མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱིམ་ཚང་གཅིག་གི་བཟའ་མི་ཚོས་པེ་ཅིན་ཨོ་རྩེད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དབྱིན་ཡུལ་དུ་གནས་སྡོད་བོད་པའི་ཁྱིམ་ཚང་ཞིག་གིས་དབྱིན་ཡུལ་གྱི་གྲོང་ཁྱེར་བྷ་ཐི ( Bath) ནས་མགོ་བཙུགས་ཏེ་ཁྲག་དྲི་བྲོ་བའི་རྩེད་འགྲན་མི་དགོས། འགྲོ་བ་མིའི་ཐོབ་ཐང་གཙུག་ཏུ་བཀུར་དགོས། མི་རིགས་རྩ་གཏོར་གྱི་རྩེད་འགྲན་ལ་ངོ་རྒོལ་ཡོད་ཅེས་པེ་ཅིན་ཨོ་རྩེད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག

ཁྱིམ་ཚང་དེའི་ཨ་མ་བསྟན་འཛིན་བཟང་མོ་ལགས་ཀྱིས་འདི་གའི་གསར་འགོད་པར་ལས་འགུལ་གྱི་དགོས་དམིགས་སོགས་ཀྱི་སྐོར་ངོ་སྤྲོད་གནང་སྐབས། ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་ཏུ་འཚོག་གྲབས་ཡོད་པའི་རྒྱལ་སྤྱིའི་ཨོ་ལིམ་པིག་གི་རྩེད་འགྲན་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་མི་མང་རྣམས་ཀྱིས་དགུན་དུས་ཨོ་རྩེད་གྱི་ཐད་གཏོང་ལ་མ་ལྟ་རོགས་ཞེས་རེ་སྐུལ་ཞུ་ཡི་ཡོད་པ་མ་ཟད། ལས་འགུལ་སྐབས་བོད་དོན་སྐོར་གྱི་ཡིག་ཆ་སོགས་བགོ་འགྲེམས་བྱེད་ཀྱི་ཡོད། ཅེས་དང་། ལས་འགུལ་དེའི་ནང་བསྟན་འཛིན་བཟང་མོ་ལགས་ཀྱི་བཟའ་ཟླ་དང་བུ་མོ་གཉིས་ཀྱིས་ཀྱང་མཉམ་ཞུགས་བྱེད་ཀྱི་ཡོད་ལ། དབྱིན་ཡུལ་གྱི་ན་གཞོན་ལོ་ཆུང་མང་པོ་ཞིག་གིས་བོད་དོན་ལ་དམིགས་བསལ་གྱི་དོ་སྣང་བྱས་ཏེ། ཡུལ་མི་མང་པོ་ཞིག་གིས་ཁྱིམ་ཚང་དེའི་ལས་འགུལ་ལ་བསྔགས་བརྗོད་དང་འབྲེལ། དགུན་དུས་ཨོ་རྩེད་ཀྱི་ཐད་གཏོང་ལ་བལྟ་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་སྐོར་བརྗོད་བྱུང་།

རྒྱ་ནག་ཏུ་འཚོག་འཆར་ཡོད་པའི་དགུན་དུས་ཨོ་ལིམ་པིག་གི་རྩེད་འགྲན་ལ་ངོས་ལེན་མེད་པའི་ངོ་རྒོལ་ལས་འགུལ་དེ་ནི་དབྱིན་ཡུལ་གྱི་གྲོང་ཁྱེར་བྷ་ཐི་( Bath) ནས་མགོ་བཙུགས་ཀྱིས། དེ་རིང་དབྱིན་ཡུལ་གྱི་གྲོང་ཁྱེར་ཁའེ་བྷེ་ཧྥུ (Cardiff) དང་རིམ་པས་གྲོང་ཁྱེར་( Bristol) སོགས་ཕྱི་ཚེས་ ༢ བར་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ་བྱེད་བཞིན་འདུག་ལ། ཁྱིམ་ཚང་དེས་ངོ་དེབ་ཐད་གཏོང་བརྒྱུད་ས་ཁུལ་ཁག་ཏུ་གནས་སྡོད་བོད་མི་ཚོས་ལས་འགུལ་དེར་མཉམ་ཞུགས་གང་མང་བྱ་རྒྱུའི་འབོད་སྐུལ་ཡང་བྱེད་ཀྱི་འདུག་ལ། ཨ་མ་བསྟན་འཛིན་བཟང་མོ་ལགས་ཀྱི་སྣེ་འཁྲིད་འོག ཕྱི་ལོ་༢༠༢༠ ཟླ་ ༨ ཚེས་ ༥ ནས་ཚེས་ ༡༠ བར།  རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར། ཧོང་ཀོང་མི་མང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་དང་བོད་དོན་གོ་རྟོགས་སྤེལ་ཆེད། དབྱིན་ཡུལ་གྱི་གྲོང་ཁྱེར་བྷི་རི་སི་ཊོལ་ (Bristol) ནས་རྒྱལ་ས་ལོན་ཊོན་ (London) བར་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་ཀྱང་སྤེལ་ཡོད་འདུག

རྒྱ་ནག་ཏུ་དགུན་དུས་ཨོ་ལིམ་པིག་འཚོག་པར་བདུན་ཕྲག་གཅིག་ལས་མེད་པའི་མཚམས་འདིར་བོད་པའི་ཚོགས་པ་ཁག་དང་མི་སྒེར་སོགས་ནས་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས ༢༨ ཉིན་དྷ་སར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་དྷ་སའི་དྷོ་ལ་དྷར་རི་ངོས་ཀྱི་གངས་ཁྲོད་དུ། བོད་དང་རྒྱ་གར་གྱི་རྒྱལ་དར་དང་འཕྲེད་དར་འཕྱར་ཏེ་རྒྱ་ནག་ཏུ་འཚོག་གཏན་ཁེལ་བའི་དགུན་དུས་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག་ལ། ཨོ་ལིམ་པིག་མ་འཚོག་གོང་གི་ཉིན་གཅིག་སྔོན་ཏག་ཏག་སྟེ་ཕྱི་ཟླ་ ༢ ཚེས་ ༣ ཉིན་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་དང་། ཡུ་གུར། ཧོང་ཀོང་གི་ལས་འགུལ་བ་སོགས་ཀྱིས་དུས་གཅིག་ཏུ་དགུན་དུས་ཀྱི་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་འཆར་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་དོགས་ཟོན་དང་དམ་དྲག་ཤུགས་ཆེན་འོག་པེ་ཅིན་ནི་འཛམ་གླིང་གི་ཨོ་ལིམ་པིག་རྩེད་འགྲན་ཐེངས་གཉིས་བསྡུ་ཡུལ་གྱི་གྲོང་ཁྱེར་དང་པོ་དེ་ཆགས་ཡོད་སྐོར་དང་། རྩེད་འགྲན་དེས་ཞི་བདེ་དང་མཉམ་གནས་མཐུན་སྒྲིལ་སོགས་མཚོན་གྱི་ཡོད་ཚུལ་དང་། མཛད་སྒོའི་ཐོག་མཛའ་མཐུན་འབྲེལ་བ་ཟབ་པའི་རྒྱལ་ཁབ་ཁག་གི་སྐུ་ཚབ་ཕེབས་ཀྱི་ཡོད་པའི་དྲིལ་བསྒྲགས་མང་པོ་བྱེད་བཞིན་ཡོད་པ་མ་ཟད། འདས་ལོར་རྒྱ་ནག་གཞུང་ཕྱོགས་ནས་ཨོ་ལིམ་པིག་ནང་མཉམ་ཞུགས་མི་བྱེད་མཁན་གྱི་རྒྱལ་ཁབ་ཁག་ལ་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡའང་བཏང་ཡོད་པ་རེད། འོན་ཀྱང་། ད་སྔ་བར་ཨ་རི་གཙོ་བྱས་པའི་ཁེ་ན་ཌ་དང་དབྱིན་ཇི། ཨོ་གླིང་དང་ཉི་ཧོང་། ཐའེ་ཝན་སོགས་འཛམ་གླིང་རྒྱལ་ཁབ་ཁྱོན་ ༡༢ ལྷག་གིས་རྒྱ་ནག་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན་བཅས་སུ་མི་རིགས་རྩ་མེད་དང་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་ཚབས་ཆེན་གཏོང་བཞིན་པར་ངོ་རྒོལ་གྱིས། རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་མི་སྣ་དང་གཞུང་འབྲེལ་སྐུ་ཚབ་རྣམས་པེ་ཅིན་དུ་མངག་གཏོང་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

ཆུ་ཚོད་ ༥ སྔོན་ལ།
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༦ སྔོན་ལ།
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

ཆུ་ཚོད་ ༦ སྔོན་ལ།
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese