མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་ཞབས་པ་འཕར་མ་ ༢༢ བསྐོ་བཞག་གནང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་འདིའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཁག་གི་ནང་སྨན་པ་དང་དེ་བཞིན་ས་གནས་ཁག་ ༡༦ ལ་ཏོག་དབྱིབས་ཀྱི་ཆེད་དུ་སྨན་ཞབས་པ་འཕར་མ་ ༢༢ བསྐོ་བཞག་གནང་ཡོད་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༩༧ པ་སྤེལ་བའི་ནང་། འདས་པའི་བདུན་ཕྲག་གཅིག་ནང་ཏོག་དབྱིབས་ནད་པ་གསར་པ་ ༣༧༧ བྱུང་བ་དང་། བོད་མི་ ༡ འདས་གྲོངས་སུ་ཕྱིན། དེ་བཞིན་རྒྱ་གར་ནང་གི་ས་གནས་ཁག་ ༡༧ དང་བལ་ཡུལ་ནང་གི་ས་གནས་ ༢ ནང་རང་ཁྱིམ་དུ་ཟུར་བཀག་སྡོད་མཁན་བོད་མི་ ༤༩༧ དང་། ཚོགས་སྡེའི་ཟུར་བཀག་ཁང་དུ་མི་གྲངས་ ༡༣༡ བཅས་ཁྱོན་ཟུར་བཀག་ཁང་དུ་བོད་མི་ ༦༢༨ ཡོད་འདུག

འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས། བདུན་ཕྲག་འདིའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཁག་གི་ནང་སྨན་པ་དང་དེ་བཞིན་ས་གནས ༡༦ ལ་ཏོག་དབྱིབས་ཀྱི་ཆེད་དུ་སྨན་ཞབས་པ་འཕར་མ་ ༢༢ བསྐོ་གཞག་ཞུས་ཡོད་རེད། ད་ལྟའི་ཆར་ང་ཚོ་མི་མང་པོ་ཞིག་ཕྱི་ལོགས་ནས་སོ་སོའི་ས་ཆ་ལ་ལོག་བསྡད་པའི་གནས་སྟངས་ཆགས་ཡོད་པས། ང་ཚོའི་ངོས་ནས་གཟབ་གཟབ་གནང་རྒྱུ་གལ་ཆེན་པོ་རེད་འདུག དེ་ཡང་ཐོག་མར་བརྟག་དཔྱད་ག་པར་གནང་རུང་ཚད་ལྡན་ཞིག་ལ་བརྟག་དཔྱད་གནང་རོགས། རྒྱུ་མཚན་ནི་བརྟག་དཔྱད་བྱས་པའི་ལས་འགན་བསྒྲུབ་ཀྱི་ཡོད་རེད་དེ་། བརྟག་དཔྱད་སྤུས་དག་པོ་མ་བྱས་ཚེ་ན་ཚ་ཡོད་རུང་ཐོན་གྱི་མ་རེད། དེ་བཞིན་བརྟག་དཔྱད་བྱས་ནས་གྲུབ་འབྲས་མ་དོན་བར་དུ་རང་ཁྱིམ་དུ་ཟུར་བཀག་ལ་བཞུགས་དགོས་པ་དང་། ནད་རྟགས་ཡོད་ན་བརྟག་དཔྱད་ངེས་པར་དུ་་བྱེད་རོགས། ད་དུང་མི་ཚང་མས་ཕྱག་ལས་གནང་མཁན་ལ་རྒྱབ་སྐྱོར་གནང་གནང་དགོས་པ་དང་། ཕྱག་ལས་གནང་མཁན་ཚོས་ཀྱང་ནད་པ་རྣམས་རང་ཉིད་ཀྱི་ཕྲུ་གུ་ཡིན་བསམ་པའི་ཐོག་ནས་ཕྱག་ལས་གནང་དགོས་པའི་ལམ་སྟོན་གནང་སོང་།

གསར་འགོད་གསལ་བསྒྲགས་སྟེང་སྨན་པ་མཚམས་གཅོད་ལགས་ཀྱིས། འདས་པའི་ལོ་གཉིས་ལྷག་ཙམ་གྱི་རིང་ལ་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་འཛམ་བུ་གླིང་ཁྱོན་ཡོངས་ལ་ནད་གཞི་ཕོག་པའི་མི་གྲངས་ས་ཡ་ ༣༦༠ ཙམ་ཟིན་ཡོད་པ་རེད། ཉེ་བའི་ཆར་རྒྱ་གར་ནང་ཨོ་མི་ཁུ་རོན་གྱི་རྐྱེན་གྱིས་ནད་ཡམས་ཁྱབ་ཚད་མྱུར་པོ་ཕྱིན་ནས་མི་རྒན་གཞོན་བྱིས་པ་མང་པོ་ཞིག་ལ་ནད་གཞི་ཕོག་པའི་གྲངས་འབོར་མང་དུ་ཕྱིན་ཡོད་པས། ཚང་མས་གཟབ་གཟབ་གནང་རྒྱུ་གལ་ཆེན་པོ་རེད་འདུག དེ་བཞིན་ནད་ཡམས་ཁྱབ་གདལ་བཀག་འགོག་གི་ཆེད་དུ་སྔོན་འགོག་གི་ཐབས་ལམ་མུ་མཐུད་དུ་བསྟེན་པ་དང་། དམིགས་བསལ་གྱིས་གསོ་བ་རིག་པའི་ཐོག་ནས་ལུས་སེམས་ནུས་གསོའི་སྨན་བསྟེན་རྒྱུ་དང་། རྒྱུན་དུ་འཕྲོད་བསྟེན་གྱི་ཐོག་ལ་ཐུགས་སྣང་གནང་དགོས་པའི་ལམ་སྟོན་སོགས་གནང་སོང་།

དེའི་རྗེས་སུ་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། ཉེ་ཆར་ཨོ་མི་ཁུ་རོན་གྱི་ནད་འབུ་ཐོན་ནས་འཛམ་གླིང་ཁྱོན་ཡོངས་སུ་ཏོག་ནད་ཕོག་པའི་གྲངས་འབོར་མང་པོ་འཕར་ཡོད་རེད། འོན་ཀྱང་། ད་ལྟའི་ཆར་ནད་གཞི་ཕོག་པའི་གྲངས་འབོར་ཉུང་དུ་འགྲོ་ཡི་འདུག དེ་བཞིན་རྒྱ་གར་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་ཉུང་དུ་འགྲོ་ཡི་ཡོད་པའི་གནས་སྟངས་ཆགས་འདུག སྤྱིར་བཏང་ནད་པའི་གྲངས་འབོར་ཉུང་དུ་འགྲོ་ཡི་ཡོད་ཀྱང་སོ་སོའི་ངོས་ནས་མུ་མཐུད་དུ་གཟབ་གཟབ་གནང་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག སྔོན་འགོག་གི་ཐབས་ལམ་ཡག་ཤོོས་ནི་སྔོན་འགོག་གི་ཁབ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ད་ལྟའི་ཆར་སྨན་ཁབ་བསྐྱོན་མེད་པ་ཡིན་ན་ངེས་པར་དུ་བསྐྱོན་རོགས་གནང་། སྔོན་འགོག་ཁབ་བསྐྱོན་པས་ན་ཚ་ཛ་དྲག་པོ་མ་ཆགས་པ་དང་སྨན་ཁང་དུ་ཉལ་མི་དགོས་པའི་ཁེ་ཕན་ཡོད་པ་རེད། ད་དུང་སོ་སོར་ནད་རྟགས་ཐོན་པ་ཡིན་ན་ལྷོད་གཡེངས་མེད་པའི་ཐོག་ནས་བརྟག་དཔྱད་ངེས་པར་དུ་གནང་དགོས་པ་དང་། དགུན་ཚོང་ནས་རང་ཁྱིམ་དུ་ལོག་མཁན་དང་ཕྱི་ནས་རང་ཁྱིམ་དུ་གུང་གསེང་ལ་ཕེབས་མཁན་ལ་སོགས་པའི་བོད་རིགས་ཡོངས་ཀྱིས་སྔོན་འགོག་གི་སྒྲིག་གཞི་ལག་བསྟར་གནང་དགོས་པའི་ལམ་སྟོན་གནང་སོང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་མི་གྲངས་  ༨༧༥༤ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༨༢༣༥ དང་། རྐྱེན་འདས་སུ་ཕྱིན་པ་  ༡༦༤། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་གྲངས་  ༣༥༥ ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

ཆུ་ཚོད་ ༢༢ སྔོན་ལ།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

ཆུ་ཚོད་ ༢༤ སྔོན་ལ།
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese