མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་ཟེར་བའི་གཟེངས་བསྟོད་སྤྲོད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

དཀར་མཛེས་ཁུལ་གྱི་དཔལ་ཡོན་དང་ཞི་མཐུན། བདེ་འཇགས་བཅས་ཀྱི་ཆེད་དུ་ཡིན་སྐོར་བརྗོད་དེ་ཁུལ་དེའི་དགོན་སྡེ་ཁག་ ༧༦ དང་གྲྭ་བཙུན་ ༨༡༣ ལ་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གཟེངས་བསྟོད་སྤྲོད་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག

བོད་ནང་གི་འཕྲིན་སྟེགས་སོགས་སུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བོད་དར་རྩེ་མདོ་རུ་ཆོས་ལུགས་མི་སྣའི་ཚོགས་འདུ་བསྡུས་ཏེ། དཀར་མཛེས་ཁུལ་གྱི་དཔལ་ཡོན་དང་ཞི་མཐུན། བདེ་འཇགས་བཅས་ཀྱི་ཆེད་དུ་ཡིན་སྐོར་བརྗོད་དེ་ཁུལ་དེའི་དགོན་སྡེ་ཁག་ ༧༦ དང་། གྲྭ་བཙུན་ ༨༡༣ ལ་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གཟེངས་བསྟོད་སྤྲོད་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག་ལ། ཚོགས་འདུ་དེའི་ཐོག་ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། དགོན་སྡེར་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྔོན་ཐོན་ལ་བསྔགས་བརྗོད་བྱེད་ཅིང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཚུལ་སོགས་བཤད་ཡོད་འདུག

བོད་ཀྱི་དགོན་སྡེ་དང་བླ་སྤྲུལ། དགེ་འདུན་པ་སོགས་ལ་རྒྱ་ནག་གཞུང་གིས་དཔེ་བཟང་ཟེར་བའི་གཟེངས་བསྟོད་བྱ་དགའ་སྤྲོད་པ་དེ་ནི་བོད་ས་ཡོངས་སུ་ལག་བསྟར་བྱེད་བཞིན་པའི་ཆབ་སྲིད་ཀྱི་ཐབས་ཇུས་ཤིག་ཡིན་ལ། ཕྱི་ལོ་ ༢༠༡༩ ལོར་ཆབ་སྲིད་ཐད་བློས་འཁེལ་ཆོག་པ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་ཟེར་བའི་ངོས་འཛིན་འོག བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་དགོན་སྡེ་ཁག་ ༤༩ ལ་དཔེ་བཟང་དགོན་སྡེ་དང་། གྲྭ་བཙུན་ ༤༡༣༠ དང་དགོན་སྡེའི་དོ་དམ་ལས་བྱེད་ ༡༤༠ ལ་དཔེ་བཟང་ཕུལ་བྱུང་གཟེངས་བསྟོད་བྱ་དགའ་ཟེར་བ་དེ་སྤྲད་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་གི་ལྟེ་བར་གྱུར་བའི་དགོན་སྡེ་ཁག་དང་ཆོས་ལུགས་ཀྱི་དབུ་འཁྲིད་མི་སྣར་རྒྱལ་གཅེས་ཆོས་གཅེས་ཟེར་བ་སོགས་ཀྱི་མིང་ཐོག་ནས་ཆོས་ལུགས་བྱེད་སྒོ་ཆེ་ཆུང་ཚང་མར་དམ་དྲག་དང་སྟངས་འཛིན་ནན་པོ་བྱས་དང་བྱེད་མུས་ཡིན་པ་ལྟར། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༠ ཙམ་ལ་རྒྱ་ནག་ཆོས་ལུགས་ལས་དོན་ཁང་གིས་དྲ་ལམ་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་སྟངས་འཛིན་བྱེད་ཕྱོགས་ཟེར་བའི་དོན་ཚན་ཆེན་པོ་ལྔ་ཅན་གྱི་ཁྲིམས་ཡིག་ཅིག་གཏན་འབེབ་ཟིན་ཏེ། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡ ཉིན་ནས་བཟུང་སྤྱི་ཚོགས་དྲ་ལམ་སོགས་ནས་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ་སྤེལ་བར་དམ་དྲག་ནན་པོ་བྱ་རྒྱུ་ཡིན་པའི་བཀའ་རྒྱ་བསྒྲགས་ཡོད་པ་བཞིན། ཉིན་ཤས་སྔོན་དུ་བོད་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་ཆོས་ལུགས་བྱེད་སྒོ་དང་འབྲེལ་བ་ཡོད་པའི་དྲ་ལམ་ཚོགས་པ་ཁག་ལ་བཀག་སྡོམ་ཞིབ་བཤེར་མགོ་འཛུགས་བྱས་ཟིན་ཡོད་ལ། རིམ་གྱིས་བོད་ཁུལ་ཡོངས་ཀྱི་ཚོགས་དྲ་ལམ་ནང་ཆོས་ངོ་སྤྲོད་དང་གསུང་ཆོས་གནང་བ་སོགས་ལ་བཀག་སྡོམ་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist