མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་ཨོ་རྩེད་ཀྱི་རྩེད་འགྲན་པ་སོགས་མི་གྲངས་ ༣༠ ལྷག་ལ་ཏོག་དབྱིབས་འགོས་ཁྱབ་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ཆུ་ཚོད་ ༢༤ ནང་པེ་ཅིང་ཨོ་རྩེད་ནང་མཉམ་ཞུགས་བྱེད་མཁན་རྩེད་འགྲན་པ་སོགས་མི་གྲངས་ ༣༤ ཚུད་པའི་རྒྱལ་ཡོངས་ནང་ཏོག་དབྱིབས་ནད་པ་གསར་པ་ ༥༨ བྱུང་ཡོད་པ་དང་ལྷག་པར་དུ་ཉིན་གཅིག་ནང་པེ་ཅིན་གྲོང་ཁྱེར་ནང་ཏོག་དབྱིབས་ནད་པ་གསར་པ་ ༢༠ བརྒལ་བ་བྱུང་སྟེ་འདས་པའི་ཟླ་ ༡༨ རིང་གི་ནད་པའི་གྲངས་འབོར་མང་ཤོས་དེ་ཆགས་ཡོད་འདུག

ཁ་སང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཏུ་དགུན་དུས་ཨོ་ལིམ་ཕིག་རྩེད་འགྲན་འཚོག་པར་ཉིན་གྲངས་   ༢ ཙམ་ལས་མེད་པའི་སྐབས་འདིར། འདས་པའི་ཆུ་ཚོད་ཉེར་བཞིའི་ནང་རྒྱ་ནག་ཏུ་ནད་པ་གསར་བ་མི་གྲངས་ ༥༨  བྱུང་ཡོད་འདུག་ལ། སྤྱིར་བཏང་པེ་ཅིན་གྲོང་ཁྱེར་གྱི་གནད་འགག་ས་གནས་ཁག་ཏུ་ཐེམ་སྤང་བཀག་རྒྱ་བསྒྲགས་ཏེ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་ཀྱང་། ཚད་བཀག་ས་ཚིགས་ནང་རོལ་དུ་ཡོད་པའི་རྩེད་འགྲན་པ་དང་བྱེད་ལས་བཅས་མི་གྲངས ༣༤ ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་ཀྱང་།  རྒྱ་ནག་གཞུང་འབྲེལ་མི་སྣས་ཏོག་ནད་འགོས་པའི་ནད་པ་དེ་དག་གི་ཁྲོད་དུ་ཕྱི་ནས་ཡོང་བའི་རྩེད་འགྲན་པ་དང་གཞུང་འབྲེལ་མི་སྣ་ ༡༣ ཚུད་ཡོད་སྐོར་འགྲེལ་བརྗོད་པ་དང་སྦྲགས། ཏོག་དབྱིབས་རིམས་ནད་འགོས་པའི་རྩེད་འགྲན་པ་སོགས་ཟུར་བཀག་ཏུ་བསྡད་རིང་ཆུ་ཚོད་ ༢༤ ནང་ཚུད་དུ། ཏོག་དབྱིབས་རིམས་ནད་ཀྱི་བརྟག་དཔྱད་ཐེངས་གཉིས་བྱས་ཏེ། ཏོག་ནད་འགོས་མེད་པའམ་ནད་རྟགས་མེད་པའི་གྲུབ་འབྲས་ཐོན་མཚམས་ཚད་བཀག་ས་ཁོངས་སུ་འགྲོ་སྐྱོད་ཆོག་གི་ཡོད་ལུགས་དང་། ཕྱི་རྒྱལ་ཁག་གི་རྩེད་འགྲན་པ་སོགས་མཉམ་ཞུགས་བྱེད་མཁན་རྣམས་ཆེད་མངག་གནམ་གྲུ་བརྒྱུད་རྒྱ་ནག་ཏུ་བསླེབ་དགོས་པ།   ཕྱིར་མ་ལོག་བར་དུ་གོ་སྒྲིག་བྱས་པའི་ས་ཚིགས་ལས་བརྒལ་མི་ཆོག་པ་དང་། མགྲོན་ཁང་དང་རྩེད་འགྲན་ར་བའི་བར་དུ་སྐྱོད་སྐབས་ཨོ་རྩེད་གོ་སྒྲིག་ཚོགས་ཆུང་གི་རླངས་འཁོར་དང་མེ་འཁོར་མ་གཏོགས་གཞན་གང་གི་ནང་དུའང་སྐྱོད་མི་ཆོག་པ་སོགས་ཀྱི་སྒྲིག་གཞི་བཟོས་ཡོད་འདུག

པེ་ཅིང་གི་ཉེ་འཁྲིས་སུ་ཡོད་པའི་ཕིན་ཐའེ་( Fengtai) རྫོང་སོགས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་མང་པོ་བྱུང་ཡོད་སྟབས། རྒྱ་ནག་གཞུང་གིས་ཁུལ་དེའི་མི་གྲངས་ས་ཡ་གཉིས་ཙམ་ལ་རིམས་ནད་བརྟག་དཔྱད་བྱ་རྒྱུ་དང་། རྒྱ་ནག་གཞུང་གིས་རྒྱ་ནག་ཏུ་ཏོག་ནད་གཅིག་ཀྱང་མེད་པའི་སྲིད་ཇུས་ཀྱི་འོག་ནས་མི་དམངས་ཀྱི་འགྲོ་འདུག་སོགས་ཚོད་འཛོན་བྱེད་མུས་ཡིན་པ་ལྟར། རྩེད་འགྲན་པ་རྣམས་ཨོ་རྩེད་གོ་སྒྲིག་ཚོགས་ཆུང་གིས་བཀོད་སྒྲིག་བྱས་པའི་ས་ཚིགས་ལས་བརྒལ་ནས་འགྲོ་སྐྱོད་བྱ་མི་ཆོག་ཅིང་།  ཕྱི་ཟླ ༡ ཚེས་ ༡༩ ཉིན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རྩེད་འགྲན་པ་དག་རྒྱ་ནག་གི་སྒྲིག་ཁྲིམས་དང་འགལ་ཚེ་ཉེས་ཆད་གཅོད་རྒྱུ་མ་ཟད། ལུས་རྩལ་བ་ཚང་མའི་ཁ་པར་ནང་རྒྱ་ནག་གིས་བཟོས་པའི་མཉེན་ཆས་ཤིག་ཕབ་ལེན་བྱེད་དུ་བཅུག་སྟེ། ཁོང་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

པེ་ཅིན་ཨོ་རྩེད་འགྲན་ཚོགས་ཀྱི་གནས་ཚུལ་ལྟར་ན། རྩེད་འགྲན་དེ་ཟླ་འདིའི་ཕྱི་ཚེས ༤ ནས་ ༢༠ བར་འཛམ་གླིང་གི་རྩེད་འགྲན་པ་མི་གྲངས་ ༢༦༠༠ ལྷག་གིས་མཉམ་ཞུགས་བྱ་འཆར་ཡོད་སྐོར་དང་། རྩེད་འགྲན་མགོ་འཛུགས་ཐོག་འཛམ་གླིང་རྒྱལ་ཁབ་ ༣༢ གི་མགོ་ཁྲིད་ཚོས་མཉམ་ཞུགས་བྱ་རྒྱུ་ཡིན་ཚུལ་བསྒྲགས་འདུག་ཀྱང་། ད་སྔ་བར་ཨ་རི་གཙོ་བྱས་པའི་ཁེ་ན་ཌ་དང་དབྱིན་ཇི། ཨོ་གླིང་དང་ཉི་ཧོང་། ཐའེ་ཝན་སོགས་འཛམ་གླིང་རྒྱལ་ཁབ་ཁྱོན་ ༡༢ ལྷག་གིས་རྒྱ་ནག་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན་བཅས་སུ་མི་རིགས་རྩ་མེད་དང་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་ཚབས་ཆེན་གཏོང་བཞིན་པར་ངོ་རྒོལ་གྱིས། རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་མི་སྣ་དང་གཞུང་འབྲེལ་སྐུ་ཚབ་རྣམས་པེ་ཅིན་དུ་མངག་གཏོང་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༦ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༧ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༧ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese