་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་པ་དང་། དེ་བཞིན་བོད་རིགས་ལུས་རྩལ་བ་གསུམ་ལ་ཚོད་ལྟའི་གངས་ཤུད་པ་དང་འགྲན་སྡུར་སྐབས་ཀྱི་ལག་རྩལ་མི་སྣ་སོགས་སུ་བདམས་ཡོད་འདུག

རྒྱ་ནག་གི་གཞུང་འབྲེལ་དྲ་བ་ཁག་ཏུ་གནས་ཚུལ་འཁོད་དོན་ལྟར་ན། ད་ལྟ་རང་ལོ་ ༡༨ ལ་སོན་པའི་དབྱངས་ཅན་ལྷ་མོ་ནི་རྐྱང་ལེབ་གངས་ཤུད་ལུས་རྩལ་བ་ཞིག་ཡིན་ཞིང་། ཁོང་མོས་ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨུ་རུ་སུར་འཚོགས་པའི་འཛམ་གླིང་གི་རྐྱང་ལེབ་གངས་ཤུད་འགག་གྲོལ་རྗེས་སྙེག་འགྲན་སྡུར་ (Snowboarding) ཐོག་རྒྱ་ནག་གི་རྩེད་འགྲན་པའི་ཁྲོད་གྲུབ་འབྲས་ཡག་ཤོས་བླངས་པར་བརྟེན། ད་ལན་དགུན་དུས་ཨོ་རྩེད་ནང་ཞུགས་རྒྱུའི་ཐོབ་ཐང་རག་པ་ཞིག་ཡིན་འདུག དབྱངས་ཅན་ལྷ་མོ་ནི་དེ་སྔ་བོད་རང་སྐྱོང་ལྗོངས་ཟེར་བའི་ལུས་རྩལ་ལག་རྩལ་སློབ་གྲྭ་ནས་རྐང་རྩེད་སྤོ་ལོའི་ཆེད་ལས་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ནའང་། ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་རིམ་པས་རྐྱང་ལེབ་གངས་ཤུད་ལུས་རྩལ་བ་ཞིག་ཏུ་གྱུར་ཏེ། རྒྱལ་སྤྱིའི་གངས་ཤུད་ལྷན་ཚོགས་ (International Ski Federation, FIS) ཀྱི་སྐར་གསོག་འགྲན་སྡུར་ནང་ཨང་གཉིས་པ་དང་། འདི་ལོར་ཨུ་རུ་སུར་འཚོགས་པའི་འཛམ་གླིང་གངས་ཤུད་འགྲན་བསྡུར་ཁྲོད་ཨང་ ༡༧ བླངས་ཡོད་པ་རེད་འདུག

རང་ལོ་ ༡༨ ཡིན་པའི་བྱེས་བགྲོད་གངས་ཤུད་ལུས་རྩལ་པ་ཚེ་རིང་དགྲ་འདུལ་ལྟ་བུར་མཚོན་ན། ཐོག་མར་ཕྱི་ལོ་ ༢༠༡༧ ལོར་གངས་ཤུད་དང་རི་འཛེག་གི་བོད་ལྗོངས་གཅིག་སྡུད་སྦྱོང་བརྡར་རུ་ཁག་དང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་རྒྱལ་ཡོངས་ཀྱི་གཅིག་སྡུད་རུ་ཁག་ནང་འཛུལ་ཡོད་འདུག འདས་ལོར་འཚོགས་པའི་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱེས་བགྲོད་གངས་ཤུད་ FIS ཡི་སྐར་གསོག་རིམ་གྲས་འགྲན་བསྡུར་ལས་ཨང་གཉིས་པ་གཅིག་དང་། ཨང་གསུམ་པ་གསུམ། ཨང་བཞི་པ་གཅིག་བཅས་བླངས་ཡོད་འདུག་ལ། ༢༠༢༡ ལོའི་ཡོ་རོབ་བྱང་མའི་གངས་ཤུད་འགྲན་བསྡུར་ཞིག་ནང་ཨང་དང་པོ་ཐོབ་ཡོད་འདུག

གཞན་ཡང་། པེ་ཅིན་གྱི་ཨོ་རྩེད་འགྲན་ཚོགས་ཐོག་བོད་རིགས་ལུས་རྩལ་བ་ཉི་མ་དབྱངས་ཅན་དང་། བསྟན་འཛིན་དབང་འདུས། རབ་རྒྱས་གསུམ་གྱིས་རྒྱ་ནག་ནང་ལོག་གི་རྩེད་འགྲན་ནང་གྲུབ་འབྲས་ལེགས་པོ་ཐོན་པའི་རྒྱུ་མཚན་གྱིས། ཉི་མ་དབྱངས་ཅན་ལ་རྐྱང་ལེབ་གངས་ཤུད་འགག་གྲོལ་རྗེས་སྙེག་གི་གཞུང་འབྲེལ་ཚོད་ལྟའི་གངས་ཤུད་པ་དང་། བསྟན་འཛིན་དབང་འདུས་དང་རབ་རྒྱས་གཉིས་ལ་བྱེས་བགྲོད་གངས་ཤུད་ཀྱི་གཞུང་ཕྱོགས་ལག་རྩལ་མི་སྣ་དང་། སྣེ་ཁྲིད་འདྲེད་ཤུད་པ། དེ་བཞིན་ལག་རྩལ་མི་སྣ་བཅས་བྱེད་བཅུག་ཡོད་འདུག

རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། མི་རིགས་རིག་གནས་དང་གཞི་རྩའི་རང་དབང་བཅས་རྩ་མེད་དུ་གཏོང་བའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པའི་ངོས་འཛིན་འོག ཨ་རི་དང་ཁེ་ན་ཌ། དབྱིན་ཇི། ཨོ་གླིང་དང་ཉི་ཧོང་སོགས་འཛམ་གླིང་རྒྱལ་ཁབ་ཆེ་ཆུང་ ༡༢ ལྷག་གིས་པེ་ཅིན་ཨོ་རྩེད་ལ་ངོ་རྒོལ་དང་གཞུང་འབྲེལ་མི་སྣ་མཉམ་ཞུགས་གནང་རྒྱུ་མིན་པའི་བསྒྲགས་གཏམ་སྤེལ་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་། 

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist