མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་ཨོ་རྩེད་ལ་བལྟ་རྒྱུ་མེད་པའི་འབོད་སྐུལ་ལས་འགུལ།

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་རྒྱ་ནག་གཞུང་གིས་པེ་ཅིན་ཨོ་རྩེད་སྒོ་འབྱེད་ཀྱི་དུས་སྐབས་དང་བསྟུན་ཏེ་བོད་དང་ཡུ་གུར་སོགས་ཀྱི་ལས་འགུལ་བ་རྣམ་པས་དྲ་ལམ་ནས་རྣམ་པ་མི་འདྲ་བའི་དགུན་དུས་ཨོ་རྩེད་སྒོ་འབྱེད་ཀྱི་མཛད་སྒོ་ཞིག་འཚོག་རྒྱུ་ཡིན་འདུག

སང་ཉིན་ཕྱི་ཚེས་ ༤ ཉིན་རྒྱ་ནག་པེ་ཅིན་དུ་དགུན་དུས་ཀྱི་ཨོ་ལིམ་ཕིག་རྩེད་འགྲན་མགོ་འཛུགས་རྒྱུ་ཡིན་པ་དང་བསྟུན། དེ་རིང་འཛམ་གླིང་གི་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་། ཡུ་གུར། ཧོང་ཀོང་བ། ཐའེ་ཝན་སོགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་མུས་ཡིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་རྟེན་གཞི་བཞུགས་སྒར་དྷ་རལ་ས་ལར་རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པས་མེག་གྷན་ཁྲོམ་གཞུང་དུ་ངོ་རྒོལ་ལས་འགུལ་སྤེལ་ཏེ། བོད་མི་གཙོས་པའི་འཛམ་གླིང་མི་མང་གིས་རྒྱ་ནག་གི་ཨོ་རྩེད་ལ་མི་གཟིགས་རྒྱུའི་རེ་སྐུལ་ཞུས་སོང་།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ཚན་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་འདི་གའི་གསར་འགོད་པར་ད་ལན་གྱི་ལས་འགུལ་སྐོར་ནས་འགྲེལ་བརྗོད་བྱས་དོན། དེ་རིང་རྒྱ་ནག་གི་ཨོ་རྩེད་འགོ་མ་ཚུགས་པའི་ཉིན་གཅིག་གོང་འདིར། དྷ་རམ་ས་ལ་ཙམ་མིན་པར་འཛམ་གླིང་གི་ས་ཕྱོགས་མང་པོའི་ནང་བོད་དོན་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་མང་པོས་ངོ་རྒོལ་གནང་བཞིན་པ་རེད། ད་ལན་ང་ཚོའི་ཐབས་ཤེས་གཙོ་བོ་ནི། སང་ཉིན་ཨོ་ལིམ་ཕིག་འགོ་ཚུགས་ཀྱི་ཡོད་ནའང། ང་ཚོས་དྲན་པ་བརྗེད་ཐབས་མེད་པ་དེ། རྒྱ་ནག་གིས་ད་བར་བོད་དང་མངའ་འོག་ཏུ་ཡོད་པའི་རྒྱལ་ཁབ་གཞན་ནང་སྲིད་ཇུས་ངན་པ་སྤེལ་ཏེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཅི་ཙམ་གཏོང་བཞིན་ཡོད་པ་གསལ་སྟོན་བྱ་རྒྱུ་རེད། ཅེས་དང་། ཡང་ཁོང་མོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་འདི་ལོའི་ཨོ་རྩེད་ལ་ཁ་གཏད་དང་གདོང་ལེན་ཇི་འདྲ་བྱེད་ཐུབ་ཡོད་མེད་སྐོར་ཁོང་མོས། ཕྱི་ལོ་ ༢༠༡༥ ལོར་རྒྱལ་སྤྱིའི་ཨོ་ལིམ་ཕིག་སྒྲིག་འཛུགས་ཀྱིས་འདི་ལོའི་ཨོ་རྩེད་དེ་རྒྱ་ནག་ལ་འཚོག་རྒྱུ་ཡིན་པ་གསལ་བསྒྲགས་བྱས་པའི་ཉིན་ནས་བཟུང་། ང་ཚོས་ཞུ་གཏུག་གིས་མཚོན་པའི་ལས་འགུལ་མང་པོ་སྤེལ་ཡོད་པ་དང་། དེ་སྔ་ང་ཚོས་དགུན་དུས་ཨོ་རྩེད་དེར་རྦད་དེ་མཉམ་ཞུགས་མི་བྱ་རྒྱུའི་འབོད་སྒྲ་བཏོན་ཡོད་ཅིང་། ད་ལྟའི་ཆར་ཨ་རི་དང་དབྱིན་ཇིས་མཚོན་པའི་རྒྱལ་ཁབ་མང་པོས་རང་གི་གཞུང་འབྲེལ་སྐུ་ཚབ་པེ་ཅིན་ཨོ་རྩེད་ནང་གཏོང་རྒྱུ་མིན་པའི་གསལ་བསྒྲགས་བྱས་པར་བརྟེན། དེས་རང་ཤུགས་ཀྱིས་ཁོང་ཚོས་རྒྱ་ནག་གི་སྲིད་ཇུས་ངན་པ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་བྱས་པ་མཚོན་གྱི་ཡོད་པ་དང་། དེ་ནི་ང་ཚོའི་རྒྱལ་ཁ་ལྟ་བུ་ཞིག་ཆགས་ཡོད། ཅེས་བརྗོད་བྱུང་།

ད་ལན་གྱི་ལས་འགུལ་བསྒྲགས་གཏམ་ནང་། ཕྱི་ལོ་ ༢༠༠༨ ལོའི་དབྱར་དུས་ཨོ་རྩེད་དེ་ཉིད་རྒྱ་ནག་ལ་འཚོགས་པ་དེས། རྒྱ་ནག་གཞུང་གི་སྲིད་དབང་འོག་ཡོད་པའི་མི་མང་རྣམས་ཀྱི་འགྲོ་བོ་མིའི་ཐོབ་ཐང་དང་འཚོ་གནས་ལ་མཐུ་ཕན་གང་ཡང་གསོས་མེད། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་ཨོ་རྩེད་དེ་ཉིད་རང་གི་སྲིད་ཇུས་ཁག་དྲིལ་བསྒྲགས་བྱེད་པའི་ལག་ཆར་བཀོལ་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོའི་ཨོ་རྩེད་རྗེས་སུ་བོད་ནང་གི་བོད་མིའི་རང་དབང་ལ་སྔར་བས་ཚོད་འཛིན་དང་དམ་དྲག་ཆེས་ཆེར་བྱུང་ཡོད། ཅེས་དང་། རང་གི་གཞུང་འབྲེལ་སྐུ་ཚབ་གཏང་འཆར་ཡོད་མེད་ལ་མ་ལྟོས་པར། རྒྱལ་ཁབ་ཚང་མས་ད་ལན་གྱི་གོ་སྐབས་འདི་བཟུང་ནས་རང་གི་རྩེད་འགྲན་པ་ཙམ་དུ་མ་ཟད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བ་རྣམས་ལ་རྒྱབ་སྐྱོར་བྱ་དགོས་པ་རེད། ཅེས་བརྗོད་འདུག

དེ་རིང་འཛམ་གླིང་ཡུལ་གྲུ་གང་སར་གནས་འཁོད་བོད་དང་། ཡུ་གུར། ཧོང་ཀོང་། ཐའེ་ཝན་བཅས་ཀྱི་ལས་འགུལ་བ་རྣམས་མཉམ་འབྲེལ་ཐོག་ནས་པེ་ཅིན་གྱི་ཨོ་རྩེད་ལ་ངོ་རྒོལ་བྱེད་བཞིན་ཡོད་ཅིང་། དགུན་དུས་ཨོ་རྩེད་དུ་སྒོ་འབྱེད་དེ་ཉིད་རྒྱ་ནག་གི་དགོང་མོའི་ཆུ་ཚོད་ ༨ པའི་ཐོག་པེ་ཅིན་གྱི་བྱེའུ་ཚང་ལུས་རྩལ་ར་བའི་ནང་འཚོག་རྒྱུ་ཡིན་པར་བརྟེན། སང་ཉིན་རྒྱ་གར་གྱི་ཕྱི་དྲོའི་ཆུ་ཚོད་ ༥ པའི་ཐོག་བོད་དང་ཡུ་གུར་སོགས་ཀྱི་ལས་འགུལ་བ་རྣམ་པས་དྲ་ལམ་སྟེང་ནས་རྣམ་པ་མི་འདྲ་བའི་དགུན་དུས་ཨོ་རྩེད་སྒོ་འབྱེད་ཀྱི་མཛད་སྒོ་ཞིག་འཚོག་རྒྱུ་ཡིན་འདུག

Gold medalist Tommie Smith (center) and bronze medalist John Carlos (right) showing the raised fist on the podium after the 200 m race at the 1968 Summer Olympics; both wear Olympic Project for Human Rights badges. Peter Norman (silver medalist, left) from Australia also wears an OPHR badge in solidarity with Smith and Carlos. Angelo Cozzi (CC0)

ད་ལྟའི་བར་ཨ་རིས་མཚོན་པའི་དམངས་གཙོའི་རྒྱལ་ཁབ་མི་ཉུང་བས་རང་གི་གཞུང་འབྲེལ་སྐུ་ཚབ་པེ་ཅིན་ཨོ་རྩེད་དུ་མི་གཏོང་རྒྱུའི་ཐག་གཅོད་གསལ་བསྒྲགས་བྱས་ཡོད་ནའང་། ཨོ་རྩེད་ནང་དངོས་སུ་མཉམ་ཞུགས་བྱེད་མཁན་གྱི་རྩེད་འགྲན་པ་སུ་གཅིག་གིས་ཀྱང་ཡོངས་གྲགས་ཐོག་ནས་ངོ་རྒོལ་བྱས་མེད་ལ། ཨོ་རྩེད་ནང་མི་ཞུགས་རྒྱུའི་གསལ་བསྒྲགས་བྱས་མེད་པ་རེད། དེའི་ཐོག་བདུན་ཕྲག་འགའ་ཤས་གོང་རྒྱ་ནག་གཞུང་གིས་པེ་ཅིན་ཨོ་རྩེད་ནང་ཞུགས་མཁན་ཚོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་གླེང་སློང་བྱས་ནས་ཁྲིམས་ཐོག་ནས་ཉེས་ཆད་གཅོད་རྒྱུའི་འཇིགས་སྐུལ་བྱས་ཡོད་པ་རེད། འོན་ཀྱང་། དེ་རིང་ཨ་རིའི་གསར་ཁང་ཆེ་གྲས་ཝ་ཤིང་ཊོན་ཆ་འཕྲིན་ནང་གནས་ཚུལ་ཐོན་གསལ་ལྟར་ན། འདས་པའི་ཟླ་བ་མང་པོའི་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྣེ་ཁྲིད་འོག་ལས་འགུལ་བ་རྣམས་ཀྱིས་ཨོ་ལིམ་ཕིག་རྩེད་འགྲན་པ་རྣམས་ལ་དངོས་སུ་ཐུག་འཕྲད་ཀྱིས་ཨོ་རྩེད་ལ་མཉམ་ཞུགས་མི་བྱ་རྒྱུ་དང་། གལ་ཏེ་བྱས་པའི་ཚེ་ནའང་སྒོ་འབྱེད་དང་མཇུག་བསྡོམས་མཛད་སྒོར་མི་བཅར་རྒྱུའི་འབོད་སྐུལ་ཞུས་པ་བཞིན། ད་ལན་ཉུང་མཐར་རྒྱལ་ཁབ་གཉིས་ཀྱི་རྩེད་འགྲན་པ་འགའ་ཤས་སང་ཉིན་གྱི་སྒོ་འབྱེད་ལས་རིམ་ཐོག་བཅར་རྒྱུ་མིན་པ་དང་། དེ་ནི་རྩེད་འགྲན་པ་རྣམས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་འོག་ཡོད་པའི་བོད་མི་དང་ཡུ་གུར། ཧོང་ཀོང་བ་བཅས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་མཚོན་དོན་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག་ལ། ད་ལྟའི་ཆར་རྒྱ་ནག་གཞུང་གི་ཉེན་བརྡ་དེར་བརྟེན་ནས་རྩེད་འགྲན་པ་སྒེར་ངོས་ནས་རང་གི་ངོ་རྒོལ་བྱ་དགོས་དོན་སོགས་དངོས་སུ་ཕྱིར་བསྒྲགས་བྱ་རྒྱུ་མིན་ནའང་། རྩེད་འགྲན་མཇུག་བསྒྲིལ་རྗེས་གསལ་བསྒྲགས་བྱ་འཆར་ཡོད་སྐོར་དང་། གཞན་ཡང་བོད་མི་ལས་འགུལ་བ་རྣམས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་བློ་འཚབ་ཡོད་པའི་རྩེད་འགྲན་པ་རྣམས་ལ་རྩེད་འགྲན་སྐབས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་ལག་ཆར་མི་འགྱུར་བའི་ཆེད་དུ་རྒྱ་ནག་གི་དཔོན་རིགས་ཀྱི་ལྷན་དུ་བརྙན་པར་བླང་རྒྱུ་མེད་པ་དང་། དེ་བཞིན་རང་གི་ཀློག་མི་ཐུབ་པའི་ཡིག་བྱང་གི་མདུན་དུ་པར་བླང་རྒྱུ་མེད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

ཨོ་རྩེད་ཀྱི་ལོ་རྒྱུས་ཁྲོད་དུ་རྩེད་འགྲན་པ་རྣམ་པས་ཨོ་རྩེད་ཀྱི་སྡིངས་ཆ་བེད་སྤྱོད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་ཆེད་དུ་ངོ་རྒོལ་བྱས་པའི་གནས་ཚུལ་མི་ཉུང་བ་བྱུང་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༡༩༣༦ ལོར་འཇར་མན་ནིར་ཚོགས་པའི་དབྱར་དུས་ཨོ་རྩེད་སྐབས་གསེར་གྱི་རྟགས་མ་ ༤ ལེན་མཁན་གྱི་མི་རིགས་ནག་པོ་ཡིན་པའི་ཨ་རིའི་རྩེད་འགྲན་པ་ཇེ་སི་ཨོ་ཝན་(Jesse Owens) གྱིས་སྐབས་དེའི་ཧིཊ་ལེར་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༡༩༦༨ ལོར་མེག་སི་ཁོར་འཚོགས་པའི་ཨོ་ལིམ་ཕིག་རྩེད་འགྲན་སྐབས་མི་རིགས་ནག་པོ་ཡིན་པའི་ཨ་རིའི་རྩེད་འགྲན་པ་ཊོ་མི་སི་མི་ཐི་(Tommie Smith) དང་ཇོན་ཀར་ལོ་སི་ (John Carlos) གཉིས་ཀྱིས་རྟགས་མ་ལེན་སྐབས་ལག་ཤུབ་ནག་པོ་གྱོན་པའི་ལག་པ་ཕྱར་ཏེ་མི་རིགས་དབྱེ་འབྱེད་ལ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་པོ་བསྟན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese