མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་འཇིགས་མེད་ཐུབ་བསྟན་འཕྲིན་ལས་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ཏེ་ཐུགས་དམ་དུ་བཞུགས་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ ཡས་མས་སུ། ༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་འཇིགས་མེད་ཐུབ་བསྟན་འཕྲིན་ལས་དཔལ་བཟང་པོ་མཆོག་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་ཀྱི་རྡོ་གྲུབ་མཆོད་རྟེན་དགོན་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས་ཏེ་ཐུགས་དམ་དུ་བཞུགས་ཡོད་འདུག

འདི་གའི་གསར་འགོད་པར་རྡོ་གྲུབ་མཆོད་རྟེན་དགོན་གྱི་དགེ་བསྐོས་ཀརྨ་བསྟན་འཛིན་ལགས་ཀྱིས། རིན་པོ་ཆེ་མཆོག་ལ་སྐུའི་སྙུང་གཞི་གང་ཡང་མེད་པར་བདེ་བར་གཤེགས་ཏེ། ད་ལྟ་ཐུགས་དམ་དུ་བཞུགས་ཡོད་པ་དང་། སང་ཉིན་ཕྱི་ཚེས་ ༢༩ ཉིན་ནས་དགོངས་རྫོགས་ཀྱི་མཆོད་འབུལ་སྨོན་ལམ་འཚོག་རྒྱུ་ཡིན་སྐོར་བརྗོད་བྱུང་ལ། རྡོ་གྲུབ་མཆོད་རྟེན་དགོན་ཐེབས་རྩ་ནས་སློབ་འབངས་ཡོངས་ལ་གསལ་བསྒྲགས་ཤིག་གནང་བའི་ནང་དུ།  ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་ཐུགས་དམ་ནས་གྲོལ་གྱི་ཡོད་པས་ཕྱི་ཟླ་ ༢ ཚེས་ ༡ ནས་དད་ལྡན་སེར་སྐྱ་མི་མང་ལ་སྐུ་གདུང་མཇལ་ཁ་གནང་འཆར་ཡོད་འདུག

༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༢༧ ལོར་བོད་གསེར་རྟ་རྫོང་གསེར་ཁོག་ཏུ། ཡབ་རྗེས་དཀར་དགྲ་བླ་དང་ཡུམ་ཀ་ལི་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་ཅིང་། རྫོགས་ཆེན་རིན་པོ་ཆེ་མཆོག་ནས་རྡོ་གྲུབ་ཆེན་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་མཚན་ལ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་པོ་ཞེས་གསོལ་ཏེ། དགུང་ལོ་བཞིའི་ཐོག་གྲུབ་ཆེན་དགོན་དུ་གསེར་ཁྲིར་མངའ་གསོལ་མཛད།

རྒྱ་ནག་དམར་པོས་བཙན་འཛུལ་དང་སུན་གཙེར་གྱི་དབང་གིས་དགུང་གྲངས་ ༣༡ བཞེས་སྐབས་ཏེ། ཕྱི་ལོ་ ༡༩༥༧ ཟླ་ ༡༠ ཚེས་ ༡༢ ཉིན་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་སྒང་ཐོག་ཏུ་ཞབས་སོར་འཁོད་དེ། ཕྱི་ལོ་ ༡༩༦༠ ཟླ་ ༤ ཚེས་ ༢༦ ཉིན་ནས་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་གནང་བ་སོགས་བསྟན་འགྲོའི་དོན་དུ་སྐུ་ངལ་ཚད་མེད་བསྐྱོན་ཡོད་པ་མ་ཟད། འབྲས་ལྗོངས་སུ་རྡོ་གྲུབ་མཆོད་རྟེན་དགོན་ཕྱག་བཏབ་སྟེ་བཤད་སྒྲུབ་གཉིས་ཀྱི་སྡེ་གསར་འཛུགས་གནང་བ་དང་། རྒྱ་བལ་འབྲུག་གསུམ་གཙོ་བོར་གྱུར་བའི་ནུབ་ཕྱོགས་རྒྱལ་ཁབ་ཁག་མང་པོའི་ནང་ཆིབས་བསྒྱུར་གྱིས་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

ཆུ་ཚོད་ ༢༢ སྔོན་ལ།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese