མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་འཛིན་ཆོས་འཛིན་ལགས་ཀྱིས་སྤྱི་འཐུས་ཀྱི་ལས་འཁུར་དམ་བཅའ་ཕུལ།

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་བསྟན་འཛིན་ཆོས་འཛིན་ལགས་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་ཀྱི་ལས་འཁུར་དམ་བཅའ་ཕུལ།

Speaker Khenpo Sonam Tenphel of the Tibetan Parliament-in-Exile administering the oath of office to the new Parliament member Ms. Tenzin Choezin.

ཉེ་སྔོན་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་སྤྱི་འཐུས་ནས་རྩ་དགོངས་ཞུས་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཁང་དུ། དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་བསྟན་འཛིན་ཆོས་འཛིན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་མདུན་དུ་སྤྱི་འཐུས་ཀྱི་ལས་འཁུར་དམ་བཅའ་ཕུལ་སོང་ལ། དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་སྒུག་ཐོ་གཉིས་པ་སྤྱི་ཟུར་བསམ་གཏན་ཆོས་སྒྲོན་ལགས་དང་སྒུག་ཐོ་གསུམ་པ་བཅོ་ལྔ་ཚེ་རིང་ལགས་ཡིན་པ་རེད།

དམ་འབུལ་ཞུས་རྗེས་གསར་འགོད་པས་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་ཀྱིས་གསར་འགོད་པར། ཐོག་མར་ངའི་ངོས་ནས་བོད་མི་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། དེ་རིང་ང་རང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལ་འདེམས་བསྐོ་བྱུང་བ་དང་དམ་འབུལ་ཡང་ལེགས་པོའི་ངང་ནས་འགྲུབ་སོང་། སྤྱིར་བཏང་ང་རང་གི་འདས་པའི་སྤྱི་ཚོགས་ཞབས་ཞུའི་དུས་ཡུན་ནང་མངོན་འདོད་ཆེ་ཤོས་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ཞབས་འདེགས་ཀྱི་གོ་སྐབས་ཤིག་བྱུང་ན་བསམ་གྱི་ཡོད། དེར་བརྟེན་དེ་རིང་དངོས་སུ་འགྲུབ་པར་སེམས་སུ་དགའ་ཚོར་ཆེན་པོ་བྱུང་སོང་། དགའ་ཚོར་ཤུགས་ཆེན་པོ་བྱུང་དགོས་དོན་ནི་ང་རང་ལ་རྒྱབ་སྐྱོར་བ་དང་ཡིད་ཆེས་གནང་མཁན་མང་པོ་ཡོད་པ་དང་། ང་རང་གི་ནང་མི་ཕ་མ་གཙོས་པའི་གྲོགས་པོ་གྲོགས་མོ། དེ་བཞིན་ཁ་ཡོད་ལག་ཡོད་ཀྱིས་ཕྱག་རོགས་གནང་མཁན་མང་པོ་ཞིག་ཡོད། ད་དུང་ང་རང་ལ་འོས་འཕེན་མཁན་དང་བོད་མི་མང་པོའི་སྙིང་ཉེ་བོའི་ངང་ནས་ང་ལ་སློབ་གསོ་བསྐྱོན་པ་སོགས་ཀྱིས་དེ་རིང་དམ་འབུལ་ཞུ་དུས་སོ་སོར་དགའ་ཚོར་ཆེན་པོ་དང་གདེང་སྤོབས་ཆེན་པོ་སྐྱེས་སོང་ཞུ་ཡི་ཡིན། ཡིན་ནའང་། དམ་འབུལ་གྱི་ཚིག་རེ་རེ་འདོན་ཡོང་དུས་འཇིགས་སྣང་གི་ཚོར་བ་ཤུགས་ཆེན་པོ་བྱུང་སོང་། དེ་རིང་དམིགས་བསལ་སྤྱི་འཐུས་ལྷན་ཁང་ནང་གཞོན་པའི་ནང་ནས་ལོ་ཆུང་བ་ཞིག་ཆགས་ཀྱི་ཡོད་པས། ཉམས་མྱོང་གི་ཆ་ནས་སོ་སོས་ནུས་པ་སྤུངས་ཐུབ་རེད་པས་བསམ་ནས་དྲི་བ་བསླེབས་སོང་། ཡིན་ནའང་འདས་པའི་ལོ་ཤས་ནང་ཤེས་ཡོན་གང་སྦྱངས་པ་རྣམས་ལག་བསྟར་བྱེད་ཀྱི་ཡིན་བསམ་པའི་འདུན་པ་ཆེན་པོ་ཡོད། དེ་ཡང་ང་རང་སྤྱི་ཚོགས་ཞབས་ཞུའི་ནང་ནས་དམིགས་བསལ་བུད་མེད་ནུས་སྟོབས་གོང་འཕེལ། ན་གཞོན་ནུས་སྟོབས་གོང་འཕེལ་དང་རྩོད་རྙོག་འདུམ་འགྲིག་ཐད་ལ་ལས་ཀ་བྱ་རྒྱུའི་འདུན་པ་ཆེན་པོ་ཡོད། ད་དུང་བོད་མི་མང་གི་འཐབ་རྩོད་ནང་ལོགས་ལ་གལ་ཆེ་ཤོས་གཅིག་ཆབ་སྲིད་ལས་འགུལ་ཆགས་ཀྱི་ཡོད་རེད་དེ། ང་ཚོའི་སྤྱི་ཚོགས་ཡར་རྒྱས་འདིའང་གནད་འགག་ཆེན་པོ་མཐོང་གི་ཡོད། ཅེས་བརྗོད་སོང་།

The New member of Tibetan parliament-in-Exile Ms.Tenzin Choezin.

མ་འོངས་ལོ་ལྔའི་ནང་ནས་གནད་དོན་གཙོ་བོ་ག་རེར་ངོས་འཛིན་གྱི་ཡོད་སྐོར་ལ་བསྟན་འཛིན་ཆོས་འཛིན་ལགས་ཀྱིས། སྤྱིར་བཏང་སྤྱི་ཚོགས་ཡར་རྒྱས་ཟེར་བ་དེ་རྒྱ་ཆེན་པོ་རེད། ད་ལྟའི་གནས་སྟངས་ལ་ང་ཚོ་བོད་པའི་སྤྱི་ཚོགས་ནང་གཞོན་སྐྱེས་ཕྱག་ལས་མ་གནང་མཁན་གྱི་གྲངས་འབོར་དང་། གོ་སྐབས་མ་རག་པའི་དཀའ་ངལ་སོགས་སོ་སོའི་ལས་ཀའི་ཉམས་མྱོང་དེ་འདྲ་མང་པོ་བྱུང་ཡོད། དེར་བརྟེན་ན་གཞོན་ནུས་སྟོབས་གོང་འཕེལ་དེ་འདྲའི་ཐོག་ལ་ང་ཚོས་གྲོས་ཆོད་གྲོས་འཆར་འཁྱེར་ཡོང་བ་ཙམ་མིན་པར། སྤྱི་ཚོགས་ནང་འཐིམས་ནས་སོ་སོས་ལས་ཀ་བྱས་ཏེ་གནས་ཚུལ་ཤེས་རྟོགས་བྱ་ཐབས་དང་། དེ་ཚོ་མར་སྟོན་ཐུབ་པའི་ཐབས་ཤེས་བྱ་རྒྱུ་ཡིན་བསམ་པའི་བློ་དེ་འདྲ་ཡོད། ཅེས་བརྗོད་སོང་།

གཞན་ཡང་། བོད་ནང་གི་བོད་མི་ཚོར་བརྡ་ལན་ཅི་ཡོད་སྐོར་ལ་ཁོང་མོས། ང་ཚོ་བོད་པའི་གཞོན་སྐྱེས་མང་པོ་ཞིག་འོས་མིའི་ནང་ལངས་པ་ཙམ་གྱིས་བརྡ་ལན་ཤུགས་ཆེན་པོ་འགྲོ་ཡི་ཡོད་རེད་བསམ་གྱི་འདུག ང་ཚོ་དེ་ལ་བསླེབས་ནས་ལས་ཀ་བྱ་རྒྱུའི་འདུན་པ་ཡོད་ལ། ཁྱེད་ཚོས་སེམས་ཁྲལ་མ་གནང་། ང་ཚོའི་འཐབ་རྩོད་བརླག་ཡོད་མ་རེད། ང་ཚོ་བོད་མིའི་ནང་ནས་དམིགས་བསལ་གཞོན་སྐྱེས་དེ་ཚོ་རྒྱལ་སྤྱིའི་སྡིངས་ཆ་དང་། པེ་ཅིན་ཨོ་ལིམ་ཕིག་ཐོག་ལའང་ང་ཚོ་གཞོན་པ་མང་པོ་ཞིག་གིས་དཀའ་ལས་རྒྱག་གི་ཡོད་རེད། དེ་ཚོ་ཚང་མ་བརྡ་ལན་ཆེན་པོ་རེད་བསམ་གྱི་འདུག དེར་བརྟེན་ང་ཚོས་ནུས་པ་མཉམ་སྤུངས་བྱས་ཏེ་མདུན་ལ་ཤར་སྐྱོད་བྱ་དགོས་པ་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

བསྟན་འཛིན་ཆོས་འཛིན་ལགས་ནི་ཕྱི་ལོ་ ༡༩༩༢ ཟླ་ ༧ ཚེས་ ༢༧ ཉིན་རྒྱ་གར་དྷ་རམ་ས་ལར་སྐྱེས་ཤིང་། ཁོང་མོས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་གཞི་རིམ་སློབ་སྦྱོང་དང་གོ་པལ་པུར་བོད་ཕྲུག་ཁྱིམ་སྡེ་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས། རྒྱ་གར་གྲོང་ཁྱེར་ (Chennai) ནང་རྟེན་གཞི་བྱས་ཡོད་པའི་མ་དྷ་རཱ་སི་ཡེ་ཤུའི་མཐོ་སློབ་ (Madras Christian College) ནས་དབྱིན་ཡིག་རྩོམ་ཡིག་སྟེང་གཙུག་ལག་རབ་འབྱམས་པ་དང་། རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་ནི་རུ་གཙུག་ལག་སློབ་གཉེར་ཁང་ (JNU) ནས་དབྱིན་ཡིག་སྟེང་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། དེ་ནས་ཕྱི་ལོ་ ༢༠༡༦ ནས་ ༢༠༡༧ བར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཆར་འགོད་འགན་འཛིན་གནང་བ་དང་། ཕྱི་ལོ་ ༢༠༡༧ ནས་ ༢༠༢༠ བར་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པའི་ཁྱབ་ཁོངས་འོག་བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་འགན་འཛིན་གནང་། གཞན་ཡང་། བོད་མི་གནས་སའི་གཞིས་ཆགས་ཁག་ཏུ་ཐེངས་མང་ཆེད་བཅར་གྱིས་ན་གཞོན་ནུས་སྟོབས་གོང་སྤེལ་དང་ལས་འཚོལ་བའི་ནུས་རྩལ། ཕོ་མོ་འདྲ་མཉམ་སོགས་ཀྱི་སྐོར་ཟབ་སྦྱོང་དང་བགྲོ་གླེང་སོགས་ལས་གཞི་མང་པོ་བརྩམས་མྱོང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese