མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་སེང་གྷ་ལའི་ནང་དུ་མཛད་འཕྲིན་སྐྱོང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་སིང་གྷ་ལའི་(Sri Lanka)ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ་ཡུལ་དེའི་ནང་པའི་བླ་ཆེན་རྣམ་པར་མཇལ་འཕྲད་དང་ནང་པའི་གནས་ཆེན་ཁག་ཏུ་གནས་མཇལ་སོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་འདུག

H.E. Ling Rinpoche was kindly invited for lunch with the most Venerable Makulewe Wimala Mahanayake Thero, Head of the Ramanna Order, in Meergama, Sri Lanka (28/01/2022). They enjoyed an enthusiastic discussion about Vinaya.
Photos by Tenzin Khentse

ཁ་སང་ཕྱི་ཚེས་ ༢༨ ཉིན་སིང་གྷ་ལའི་རྒྱལ་ཁབ་ནང་གི་ཆོས་བརྒྱུད་ཆེན་པོ་གསུམ་གྱི་ནང་ཚན་ (Amarapura Maha Nikaya) གྱི་དབུ་ཁྲིད་བླ་ཆེན་མཧཱ་ཀུ་ལེ་ཝེ་ཝི་མ་མ་ལ་མཧཱ་ནི་ཀ་ཡ་མཆོག་དང་མཇལ་འཕྲད་གནང་སྟེ། དུས་ཡུན་ཆུ་ཚོད་ ༡ ཙམ་གྱི་རིང་གཞི་གསུམ་གྱི་ཆོ་གའི་སྐོར་ལ་བཀའ་སྡུར་ལྷུགས་པོ་གནང་ཡོད་འདུག་ལ། འདི་ག་བོད་ཀྱི་དུས་བབ་གསར་འགོད་པས་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེའི་ཕྱག་མཛོད་བསྟན་འཛིན་མཁྱེན་བརྩེ་ལགས་སུ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས།  དེ་སྔ་ནས་གླིང་རིན་པོ་ཆེ་མཆོག་སིང་གྷ་ལའི་རྒྱལ་ཁབ་ཏུ་ཕེབས་རོགས་ཟེར་ནས་སྙན་གསེང་ཞུས་ཡོད་ཀྱང་། གླིང་རིན་པོ་ཆེ་མཆོག་ལ་ཕྱི་རྒྱལ་གྱི་ལུང་པ་གཞན་པ་མང་པོའི་ནང་མཛད་འཆར་མང་པོ་ཡོད་པ་དང་། ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་ཕེབས་ཐུབ་མེད་པ་རེད། ད་ལན་སིང་གྷ་ལའི་ནང་ནད་ཡམས་མེད་པ་དང་རྒྱ་གར་ནས་ཕྱིའི་རྒྱལ་ཁབ་ཀྱི་མི་ཡོང་ཆོག་པ་ཆགས་པར་བརྟེན་སིང་གྷ་ལའི་རྒྱལ་ཁབ་ནང་ཕེབས་ཡོད་པ་རེད། ད་ལན་ཕེབས་དོན་གཙོ་བོ་ནི། སིང་གྷ་ལ་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་ཞིང་རྒྱ་གར་གྱི་རྗེས་སུ་ནང་པའི་གནས་རྙིང་ཤོས་ཤིག་ཆགས་ཀྱི་ཡོད་རེད་ལ། ལོ་ངོ་སྟོང་ཕྲག་གཉིས་ལྷག་ཙམ་ཕྱིན་པའི་གནས་རྩ་ཆེན་པོ་མང་པོ་མཇལ་རྒྱུ་ཡོད་པ་མ་ཟད། ནང་པའི་རྒྱལ་ཁབ་འདིར་ཆོས་བརྒྱུད་ཆེན་པོ་གསུམ་ཡོད་པ་དང་ད་ལན་ནང་པའི་བླ་ཆེན་རྣམ་པར་མཇལ་འཕྲད་དང་བཀའ་སྡུར་བགྲོ་གླེང་གནང་བ། དེ་བཞིན་ཆོས་གསུང་འདོན་སོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པ་དང་། རིན་པོ་ཆེ་མཆོག་ཡུལ་དེའི་ནང་ཆིབས་སྒྱུར་བསྐྱངས་བ་ཐེངས་དང་པོ་ཆགས་ཀྱི་ཡོད་སྐོར་གསུངས་བྱུང་ལ། ཟླ་འདིའི་ཕྱི་ཚེས་ ༢༧ ནས་ཉིན་གྲངས་ ༡༠ ཙམ་རིང་རིན་པོ་ཆེ་མཆོག་ནས་ཡུལ་དེའི་ནང་མཛད་འཕྲིན་སྐྱོང་གནང་རྒྱུ་ཡིན་འདུག

H.E. Ling Rinpoche, reincarnation of the teacher of Dalai Lama reaches Sri Lanka

༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་སེང་གྷ་ལའི་རྒྱལ་ས་ཁོ་ལོམ་བྷོ་རྒྱལ་སྤྱིའི་གནམ་ཐང་ (Colombo International Airport) དུ་ཞབས་སོར་འཁོད་སྐབས། ཡུལ་དེའི་ཆོས་བརྒྱུད་ཆེན་པོ་ (Amarapura Maha Nikaya) སོགས་ཀྱི་སྐུ་ཚབ་དང་། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (International Buddhist Confederation) ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱིས་ཕེབས་བསུ་སྣེ་ལེན་ཞུས་ཡོད་པ་དང་། ཕྱི་ཚེས་ ༢༧ ཉིན་ཁོ་ལོམ་བྷོའི་ནང་ཡོད་པའི་ཆོས་བརྒྱུད་ཆེན་པོ་ (Amarapura Maha Nikaya) ཀྱི་ལྟེ་གནས་སུ་གཟིགས་སྐོར་དང་། ཆོས་བརྒྱུད་དེའི་བསྟན་བདག་ (Dodampahala Chandrasiri Mahanayake Thero) མཆོག་གི་དབུས་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་སྟེ་དམ་ཆོས་འདུལ་བའི་ཉམས་བཞེས་སྐོར་བགྲོ་གླེང་གནང་ཡོད་འདུག

༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་ཨ་རི་དང་ཁེ་ན་ཌ། ཨི་ཛི་རལ་ (Israel) དང་ཧོ་ལན་ཌི་ (Holland)། སི་པེན་ (Spain)། དབྱིན་ཡུལ་ (United Kingdom)། ཧྥ་རན་སི་ (France)། ཕྱི་སོག་ (Mongolia)། ཐའེ་ཝན་ (Taiwan)། ཉི་ཧོང་ (Japan)། ནེའུ་ཛི་ལན་ཌི་ (New Zealand)། ཨོ་སི་ཊོ་ལི་ཡ་ (Australia) དང་རྒྱ་བལ་གཉིས་སོགས་འཛམ་གླིང་རྒྱལ་ཁབ་ཁག་མང་པོའི་ནང་དུ་ཆིབས་བསྒྱུར་བསྐྱངས་ཏེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་དང་སྐྱོང་མུས་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༠ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༤ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༡༧ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 1

  1. asanga says:
    ལོ་ 4 སྔོན།

    ཆོས་བརྒྱུད་དེའི་བསྟན་བདག་ (Dodampahala Chandrasiri Mahanayake Thero) མཆོག་གི་དབུས་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་སྟེ་དམ་ཆོས་འདུལ་བའི་ཉམས་བཞེས་སྐོར་བགྲོ་གླེང་གནང་ཡོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese