མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་བདུན་ཕྲག་ནང་བོད་མི་ ༤༡༤ ལ་ཏོག་ནད་འགོས་ཡོད་འདུག 

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་བོད་མིའི་ནང་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་མཁན་མང་པོ་ཞིག་ཟུར་བཀག་ཏུ་མ་བསྡད་པར་མི་མང་འདུ་འཛོམས་བྱེད་ས་ཁག་ཏུ་འགྲོ་ཡི་ཡོད་པས་རང་གཞན་ཚང་མའི་འཕྲོད་བསྟེན་སླད་ངེས་པར་དུ་ཟུར་བཀག་ལ་སྡོད་དགོས་པའི་རེ་སྐུལ་གནང་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༩༦   བ་སྤེལ་སྐབས། འདས་པའི་བདུན་ཕྲག་གཅིག་ནང་ཏོག་དབྱིབས་ནད་པ་གསར་པ་  ༤༡༤  བྱུང་ཡོད་པ་དང་།  བོད་མི་ ༡ འདས་གྲོངས་སུ་ཕྱིན། དེ་བཞིན་རྒྱ་གར་ནང་གི་ས་གནས་ཁག་ ༡༥ དང་བལ་ཡུལ་ནང་གི་ས་གནས་ ༤ ནང་རང་ཁྱིམ་དུ་ཟུར་བཀག་སྡོད་མཁན་བོད་མི་ ༥༧༡ དང་། ཚོགས་སྡེའི་ཟུར་བཀག་ཁང་དུ་མི་གྲངས་ ༡༦༦ བཅས་ཁྱོན་ཟུར་བཀག་ཁང་དུ་བོད་མི་ ༧༣༧  ཡོད་འདུག

འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས། དབུས་བོད་མིའི་སྒྲིག་འཛུགས་སོགས་ཀྱིས་བོད་མི་ཚོར་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་ལམ་སྟོན་གནང་བ་བཞིན། རང་གཞན་ཚང་མའི་བདེ་འཇགས་སོགས་ཀྱི་སླད། དོགས་གཟོན་དང་ནད་ཡམས་ཀྱི་སྔོན་འགོག་ཐབས་ལམ་ལ་བསྟེན་དགོས་པ་དང་། བོད་མི་འདུས་སྡོད་ས་གནས་ཁག་དང་བོད་པའི་གཞིས་ཆགས་ཁག་ཏུ་ལོག་མཁན་རྣམས་ཀྱིས། རང་རེའི་སྤྱི་ཚོགས་སུ་ནད་ཡམས་ཁྱབ་གདལ་དང་བོད་མི་རྣམས་ལ་ནད་ཡམས་ཀྱི་དཀའ་ངལ་མི་འཕྲད་སླད་ཟུར་བཀག་ཏུ་སྡོད་དགོས། དེ་བཞིན་ཉེ་ལམ་ཏོག་དབྱིབས་ཀྱི་ནད་རྟགས་ཐོན་མཁན་མང་པོ་ཞིག་རང་ཁྱིམ་དུ་ཟུར་བཀག་ལ་མ་བསྡད་པར་མི་དམངས་འདུ་འཛོམས་བྱེད་ས་ཁག་ཏུ་སྐྱོད་ཀྱི་ཡོད་སྟབས། ཏོག་དབྱིབས་རིམས་ནད་འགོས་མཁན་ཚོས་རང་གཞན་ཚང་མའི་བདེ་འཇགས་དང་འཕྲོད་བསྟེན་གྱི་སླད་དུ། རང་གནས་སུ་ཟུར་བཀག་ལ་བསྡད་དགོས་པའི་རེ་སྐུལ་སོགས་གནང་སོང་།

གསར་འགོད་གསལ་བསྒྲགས་སྟེང་སྨན་པ་མཚམས་གཅོད་ལགས་ཀྱིས། རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་རིམས་ནད་ཁྱབ་གདལ་ཤུགས་ཆེན་ཕྱིན་ཏེ། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་མི་མང་ལ་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་སྟབས།  རྒྱལ་སྤྱིའི་སྤྱི་སྒེར་གྱི་ཚོགས་པ་མང་པོས་རིམས་ནད་ཁྱབ་གདལ་དུ་མི་འགྲོ་བའི་སླད་དུ་སྔོན་འགོག་གི་ཐབས་ལམ་ཁག་ལ་བསྟེན་མུས་ཡིན་པ་རེད།   རིམས་ནད་ཀྱི་འཇུག་སྒོ་ནི་ཁ་དང་རྣ་གཉིས་ཆགས་ཀྱི་ཡོད་པས། བོད་མི་ཚོས་ཁ་རས་ཡག་པོ་གྱོན་དགོས་པ་དང་། རིམས་ནད་ནི་མི་ནས་མི་བརྒྱུད་ནས་འགོས་ཁྱབ་བྱུང་གི་ཡོད་སྟབས། མི་དང་མིའི་བར་དུ་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བར་ཐག་བཞག་དགོས་པ་དང་། ལག་པ་སོགས་ཡང་ཡང་གཙང་སེལ་བྱ་དགོས་ཤིང་། ས་ཕྱོོགས་གང་སར་འགྲུལ་བཞུད་བྱས་ནས་བོད་མིའི་གཞིས་ཆགས་སོགས་སུ་ལོག་མཁན་རྣམས་ཀྱིས་ངེས་པར་དུ་ཟུར་བཀག་དང་བརྟག་དཔྱད་ལེགས་པོ་བྱ་དགོས་པའི་ལམ་སྟོན་སོགས་གནང་སོང་།

དེའི་རྗེས་སུ་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། བོད་མི་ཚོས་སྔོན་འགོག་སྨན་ཁབ་བརྒྱག་རྒྱུ་གལ་ཆེན་ཡིན་སྟབས། ངེས་པར་དུ་ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོོག་སྨན་ཁབ་བརྒྱག་དགོས་པ་དང་། བོད་མིའི་ཁྲོད་དུ་ད་དུང་འགོག་ཁབ་བརྒྱབ་མེད་རིགས་ཡོད་ཚེ་ནང་ཁུལ་དུ་རོགས་རམ་བྱས་ཏེ་ངེས་པར་དུསྔོན་འགོག་སྨན་ཁབ་རག་ཐབས་བྱ་དགོས་པ་དང་། དགུན་ཚོང་ཚར་ནས་གཞིས་ཆགས་ཁག་ཏུ་ལོག་མཁན་གྱི་བོད་མི་རྣམས་ཀྱིས་ས་གནས་ཁག་གི་ཏོག་དབྱིབས་རིམས་ནད་ཀྱི་སྒྲིག་ལམ་བཞིན་ཤར་སྐྱོད་བྱ་དགོས་པའི་ལམ་སྟོན་གནང་སོང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་མི་གྲངས་  ༨༣༧༧  བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༧༦༧༧ དང་། རྐྱེན་འདས་སུ་ཕྱིན་པ་  ༡༦༣། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་གྲངས་  ༥༣༧ ཡོད་འདུག

                                                                             གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༠ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༤ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༡༧ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese